ཞི་ཅིན་ཕིང་གིས་པོ་ལི་ཝེ་ཡའི་གསར་དུ་བདམས་ཐོན་བྱུང་བའི་ཙུང་ཐུང་ཨར་སེ་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 10-28


        ཟླ་བཅུ་བའི་ཚེས་ཉེར་དྲུག་ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨར་སེ་ལ་འཚམས་འདྲིའི་གློག་འཕྲིན་བཏང་སྟེ་ཁོ་རང་མི་རིགས་མང་པོའི་པོ་ལི་ཝེ་ཡ་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས།
        ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་བསྟན་དོན།  ཀྲུང་གོ་དང་པོ་ལི་ཝེ་ཡ་ནི་གྲོགས་པོ་བཟང་བོ་དང་སྤུན་ཟླ་བཟང་བོ་ཡིན།  ཉེ་བའི་ལོ་འགའི་རིང་ལ།   ཀྲུང་གོ་དང་པོ་ལི་ཝེ་ཡ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་སྲུང་འཛིན་བྱས་པ་ཡོད་པ་དང་།  དངོས་གཉེར་མཉམ་ལས་ཀྱི་གྲུབ་འབྲས་ཕུན་སུམ་ཚོགས་ལ།  ལྷག་པར་དུ་ཉིས་སྟོང་བཅོ་བརྒྱད་ལོར་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པའི་ཚུན་ལ།   ཁྱབ་ཁོངས་སོ་སོའི་མཉམ་ལས་འབྲེལ་བ་ཉིན་རེར་དམ་ཟབ་ཡིན་པ་དང་།  ཕྱོགས་གཉིས་ཀར་དངོས་ཡོད་ཀྱི་ཁེ་ཕན་བསྐྲུན་ཡོད།  བདག་གིས་ཀྲུང་གོ་དང་པོ་ལི་ཝེ་ཡའི་འབྲེལ་བའི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་དང་།   ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་གོ་དང་པོ་ལི་ཝེ་ཡའི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་འཐུས་ཚང་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱེད་བསྐྲུན་འདོད་ཡོད།  ཙུང་ཐུང་ཁྱེད་ཀྱི་འགོ་ཁྲིད་འོག   པོ་ལི་ཝེ་ཡ་རྒྱལ་ཁབ་སྲིད་གཞུང་དང་མི་དམངས་ཀྱིས་རྒྱལ་ཁབ་འཛུགས་སྐྲུན་ལས་དོན་ཁྲོད་དུ་སྔར་ལས་ལྷག་པའི་གྲུབ་འབྲས་གསར་པ་ལེན་ཐུབ་པའི་སྨོན་འདུན་ཞུ་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1