བདེ་ལེགས་སམ་། ཧྲེན་ཀྲེན་། བདེ་ལེགས་སམ་། ཀྲན་ཅང་།

འཇིགས་མེད་འཕྲིན་ལས རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-05


ཀྲན་ཅང་ནི་ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ། ཧྲེན་ཀྲེན་སྔོན་སྐྱོད་དཔེ་སྟོན་ཁུལ། ཧའེ་ནན་རང་མོས་ཉོ་ཚོང་ཁུལ་དང་དེ་མིན་བྱང་རྒྱུད་མཚོ་ཁུག་གྲོང་ཁྱེར་ཁྱུ་ཚོགས་བར་གྱི་ལྟེ་བ་དང་མཐུད་སྣེ་ལྟ་བུ་ཡིན།


དམིགས་བསལ་ས་ཁུལ་བཙུགས་ནས་ལོ་40ཡི་རིང་། ཧྲེན་ཀྲེན་ནི་རྗེས་ལུས་ཀྱི་མཐའ་མཚམས་ཞིང་ལས་རྫོང་ཞིག་ནས་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་རྒྱལ་སྤྱི་ཅན་གྱི་གྲོང་ཁྱེར་ཆེན་པོར་གྱུར་ཏེ། འཛམ་གླིང་ལ་ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་ཀྱི་བརྗིད་ཉམས་དང་སྟོབས་ཤུགས་ངོམས་ཡོད། དེ་མཚུངས་སུ་མཚོ་རྒྱུད་གྲོང་ཁྱེར་ཡིན་ཞིང་བཅོས་བསྒྱུར་སྒོ་འབྱེད་ཀྱི་མདུན་གྲལ་དུ་ཚུད་པའི་ཀྲན་ཅང་གིས་རྒྱལ་ཁབ་ཀྱིས་ཧྲེན་ཀྲེན་ལ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་པར་རྒྱབ་སྐྱོར་བྱེད་པའི་གོ་སྐབས་གལ་ཆེན་ཇི་ལྟར་དམ་འཛིན་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲན་ཅང་ལ་གནང་བའི་ངེས་གནས་གསར་པ་དང་ལས་འགན་གསར་པ་ཡང་དག་ཁོང་དུ་ཆུད་དེ། ཧུར་ཐག་གིས་རྒྱལ་ཁབ་ཀྱི་འཐབ་ཇུས་འབྲེལ་མཚམས་ཆེན་མོ་གསུམ་གྱི་བར་དུ་གནས་པའི་ཐུན་མུན་གྱི་དགེ་མཚན་འདོན་སྤེལ་བྱེད་བཞིན། འབྲེལ་མཐུད་མཉམ་འདྲེས་དང་། ཞབས་ཞུ་རྒྱབ་སྐྱོར། མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཁྲོད་འཕེལ་རྒྱས་མཉམ་རྒྱལ་ཡོང་བ་བྱས་ཏེ། ལོ་རྒྱུས་ཀྱི་འགན་འཁྲི་གསར་པ་དང་དུས་རབས་ཀྱི་རྒྱུགས་གཞི་གསར་པར་འགྱུར་རྒྱུ་རེད།

