མའོ་རྫོང་གི་ཧུང་ཧྥུ་ཧྲི་ཀུ་ཤུ་ཁྲོམ་རར་བཏོན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་བོད་ཡིག་གསར་འགྱུར། སྤེལ་དུས། 10-27



    མའོ་རྫོང་ནན་ཞིན་གྲོང་རྡལ་ཨན་ཞང་གྲོང་ཚོའི་ཁྱིམ་ཚང་ཚང་མའི་ཤིང་ཏོག་སྡོང་ར་རུ་སྡེ་མི་ཚོས་ཧུང་ཧྥུ་ཧྲི་ཀུ་ཤུ་འཐུ་བཞིན་འདུག
    མའོ་རྫོང་གིས་འདེབས་འཛུགས་བྱས་པའི་ཧུང་ཧྥུ་ཧྲི་ཀུ་ཤུའི་མདོག་མཛེས་པ་དང་། དྲི་ཞིམ་པ། ཤ་རྒྱུ་ཕྲ་བ། མངར་སྐྱུར་རན་པས“སྦྲང་རྩིའི་སྙིང་”གི་ཀུ་ཤུ་ཞེས་ཐུན་མོང་མ་ཡིན་པའི་མིང་ཞིག་ཆགས་ཡོད།

  ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་འདིའི་ཧུང་ཧྥུ་ཧྲི་ཀུ་ཤུ་འདེབས་འཛུགས་རྒྱ་ཁྱོན་མུའུ་3200ལྷག་ཡོད་པ་དང་སྔོན་དཔག་བྱས་ན་ཐོན་ཚད་ཏུན་7800ལྷག་ཟིན་པས་ཐོན་རྫས་རིན་ཐང་སྒོར་ཁྲི་6000ལྷག་ཟིན་ཡོད་པ་རེད། ཁྲོམ་རར་བཏོནཔ་ནས་བཟུང་ས་གནས་ཁག་གི་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་ནས་མའོ་རྫོང་གི་འབབ་འཕར་ཡོང་བའི་ཁྱད་ལྡན་ཤིང་འབྲས་ཐོན་ལས་ཀྱི་གྲས་ཤིག་ཏུ་གྱུར་ཡོད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1