ཕྱི་རྒྱལ་གྱི་སྨྱན་སྦྱོར་ཚན་པ་མང་པོ་ཞིག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཕོར་ཐིའུ་ཀལ་གྱི་རྐང་རྩེད་སྤོ་ལོའི་ལུས་རྩལ་པ་ཁེ་ལི་སི་ཏི་ཡ་ནུའོ•ལུའོ་ནའར་ཏུའོ་ཡི་ཏོག་གསར་ནད་དུག་ཞིབ་དཔྱད་ཚད་ལེན་བྱས་འབྲས་ལས་གདགས་གཤིས་(ནད་དུག་འགོས་ཟིན་པ།)མངོན་ཡོད་པ་རེད།
ཕོར་ཐིའུ་ཀལ་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་གཟའ་མིག་དམར་ཉིན་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཁེ་ལི་སི་ཏི་ཡ་ནུའོ•ལུའོ་ནའར་ཏུའོ་ཡི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་ཞིབ་དཔྱད་ཚད་ལེན་བྱས་འབྲས་ལས་གདགས་གཤིས་མངོན་ཡོད་ཅེས་བཤད་ཡོད།
གསལ་བསྒྲགས་ནང་། ཁེ་ལི་སི་ཏི་ཡ་ནུའོ•ལུའོ་ནའར་ཏུའོ་ཡི་གཟུགས་པོའི་གནས་ཚུལ་ཡག་པོ་ཡོད་པ་དང་། མིག་སྔར་གནས་སྐབས་ནད་རྟགས་ཐོན་མེད་ཅིང་། ལོགས་བཀར་ལྟ་ཞིབ་བྱེད་བཞིན་ཡོད་ཅེས་བཤད་ཡོད།
ཡིའུ་ཝུན་ཐུའུ་སི་རུ་ཁག་གི་ལོ་35ལ་སླེབས་པའི་གདོང་ལེན་པ་དེས་གཟའ་ཉི་མར་ཕོར་ཐིའུ་ཀལ་རྒྱལ་ཁབ་རུ་ཁག་གི་རུ་མིའི་ངོས་ནས་ཧྥ་རན་སིའི་རྒྱལ་ཁབ་རུ་ཁག་བར་གྱི་འགྲན་བསྡུར་ནང་ཞུགས་ཡོད་པ་རེད།