༄༅།།སྨན་འདི་དག་འཚོང་མཚམས་བཞག་འདུག ཁྱེད་ཚང་ལ་ད་དུང་ཡོད་དམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 10-20





   ཉེ་ཆར། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་གཞུང་ཕྱོགས་དྲ་ཚིགས་ཐོག་སྨན་རྫས་ཁག་20གཏན་འབེབས་དང་མི་མཐུན་པའི་སྐོར་གྱི་བརྡ་ཁྱབ་བཏང་ཡོད།
 གཏན་འབེབས་དང་མི་མཐུན་པའི་སྨན་རྫས།

       ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཟས་རིགས་དང་སྨན་རྫས་ཞིབ་བཤེར་ཁང་གིས་ཞིབ་བཤེར་བྱས་པ་བརྒྱུད་ཤེས་པར། ཅི་ལིན་ཞིང་ཆེན་ཐུང་ཧྭ་པོ་ཞང་སྨན་ལས་མ་རྐང་ཚད་ཡོད་ཀུང་སི་དང་། ཅི་ལིན་གྲོང་ཁྱེར་ཧྲོང་ཧྲི་སྨན་ལས་ཚད་ཡོད་ཀུང་སི། ཅི་ལིན་ཞིང་ཆེན་ཐེན་ཐའེ་སྨན་ལས་མ་རྐང་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་ཁག་ཐེངས་12པའི་ཧྲི་ཧུའུ་ཡེ་ཀོང་རིལ་བུ་(石斛夜光丸)གཏན་འབེབས་དང་མི་མཐུན་པ་རེད། 
       ཧྲན་ཞི་ཞིང་ཆེན་ཟས་རིགས་དང་སྨན་རྫས་ཞིབ་བཤེར་ཁང་གིས་ཞིབ་བཤེར་བྱས་པ་བརྒྱུད་ཤེས་པར། ཧའེ་ནན་ཕུའུ་ལི་སྨན་བཟོ་མ་རྐང་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་ཁག་ཐེངས་དང་པོའི་ཁེ་ལ་མའེ་སུའུ་དལ་གཏོང་སྨན་(克拉霉素缓释片)གཏན་འབེབས་དང་མི་མཐུན་པ་རེད། 
       ཧྥུའུ་ཅན་ཞིང་ཆེན་ཟས་རིགས་དང་སྨན་རྫས་སྤུས་ཚད་ཞིབ་བཤེར་ཞིབ་འཇུག་ཁང་གིས་ཞིབ་བཤེར་བྱས་པ་བརྒྱུད་ཤེས་པར། ཧྲན་ཤིས་ཡན་ཡོན་སྨན་རྫས་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་ཁག་ཐེངས་དང་པོའི་སྨན་ཁབ་ཏུ་སྤྱོད་བྱའི་ཨ་ལུའོ་ཤིས་ལིན་ནཱ་(阿洛西林钠)གཏན་འབེབས་དང་མི་མཐུན་པ་རེད།
       ནང་སོག་རང་སྐྱོང་ལྗོངས་སྨན་རྫས་ཞིབ་བཤེར་ཞིབ་འཇུག་ཁང་གིས་ཞིབ་བཤེར་བྱས་པ་བརྒྱུད་ཤེས་པར། ཧོ་པེ་གོ་ཅིན་སྨན་ལས་ཚད་ཡོད་འགན་འཁྲི་ཀུང་སི་དང་ཀོང་ཀྲོའུ་ཧྭ་ཁྲེང་སྨན་ལས་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་ཁག་ཐེངས་གཉིས་པའི་སྨན་སྣ་མང་སྦྱོར་ཅིན་དབྱིན་ཧྭ་རིལ་བུ(复方金银花颗粒)གཏན་འབེབས་དང་མི་མཐུན་པ་རེད།
       ཧྲེན་ཀྲེན་གྲོང་ཁྱེར་སྨན་རྫས་ཞིབ་བཤེར་ཞིབ་འཇུག་ཁང་དང་ཀྲུང་གོའི་ཟས་རིགས་སྨན་རྫས་ཞིབ་བཤེར་གཏན་འཁེལ་ཞིབ་འཇུག་ཁང་གིས་ཞིབ་བཤེར་བྱས་པ་བརྒྱུད་ཤེས་པར། ཨན་ཧུའེ་ཞིང་ཆེན་ཙེ་ཧྭ་རྒྱལ་སྨན་བཏུང་སྨན་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་ཁག་ཐེངས་དང་པོའི་སྲོ་ལོ་དམར་པོ་དང་ཁྲོན་ཝུའུ་(川乌)གཉིས་གཏན་འབེབས་དང་མི་མཐུན་པ་རེད། 
       ཏ་ལེན་གྲོང་ཁྱེར་གྱི་སྨན་རྫས་ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་ཁང་གིས་ཞིབ་བཤེར་བྱས་པ་བརྒྱུད་ཤེས་པར། ཨན་གོ་གྲོང་ཁྱེར་ཐུང་ཁང་སྨན་ལས་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་ཁག་ཐེངས་དང་པོའི་ཆན་ཧུའུ་(前胡)གཏན་འབེབས་དང་མི་མཐུན་པ་རེད། 
       ཧྲན་ཞི་ཞིང་ཆེན་ཟས་རིགས་དང་སྨན་རྫས་ཞིབ་བཤེར་ཁང་གིས་ཞིབ་བཤེར་བྱས་པ་བརྒྱུད་ཤེས་པར། ཧུའུ་ནན་ཞིང་ཆེན་ཙི་རན་ཐང་ཀྲུང་ལུགས་སྨན་ཐང་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་ཁག་ཐེངས་དང་པོའི་ཆིན་ཅིའུ་(秦艽)གཏན་འབེབས་དང་མི་མཐུན་པ་རེད།

       གཏན་འབེབས་དང་མི་མཐུན་པའི་སྨན་རྫས་ཀྱི་མིང་ཐོ་གཤམ་གསར་ལྟར།



རྩོམ་ཡིག་སྔོན་མ།
རྩོམ་ཡིག་རྗེས་མ།
༄༅།།ཚངས་པོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1