ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་2020ལོའི་ཟླ་10ཚེས་26ནས་29ཉིན་བར་པེ་ཅིང་དུ་འཚོགས་པ་རེད།
ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་2020ལོའི་ཟླ་10ཚེས་26ནས་29ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཀྲུང་དབྱང་ཨུ་ལྷན་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།
中国共产党第十九届中央委员会第五次全体会议,于2020年10月26日至29日在北京举行。中央委员会总书记习近平作重要讲话。图 /新华社
ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་སུ་ཞུགས་མཁན་ལ་ཀྲུང་དབྱང་ཨུ་ཡོན་198དང་རྗེས་སྣོན་ཀྲུང་དབྱང་ཨུ་ཡོན་166ཡོད་པ་དང་། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་རྒྱུན་ལས་ཨུ་ལྷན་གྱིི་ཨུ་ཡོན་དང་འབྲེལ་ཡོད་ཕྱོགས་ཁག་གི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་གནང་བ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མིའི་ནང་གི་གཞི་རིམ་གྱི་བློ་མཐུན་དང་། རིགས་གཅིག་མཁས་ཅན། མཁས་དབང་འགའ་ཤས་བཅས་ཀྱང་གྲོས་ཚོགས་ལ་ཟུར་ཞུགས་གནང་ཡོད།
ཚང་འཛོམས་གྲོས་ཚོགས་དེ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གཙོ་སྐྱོང་གནང་བ་དང་ཀྲུང་དབྱང་ཨུ་ལྷན་གྱིི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད།
ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ལྷན་གྱིི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་2020ལོའི་ཟླ་10ཚེས་26ནས་29ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་།
中国共产党第十九届中央委员会第五次全体会议,于2020年10月26日至29日在北京举行。中央政治局主持会议。图 /新华社
ཚང་འཛོམས་གྲོས་ཚོགས་ཐོག །ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མངག་བཅོལ་ལྟར་གནང་བའི་ལས་དོན་སྙན་སྒྲོན་གསན་ཞིང་གྲོས་བསྡུར་གནང་བ་དང《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་དང་2035ལོའི་ཕུགས་ཀྱི་དམིགས་ཚད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོ》ལ་གྲོས་ཞིབ་བྱས་ཤིང་གྲོས་འཆམ་བྱུང་བ་རེད། ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག 《གྲོས་འགོ(གྲོས་བསྡུར་མ་ཟིན)》སྐོར་གསལ་བཤད་གནང་བ་རེད།
ཚང་འཛོམས་གྲོས་ཚོགས་ཐོག །ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཡོད། ལོ་གཅིག་ནང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ། མར་ལེ་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་ཀྱིས་མཛུབ་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་སྒོ་ཀུན་ནས་ལག་ལེན་བསྟར་བ། “འདུ་ཤེས་བཞི”ཟབ་ཏུ་བཏང་བ་དང་། “གདེང་ཚོད་བཞི”བརྟན་དུ་བཏང་བ། “སྲུང་སྐྱོང་གཉིས”ཐུབ་པ། “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་བཏང་བ། “ཕྱོགས་ཡོངས་བཞིའི”འཐབ་ཇུས་ཀྱི་བཀོད་སྒྲིག་ལ་མཐུན་སྦྱོར་གྱིས་སྐུལ་འདེད་བཏང་བ། བརྟན་ཐོག་ཡར་འཕེལ་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱས་པ། བློ་བརྟན་འགྱུར་མེད་ངང་བཅོས་བསྒྱུར་སྒོ་འབྱེད་སྐུལ་འདེད་བཏང་བ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་བབ་བརླིང་ནུས་ལྡན་གྱི་སྒོ་ནས་ཁ་གཏད་བཅག་པ། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་སྤྱི་འདོམས་བྱས་པ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་བཞག་པ། ནང་མཁོ་རྒྱ་སྐྱེད་གཏོང་རྒྱུའི་འཐབ་ཇུས་ཀྱི་གནས་གཞི་ཁོང་དུ་ཆུད་པ་བྱས་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་བསྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་བ། སྤྱི་ཁོག་སྲིད་ཇུས་ཀྱིས་ཁ་གཏད་གཅོག་ཤུགས་ཆེ་རུ་བཏང་བ། “བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་ངང་ལེགས་པོ་བསྒྲུབས་པ་དང“འགན་ལེན་དྲུག”གི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་གསུམ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ་བཅས་ལས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་འཐབ་ཇུས་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་སྐུལ་འདེད་ཏན་ཏིག་ཐེབས་པ། དཔལ་འབྱོར་འཕར་ཚུལ་སྔོན་དཔག་ལས་ཡག་པོ་བྱུང་བ། མི་དམངས་ཀྱི་འཚོ་བར་འགན་ལེན་ནུས་ལྡན་ཐུབ་པ། སྤྱི་ཚོགས་སྤྱི་ཡོངས་ནས་བརྟན་བརླིང་བྱུང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་སྐུལ་འདེད་གང་ལེགས་ཐེབས་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་བཞག་ཁག་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་པ་བཅས་ཀྱི་ངོས་འཛིན་གཅིག་མཐུན་བྱུང་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག །རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་། དཀའ་ཚེགས་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན། ལྷག་དོན་དུ་ཏོག་གསར་གློ་ཚད་རིམས་ནད་ཀྱི་བརྡབ་གསིག་ཆེན་པོ་བཅས་ཀྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་དཀའ་སྤྱད་མདུན་སྐྱོད་དང་། གསར་གཏོད་གསར་སྐྲུན་བྱས་པ། དཔའ་ངར་ཆེར་བསྐྱེད་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་བཞག་ཁག་ལ་སྐུལ་འདེད་བཏང་བ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲུ་གཟིངས་དེ་མུ་མཐུད་རླུང་བརྟེན་རླབས་གཤག་དང་འགྱུར་མེད་བརྟན་བགྲོད་བྱེད་བཞིན་ཡོད། ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནང་བའི་བློ་མཐུན་ཞི་ཅིན་ཕིང་གིས་ཕྱོགས་སྟོན་དང་སྣེ་ཁྲིད་གནང་བ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་བ་དང་དཔའ་ངར་ཞུམ་མེད་ཀྱིས་འབད་འཐབ་བྱས་པ་ལས། ང་ཚོས་མདུན་སྐྱོད་ཀྱི་ལམ་བུའི་ཐོག་འཕྲད་པའི་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་ལ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེ་བས་ནུས་ལྡན་གྱི་སྒོ་ནས་མདུན་ཕྱོགས་སུ་སྐུལ་འདེད་གཏོང་ཐུབ་ངེས་ཡིན་པ་ལག་ལེན་ལས་སླར་ཡང་ར་འཕྲོད་ཐུབ་པའི་ངོས་འཛིན་གཅིག་མཐུན་བྱུང་ཡོད། །