སྒོ་རའི་ནང་དུ་ལངས་ནས། ཤིང་སྡོང་གྲིབ་མའི་འོག་ནས་རྒྱང་ལྟ་བྱས་ཚེ་སྤྱི་ལེ་2ཙམ་གྱི་ས་ལ་ཆགས་ཅིང་བརྗིད་ཉམས་ལྡན་པའི་གུ་གེའི་རྒྱལ་ཁབ་ཀྱི་རྗེས་ཤུལ་མཐོང་ཐུབ། གུ་གེའི་རྗེས་ཤུལ་ནི་སྒང་འགོ་ཞིག་ཏུ་བསྐྲུན་ཡོད་ཅིང་། ལོ་རྒྱུས་ཀྱི་གསང་བ་དང་། རིག་གནས་ཀྱི་གསང་བ། རང་བྱུང་གི་གསང་བ་བཅས་གཅིག་ཏུ་འདུས་ཡོད་པས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།
དེའི་ནང་ཁྱིམ་ཚང་32ཀྱིས་ཁྱིམ་ཚང་མགྲོན་ཁང་གཉེར་ནས་ཡུལ་སྐོར་བའི་དགོས་མཁོ་ལྟར་རང་ཁྱིམ་གྱི་སྒོ་ར་གཙང་སྦྲ་ལྡན་ཞིང་ལ་སྐྱིད་སྣང་དོད་པ་ཞིག་བསྐྲུན་ཡོད་པ་རེད། ཁྱིམ་ཚང་མགྲོན་ཁང་དུ་ཆུ་ཚ་པོ་དང་དྲ་རྒྱ་ཡོད། གྲོང་མིས་ཡུལ་སྐོར་བར་ཁྱད་ཆོས་ལྡན་པའི་ས་གནས་དེ་གའི་ཞིམ་ཟས་གྲ་སྒྲིག་བྱས་པ་དང་ཡུལ་སྐོར་བས་དེ་གར་ངལ་གསོ་རྒྱག་ཆོག བོད་ཀྱི་ཞིང་དུད་དཀྱུས་མའི་འཚོ་བར་དེ་བས་ཤེས་རྟོགས་བྱེད་ཐུབ།
འབད་བརྩོན་ཅི་ཙམ་བྱས་ན་དེ་ཙམ་ལམ་འགྲོ་ཡོང་ངེས་ཡིན། བཅིངས་འགྲོལ་བདེ་སྐྱིད་ཁྱིམ་ཚང་མགྲོན་ཁང་ལ་ཡུལ་སྐོར་བ་མང་པོའི་བསྔགས་བརྗོད་ཐོབ་པ་དང་། མགྲོན་ཁང་དུ་བཅིངས་འགྲོལ་བདེ་སྐྱིད་དང་ཡུལ་སྐོར་བ་དག་གི་མཉམ་པར་དང་། ཡུལ་སྐོར་བས་བཅིངས་འགྲོལ་བདེ་སྐྱིད་ལ་སྤྲད་པའི་སྣུམ་ཚོན་རི་མོ་དང་འདྲ་པར་སོགས་ཀྱིས་ཁེངས་འདུག ཡུལ་སྐོར་བས་འདི་ནས་ངལ་གསོ་བྱས་ཆོག་ལ། གྲོགས་པོ་རྙིང་པ་དང་འདྲ་བར་ཇ་འཐུང་ནས་ཁ་བརྡ་བྱེད་ཆོག་ཀྱང་ལུས་སེམས་གཉིས་ཀའི་ངལ་གསོ་བྱེད་གནས་ཤིག་ཡིན།
ད་ལྟ། རྩ་ཧྲེང་གྲོང་ཚོར་ཁྱོན་ཁྱིམ་ཚང་མགྲོན་ཁང་32ཀྱི་ཉལ་ཁྲི་572ཡོད་པ་དང་2019ལོར་ཁྱིམ་ཚང་མགྲོན་ཁང་གི་དུད་ཚང་རེར་ཆ་སྙོམས་མི་ཐེངས་800ལ་སྣེ་ལེན་ཞུས་པ་རེད། སྤྱིའི་ཡོང་འབབ་སྒོར་ཁྲི་60ཡས་མས་ཟིན་ཡོད། ཉེ་བའི་ལོ་ཤས་རིང་རྩྭ་མདའ་རྫོང་གིས་རང་ངོས་ཀྱི་ཡུལ་སྐོར་ལེགས་ཆ་བཏོན་ཞིང་། “གུ་གེ” དང་“ཞང་ཞུང”གི་མཚན་སྙན་ལ་བརྟེན་ནས་ཡུལ་སྐོར་དམངས་ཕྱུག་གི་གྲུབ་འབྲས་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད།
http://tibet.people.com.cn/15826994.html