༄༅། །རྫ་བཟོའི་ལག་རྩལ་ཞིབ་འཇུག་སླར་གསོ་བྱུང་བ།

དབང་ཆོས། རྩོམ་སྒྲིག་པ། དབང་ཆེན།ཡོང་ཁུངས། ཚངས་དབྱངས་དྲ་བ། སྤེལ་དུས། 12-10


              དེ་ཡང་འགྲོ་བ་མིའི་རིགས་ཀྱིས་རང་བྱུང་ཁམས་སུ་འབད་རྩོལ་ཆེན་པོས་འཚོ་གནས་ཀྱི་ཡོ་བྱད་སྒྲུབ་སྐབས། ལག་ཆའི་ཐོག་མ་ལ་རྡོ་ཆས་དང་། སྣོད་སྤྱད་ཀྱི་ཐོག་མ་ལ་རྫ་ཆས་བྱུང་སྟེ། མིའི་རིགས་འདི་ཉིད་ཆེས་ཐོག་མར་དཔལ་ཡོན་གྱི་ལམ་བུར་བསྐྱོད་མགོ་བརྩམས། ལྷག་པར་དུ་རྫ་བཟོའི་ལག་རྩལ་ནི་བཟོ་སྐྲུན་ཤེས་རིག་ཀུན་གྱི་ཆེས་ཐོག་མའི་ཤེས་རིག་སྒྱུ་རྩལ་དེ་ཡིན་ཞིང་། དེས་སྣེ་ཁྲིད་དང་ལམ་སྟོན་བྱས་ཏེ་རིམ་གྱིས་ཤེས་རིག་གི་རྣམ་གྲངས་མཐའ་ཡས་པ་ཞིག་འཕེལ་རྒྱས་བྱུང་ཡོད་ལ། དེ་ཡང་བོད་ཀྱི་རྫ་ཆས་ལག་རྩལ་ལ་མཚོན་ན་དེ་སྔོན་དངོས་སུ་གཏན་ཁེལ་གྱིས་དཔང་རྟགས་ཡོད་པ་ནི། ཆབ་མདོའི་མཁར་རོ་དང་། ལྷ་ས་ཆོས་གོང་། མཚོ་སྔོན་སོགས་བོད་ཀྱི་ཡུལ་གྲུ་ཁག་ནས་ཐོན་པའི་རྫ་ཆས་དག་ལ་མ་མཐར་ལོ་ལྔ་སྟོང་ཙམ་གྱི་ལོ་རྒྱུས་ལྡན་པ་མ་ཟད། དེའི་སྐབས་ཀྱི་རྫ་བཟོའི་ལག་རྩལ་ཡང་ཚད་ཧ་ཅང་མཐོ་པོར་སླེབས་ཡོད། འོན་ཀྱང་མི་ལོ་ཆིག་སྟོང་ཙམ་གྱི་རྗེས་ནས་བཟུང་བོད་ཀྱི་རྫ་བཟོའི་ལག་རྩལ་དེ་རིམ་གྱིས་ཉམས་རྒུད་དུ་སོང་ཡོད། ལྷག་པར་དུ་ཉེ་སྔོན་ཙམ་ལ་རྫ་བཟོའི་ལག་རྩལ་དེ་ཉིད་ཡོངས་སུ་ནུབ་ལ་ཉེ་བའི་གནས་སུ་གྱུར་ཡོད། དེ་ལྟར་བོར་བརླག་འགྲོ་ལ་ཉེ་བའི་རྫ་བཟོའི་ལག་རྩལ་སླར་གསོའི་ཆེད། ངེད་ཀུང་སིས་མི་ཤུགས་དང་དཔལ་འབྱོར་གྱི་འགྲོ་སོང་ཤུགས་ཆེན་བཏང་སྟེ་ལོ་བདུན་ཙམ་གྱི་རིང་ལག་ལེན་དང་རིག་གཞུང་ཟུང་འབྲེལ་ཁྲོད་ཏུ་ཟབ་སྦྱོང་བྱས་པས། ད་ལྟ་གཞི་ནས་མི་ལོ་ཆིག་སྟོང་གོང་གི་ཚད་མཐོའི་རྫ་བཟོའི་ལག་རྩལ་དེ་རིག་གཞུང་དང་ལག་ལེན་ཟུང་དུ་སྦྲེལ་ཏེ་སླར་གསོ་དང་རྒྱུན་འཛིན་བྱས་ཡོད།

                 རྫ་བཟོའི་རྒྱུ་ཆ་ནི། མཁའ་དབུགས་སོགས་བཙོག་སྐྱོན་གྱིས་མ་གོས་པ་མཐོ་སྒང་བོད་ཀྱི་རྫ་ས་དང་རྫ་རྡོ་སོགས་རང་བྱུང་ལྷད་མེད་ཀྱི་རྒྱུ་ཆ་གཞིར་བཞག་ཐོག  བཟོ་དང་གསོ་བ་རིག་པ་བཅས་ཀྱི་རྫ་ཡི་ས་སྦྱོར་བྱེད་ཐབས་སོགས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་རིང་ཞིང་། བྱིན་རླབས་ཀྱི་གཟི་བྱིན་འབར་བའི་བོད་ཀྱི་གནས་རི་རྩ་ཆེན་ནས་བྱུང་བའི་ས་སྣ་དང་། དྭངས་གཙང་གི་ཆུ་བོ་ཡན་ལག་བརྒྱད་ལྡན་གྱི་མཚན་ཉིད་ཚང་བའི་ཆུ་སྣ་མི་འདྲ་བ་སོགས་ཀྱིས་སྦྱོར་སྡེབ་བྱས་ཏེ་བཟོས་པ་དང་། ལག་རྩལ་པ་ནི་དྲང་བདེན་ཡ་རབས་ཀྱི་གཞུང་བཟང་ཞིང་སེམས་ཁམས་གཙང་མའི་བོད་ཀྱི་ན་གཞོན་རྣམས་ཀྱིས་སྲོལ་རྒྱུན་གྱི་བཟོ་རྩལ་ལག་ལེན་ལ་བརྟེན་ནས་ཐོན་པ་ཤ་སྟག་ཡིན་པར་བརྟེན།  རྫ་བཟོའི་ལག་རྩལ་ལ་ལོ་རྒྱུས་དང་།  སྒྱུ་རྩལ།  བེད་སྤྱོད།  མཛེས་རྒྱན།  ཉར་ཚགས་བཅས་ཀྱི་རིན་ཐང་ཆེན་པོ་ལྡན་པོ་བཤད་མ་དགོས་པ་རེད།  དེས་ན་འབྲེལ་ཡོད་མི་སྣ་དག་ལ་དགོས་མཁོ་ཡོད་ཚེ་ མངགས་བཟོ་གནང་ན་ངེད་ཀུང་སི་ནས་སྤུས་བཟོ་ཞུས་ཏེ་ལྷན་རྒྱས་ཀྱི་ཐུགས་འདུན་བསྐོང་གང་ཐུབ་ཞུ་ཆོག  

མངགས་བཟོ་གནང་ཡུལ། བོད་ལྗོངས་མཐོ་སྒང་ཨ་མ་བཟོ་ཚོང་ཚད་ཡོད་ཀུང་སི། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་ཡབ་མདའ་ཤང་།  ཁ་པར་ཨང་གྲངས།  0891 6155223   13989902338  



རྩོམ་ཡིག་སྔོན་མ།
རྩོམ་ཡིག་རྗེས་མ།
༄༅། །ཡིག་རིས་ལེགས་བསྡུས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1