ཉེ་བའི་ལོ་ཤས་རིང་། ཀྲན་ཅང་གི་མྱུར་བགྲོད་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མཐོ་བརྒལ་གསར་པ་བྱུང་སྟེ། ཧྲེན་ཀྲེན་ནས་ཀྲན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་པ་དང་། ཀོང་ཀྲུའུ་ནས་ཀྲན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་ལས་འགོ་ཚུགས་པ་དང་། ཧུའུ་ཕུའུ་ནས་ཀྲན་ཅང་། ཀྲན་ཅང་ནས་ཧའེ་ནན། ཀྲང་ཅཱ་ཅའེ་ནས་ཧའེ་ཁུའུ་བཅས་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་གསུམ་དམིགས་སྔར་སྐུལ་འདེད་ཤུགས་ཆེར་གཏོང་བཞིན་པར་མ་ཟད། ཀྲན་ཅང་གྲུ་ཁ་ཞུས་ཝུན་ཀང་ཁུལ་གྱི་ལྷོ་རིའི་ལས་སྒྲུབ་ཁུལ་གྱི་འགྲུལ་ཟོག་འགྲིལ་སྒྲིག་གྲུ་ཁ་ནས་གཉེར་སྐྱོང་བྱེད་འགོ་ཚུགས། དེ་མིན་ཧྭ་ནན་ས་ཁུལ་གྱི་ཏུན་ཁྲི་40རིམ་པའི་གྲུ་ལམ་ལས་གྲྭ་འབའ་ཞིག་མགྱོགས་མྱུར་སྐུལ་འདེད་བཏང་ཡོད་པས། ཞིང་ཆེན་ལྟེ་གནས་ཀྱི་ཚད་གཞི་ལྟར་འཛུགས་སྐྲུན་བྱས་པའི4Eརིམ་པའི་རྒྱལ་སྤྱིའི་གནམ་ཐང་་འཛུགས་སྐྲུན་གྱི་འཕེལ་རིམ་བདེ་བླག་ཡིན་ཏེ། སྔོན་རྩིས་ལྟར་ན་2021ལོའི་ཟླ་10པའི་ཟླ་མཇུག་ཏུ་ཁྱོན་ཡོངས་ནས་འཛུགས་སྐྲུན་ལེགས་གྲུབ་བྱུང་བ་དང་། 2022ལོའི་ཟླ་3པའི་ཟླ་མཇུག་ཏུ་སྤྱོད་འགོ་ཚུགས་རྒྱུ་རེད། ལྷག་པར་དུ་ཡུས་ལིན་ནས་ཀྲན་ཅང་བར་གྱི་མྱུར་བགྲོད་གཞུང་ལམ་དེ་སྤྱི་ཟླ་9པའི་ཚེས་17ཉིན་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་། ཀྲན་ཅང་ལམ་ཆེན་དང་ཐིའོ་ཧྲིན་མཚོ་སྒྲོལ་ཟམ་ཆེན་གཉིས་འཆར་གཞི་ལྟར་ན་ཕྱི་ལོའི་ལོ་སྟོད་དུ་བསྐྲུན་ཟིན་ཏེ་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།

ཀྲན་ཅང་གི་སྐམ་མཚོ་མཁའ་གསུམ་གྱི་འགྲིམ་འགྲུལ་ཕན་ཚུན་འབྲེལ་མཐུད་ཐུབ་ཉེར་ཡོད་པས། སྐབས་དེར་ཀྲན་ཅང་ནི་ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་ཀྱི་ཁུག་ཆེན་ཁུལ་དང་ཧྲེན་ཀྲེན་སྔོན་སྐྱོད་དཔེ་སྟོན་ཁུལ་བར་མགྱོགས་མྱུར་འབྲེལ་མཐུད་ཐུབ་ཅིང་། ཧའེ་ནན་རང་མོས་ཉོ་ཚོང་ཁུལ་དང་སྟབས་བདེའི་སྦྲེལ་མཐུད་མངོན་འགྱུར་བྱུང་སྟེ། འཛམ་གླིང་གི་ས་གནས་སོ་སོར་འབྲེལ་མཐུད་བྱེད་པའི་འགྲིམ་འགྲུལ་ལྟེ་གནས་གལ་ཆེན་ཞིག་ཏུ་འགྱུར་སྲིད། ལྷག་པར་དུ་ཀྲན་ཅང་《ནུབ་རྒྱུད་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པའི་སྤྱིའི་འཆར་འགོད》ནང་བཅུག་སྟེ། མིག་སྔའི་ཀོང་ཏུང་གི་བགྲོད་ལམ་གསར་པ་འཛུགས་སྐྲུན་ཁྲོད་དུ་ཞུགས་མཁན་ཁོ་ནར་གྱུར། ཀྲན་ཅང་ལ་རང་བྱུང་གི་ཆུ་ཟབ་གྲུ་ཁའི་སྲོལ་རྒྱུན་གྱི་ལེགས་ཆ་ཡོད་པར་མ་ཟད། དུས་མཚུངས་སུ་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པར་བརྟེན་ནས་ལྕགས་དང་རྒྱ་མཚོ་སོགས་སྣ་མང་མུ་འབྲེལ་སྐྱེལ་འདྲེན་འཕེལ་རྒྱས་ཤུགས་ཆེན་གཏོང་བའི་བར་སྟོང་གསར་པ་ཡང་ཡོད་པས། མ་རྩ་གཅོག་པ་སོགས་ཐད་ཀྱི་ལེགས་ཆ་ཟམ་མི་ཆད་པར་མངོན་གསལ་དོད་དུ་ཕྱིན་ཏེ། ཧྲེན་ཀྲེན་གྱིས་སྔར་ལས་རྒྱ་ཆེ་བའི་ས་ཁོངས་སུ་ཐོན་ཁུངས་བཀོད་སྒྲིག་དང་བཟང་ཆ་གསབ་རེས་བྱེད་པར་ཕན་ཐོགས་ཡོད་པར་མ་ཟད། ཧྲེན་ཀྲེན་གྱིས་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་དང་སྦྲེལ་མཐུད་བྱེད་པ་དང“རྒྱུད་གཅིག་ལམ་གཅིག”ནང་མཉམ་འདྲེས་བྱེད་པའི་ཞིང་ཆེན་ནང་ཁུལ་གྱི་མཉམ་ལས་བྱ་ཡུལ་ཐོག་མ་དེ་རེད།

