ཀྲུང་གོའི་བྲག་ཕུག་ཆེན་པོ་གསུམ་གྱིས་མཉམ་དུ་འགྲེམས་སྟོན་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-20



    ཟླ་10ཚེས་18ཉིན“དར་ལམ་གྱི་འོད་མདངས་སྟེ། ཏུན་ཧོང་ཡུན་ཀང་ལུང་མོན་གསུམ་གྱི་བྲག་ཕུག་སྒྱུ་རྩལ་མཉམ་འབྲེལ་འགྲེམས་སྟོན” ལའོ་དབྱང་དངོས་རྫས་བཤམས་སྟོན་ཁང་དུ་སྒོ་འབྱེད་པ་རེད། 

    “ད་ལོ་ནི་ལུང་མོན་བྲག་ཕུག་མངོན་མིན་རིག་གནས་ཤུལ་བཞག་རེ་ཞུ་ལེགས་འགྲུབ་བྱུང་ནས་ལོ་ངོ་20འཁོར་བ་རེད། ཀྲུང་གོའི་བྲག་ཕུག་ཆེན་པོ་གསུམ་ཐེངས་དང་པོར་མཉམ་འབྲེལ་ངང་འགྲེམས་སྟོན་བྱས་ནས། བྲག་ཕུག་གི་གཞི་ཁྱོན་ཆེན་པོ་དང་། ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས། མཛེས་སྡུག་ལྡན་པའི་སྒྱུ་རྩལ། ལོ་ངོ་བཅུ་ཕྲག་འགའི་རིང་གི་ཤུལ་བཞག་སྲུང་སྐྱོབ་ཀྱི་ལོ་རྒྱུས་བརྒྱུད་རིམ་དང་གྲུབ་འབྲས་བཅས་འཐུས་ཚང་ངང་འགྲེམས་སྟོན་བྱད་ཡོད”ཅེས་བྲག་ཕུག་ཞིབ་འཇུག་གླིང་གི་གླིང་གཙོ་ཧྲི་ཅཱ་ཀྲེན་གྱིས་བཤད། 


   “བྱེ་ཐང་གི་གནས་མཆོག་ཏུན་ཧོང ”དང“མཐའ་མཚམས་ཀྱི་ཅོད་པན་ཡུན་ཀང”“དབུས་རྒྱུད་ཀྱི་མུ་ཏིག་ལུང་མོན”བཅས་བརྗོད་དོན་གཙོ་བོ་གསུམ་དུ་འབྱེད་ནས་འགྲེམས་སྟོན་བྱས་པ་རེད། དེའི་ཁྲོད་དུ་ཏུན་ཧོང་ཞིབ་འཇུག་ཁང་གིས་མཁོ་འདོན་བྱས་པའི་དངོས་རྫས་200ཙམ་ཡོད་པ་སྟེ། རིག་དངོས་དང་། བྲག་ཕུག་འདྲ་བཤུས། ཚོན་ལྡན་འཇིམ་སྐུ་འདྲ་བཟོས། ཞིབ་ཚགས་ཆེ་བའི་ལྡེབས་རིས་འདྲ་བཟོས་སོགས་ཡོད་པ་རེད། ཡུན་ཀང་བྲག་ཕུག་གིས་རིག་དངོས་40ཙམ་འགྲེམས་སྟོན་བྱས་པ་སྟེ། བྲག་ཕུག་གི་མཆོད་གཤོམ་འདྲ་བཟོས་3དང་། པར་རིས་བརྒྱ་ཙམ་ཡོད། ལུང་མོན་བྲག་ཕུག་གིས་རིག་དངོས་70ཙམ་འགྲེམས་སྟོན་བྱས་པ་སྟེ། 3Dཔར་འདེབས་ཀྱི་བྲག་ཕུག་གི་མཆོད་གཤོམ་6དང་པར་རིས་བརྒྱ་ཙམ་ཡོད་ཅིང་། འགྲེམས་རྫས་ཁག་ཅིག་ནི་ཐེངས་དང་པོར་འགྲེམས་སྟོན་བྱས་པ་རེད།  


    བྲག་ཕུག་ལྷ་ཁང་ནི་དར་གོས་ལམ་བུའི་ཐོག་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཀྱི་རིག་གནས་ཤུལ་བཞག་ཅིག་ཡིན་པས་ནང་དོན་ཕུན་སུམ་ཚོགས་པའི་དར་གོས་ལམ་བུའི་རིག་གནས་གསོན་ཉམས་དོད་པོས་མཚོན་ཡོད། ཏུན་ཧོང་མའོ་ཀའོ་བྲག་ཕུག་དང་། ལུང་མོན་བྲག་ཕུག ཡུན་ཀང་བྲག་ཕུག་བཅས་སོ་སོར་1987ལོ་དང་། 2000ལོ། 2001ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི《འཛམ་གླིང་ཤུལ་བཞག་མིང་གཞུང》ནང་བཅུག་པ་རེད། 


    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་དེ་ལུང་མོན་བྲག་ཕུག་ཞིབ་འཇུག་ཁང་དང་། ཏུན་ཧོང་ཞིབ་འཇུག་ཁང་། ཡུན་ཀང་བྲག་ཕུག་ཞིབ་འཇུག་ཁང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་2021ལོའི་ཟླ་1ཚེས་18ཉིན་བར་རྒྱུན་མཐུད་བྱ་རྒྱུ་རེད། 

http://tibet.people.com.cn/15826987.html


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1