མཚོ་སྔོན་ཁྲི་འདུ་རུ་སྐྱེ་ཁམས་ཕྱུགས་ལས་དར་ཞིང་རྒྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 11-02



  ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་10ཚེས་28ཉིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་སྒྲུབ་ཆེན་གྲོང་རྡལ་གྱི་གྲོང་ཚོ་གཉིས་པའི་འབྲོག་པས་འཕྲུལ་རྟ་ཞོན་ནས་ཕྱུགས་འཚོ་བཞིན་པ། 

    མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་གི་འཇའ་ཐང་ནི་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་ཁུལ་གྱི་ལྟེ་གནས་ཁུལ་དུ་ཡོད་ཅིང་། ས་གནས་དེའི་འཚོ་གནས་དང་འཕེལ་རྒྱས་ཀྱི་ཐོན་ལས་གཙོ་བོ་ནི་ཕྱུགས་ལས་རེད། ཉེ་བའི་ལོ་འགའི་ཚུན། ས་གནས་དེ་གའི་སྲིད་གཞུང་གིས་ཐོན་ལས་སྒྲིག་གཞི་སྙོམས་སྒྲིག་བྱས་པར་བརྒྱུད། རྩྭ་ས་བགོ་ནས་རྩྭ་ཁ་རེས་བསྐོར་དང་། ཚན་རིག་དང་མཐུན་པའི་ཕྱུགས་འཚོ། རྩྭ་ས་དང་ཕྱུགས་ཟོག་སྙོམས་སྒྲིག སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སྙོམས་སྒྲིག་བཅས་བྱས་ནས། སྐྱེ་ཁམས་སྲུང་སྐྱོང་དང་ཕྱུགས་ལས་ཐོན་སྐྱེད་འཁོར་རྒྱུག་བཟང་པོ་བྱུང་ཡོད། (http://tibet.people.com.cn/15828349.html)






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1