དེ་བཞིན་ནུབ་རྒྱུད་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པ་མཉམ་སྐྲུན་བྱེད་པར་ཞུགས་པ་གོ་སྐབས་སུ་བཟུང་ནས། ཀྲན་ཅང་གིས་དེང་རབས་ཅན་གྱི་མགྱོགས་མྱུར་ལངས་གཟུགས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་རབས་བརྗེ་སྔར་བས་མགྱོགས་སུ་བཏང་ནས། ཚད་མཐོའི་རྒྱལ་ཡོངས་རང་བཞིན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་བསྐྲུན་ཏེ། ཧྲེན་ཀྲེན་དང་ཕྱོགས་ཡོངས་ནས་འབྲེལ་མཐུད་མངོན་འགྱུར་བྱ་རྒྱུ་རེད།

ཀོང་ཏུང་ནི་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྣེ་ཁྲིད་པ་དང་སྔོན་སྐྱོད་པ། ཚོད་ལྟའི་ཁུལ་ཡིན་པའི་ཆ་ནས། བསམ་བློ་བཅིངས་འགྲོལ་གཏོང་ཐེངས་རེ་རེ་དང་བཅོས་བསྒྱུར་འགག་སྒྲོལ་བྱེད་རིམ་རེ་རེར་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བར་སྐུལ་འདེད་ནུས་ལྡན་བཏང་། ལྷག་པར་དུ་ཧྲེན་ཀྲེན་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ལ་སྣེ་ཁྲིད་དང་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སྟོབས་ལྡན་དུ་གྱུར་ཏེ། ནུས་ལྡན་ངང་ཞིང་ཆེན་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་གཞན་དག་གི་འཕེལ་རྒྱས་ལ་འགྱེད་འཕྲོད་དང་སྐུལ་ཁྲིད་བྱས་པ་དང་། ཀྲན་ཅང་གིས་ཧྲེན་ཀྲེན་གྱིས་བཅོས་བསྒྱུར་སྒོ་འབྱེད་ལ་སྐུལ་འདེད་བཏང་ནས་སླར་ཡང་རྡོག་ཐོན་བྱེད་པའི་གོ་སྐབས་གལ་ཆེན་དམ་འཛིན་ནན་མོ་བྱས་ཏེ། མགྱོགས་མྱུར་ངང་རྒྱལ་སྤྱི་དང་སྦྲེལ་བའི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་པའི་ཉམས་མྱོང་ཡག་ཤོས་དང་བྱ་ཐབས་ཡག་ཤོས་བཙུགས་ཏེ། ཀྲན་ཅང་གི་བཅོས་བསྒྱུར་སྒོ་འབྱེད་ཀྱི་གསར་གཏོད་བྱ་བཞག་ཐེམ་སྐས་གསར་པ་ཞིག་ཏུ་འཛེག་པར་སྐུལ་འདེད་གཏོང་རྒྱུ་རེད།

ཉེ་བའི་ལོ་ཤས་རིང་། ཀྲན་ཅང་གིས“དཔེ་སྟོན་གཅིག་”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་སྒྲིག་འཛུགས་བྱེད་པའི་ཐད་གོམ་སྟབས་གསར་ཏུ་སྤོས་ཤིང་། དེང་རབས་གྲུ་ཁའི་ཐོན་ལས་འཕེལ་རྒྱས་ཁྱོན་ཡོངས་ནས་མགྱོགས་སུ་ཕྱིན་ཡོད། དེ་བས་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་ཐད་སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཧྲེན་ཀྲེན་དང་ཀྲན་ཅང་ས་གནས་གཉིས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྲིད་ཇུས། ཚད་གཞི། ལག་རྩལ་སོགས་མངའ་ཁོངས་ཀྱི་སྤེལ་རེས་ཟབ་སྤེལ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་ལག་ལེན་ཉམས་མྱོང་མཉམ་སྤྱོད་བྱས་ནས། ཧྲེན་ཀྲེན་ལ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཀྲུང་གོའི་མིག་དཔེ་སྔོན་ལ་གཏོད་རོགས་བྱེད་བཞིན་མཆིས།

སྒོ་འབྱེད་ཁོང་ཡངས་པའི་གཞི་རྒྱུ་ཧྲེན་ཀྲེན་གྲོང་ཁྱེར་གྱི་ཁྲག་རྒྱུན་དུ་བཞུར་བཞིན་པ་དང་། སྒོ་འབྱེད་སྣ་མང་དང་། མཉམ་འདུས་མཉམ་གསོག་གི་གྲོང་ཁྱེར་རིག་གནས་དང་ཕུལ་བྱུང་བརྩོན་ལེན་གྱི་དུས་རབས་གསར་པའི་ཧྲེན་ཀྲེན་གྱི་སྙིང་སྟོབས་ཀྱིས་ཀྲན་ཅང་ལ་ཀུན་སྤྱོད་ལ་བརྩི་མཐོང་དང་དགེ་བར་ཕྱོགས་པ། གནས་སྡོད་ཡུལ་སྐོར་ལ་འཚམ་པའི་དེང་རབས་ཤེས་དཔལ་གྱི་གྲོང་ཁྱེར་བསྐྲུན་རྒྱུར་དཔྱད་གཞི་མཁོ་འདོན་བྱས་ཡོད། དེ་ཡང་ཀྲན་ཅང་ནི“བརྩེ་སེམས”ཅན་གྱི་གྲོང་ཁྱེར་ཞིག་སྟེ། གློ་ཚད་རིམས་འགོག་གི་དུས་སྐབས་སྔ་མར། ཀྲན་ཅང་གིས་སྔོན་དུ་གནས་གཏན་བདེ་ཐང་ལྟ་ཞིབ་ས་ཚིགས་བཙུགས་ཏེ། ཧུའུ་པེའི་ཡུལ་སྐོར་པ་ཆུང་ཀྲོའུ་མཚོ་འགག་བྱང་ངོགས་སུ་ལུས་སྐབས་ཞུས་ཝུན་རྫོང་གི་གསོ་རིག་བདེ་ཐང་ལྟ་ཞིབ་མགྲོན་ཁང་གིས་ཕྱི་རོལ་ནས་ཡིན་པའི་ཧུའུ་པེའི་ཡུལ་སྐོར་པར་དྲོ་སྐྱིད་ཀྱི་རྐང་པ་ཚུགས་ས་མཁོ་འདོན་བྱས་ཏེ། ཀྲན་ཅང་གི་བརྩེ་སེམས་ཀྱིས་རྒྱལ་ཡོངས་ལ་མིག་དཔེ་བཏོན་པ་རེད།

མིག་སྔར། ཀྲན་ཅང་གིས་ནུས་ཤུགས་ཡོད་རྒུས་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་བཞིན་པ་དང་། ཧྲེན་ཀྲེན་ལ་དཔེ་བལྟ་བཞིན། ཧྲེན་ཀྲེན་གྱི་ལོ་ལྔའི་རིང་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་དང་པོའི་ཉམས་མྱོང་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་བཞིན། ཀྲན་ཅང་གིས་རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར་གསར་འཛུགས་བྱེད་པ་གོ་སྐབས་སུ་བཟུང་སྟེ། དར་ཆ་སྒྲེང་བ་དང་། དམངས་སེམས་གཅིག་སྒྲིལ། འཇོན་མི་གསོ་སྐྱོང་། རིག་གནས་དར་སྤེལ། གཟུགས་བརྙན་འགྲེམས་སྟོན་བཅས་ཀྱི་ལས་འགན་དང་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་བཞིན། ཤུགས་ཆེན་པོའི་ངང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱེད་པ། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་སྤེལ་གྱི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ། བདེ་སྐྱིད་མཛེས་སྡུག་ལྡན་པའི་ཀྲན་ཅང་གི་སྤུས་རྟགས་བཏོད་དེ་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་བཞིན་མཆིས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1