༄༅།།བདེ་ཐང་ལུས་གསོའི་སྐོར་ལ་ཨེམ་ཆི་ཁོང་གིས་འདི་འདྲ་གསུངས་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 11-06



        ཧྲང་ཧའེ་ཐུང་ཅི་སྨན་ཁང་གི་དགེ་རྒན་ཆེ་མོ་བ་ཞུས་ཧུའེ་ཀྲེན་གྱི་འཕྲོས་སྦྱོར་ལུས་གསོའི་སྐོར་གྱི་དྲི་བ་དྲིས་ལན།
        1.སྒོ་ང་ཇི་ལྟར་བཟས་ན་འཚོ་བཅུད་འཕྲོ་བརླག་མི་འགྲོའམ།
        ལན། རྡོག་བཙོས་བཏང་ནས་ཟ་དགོས།
        2.མ་ཉལ་གོང་རྔན་པ་ཕྲན་བུ་བཟས་ན་ཆོག་གམ། ཇི་ལྟར་ཟ་དགོས་སམ།
        ལན། ཟ་ཆོག འོན་ཀྱང་མང་པོ་ཟ་མི་ཉན།
        3.ལུས་གསོ་བདེ་སྲུང་བྱེད་པར་གལ་ཆེ་ཤོས་གང་ཡིན།
        ལན། བདེ་ཐང་དང་། སྤྲོ་སྣང་། ཚེ་རིང་པོ་བཅས་སོ།
        4.མིའི་དབང་པོ་གང་ཞིག་སྔོན་ལ་རྒས་སམ།
        ལན། མིའི་རྐང་པ་སྔོན་ལ་རྒས་འགྲོ
        5.བདེ་ཐང་དང་། སྤྲོ་སྣང་། ཚེ་རིང་པོ་བཅས་ལས་གལ་ཆེ་ཤོས་གང་ཡིན།
        ལན། གལ་ཆེ་ཤོས་སྤྲོ་སྣང་ངོ་།
        6.རྒན་རྒོན་འཚོ་བའི་དལ་གསུམ་མགྱོགས་གཅིག་གང་ཡིན་ནམ།
        ལན། ལྟོ་ཆས་དལ་བུར་ཟ་བ་དང་། དབུགས་དལ་བུར་གཏོང་བ། ཆུ་དལ་བུར་འཐུང་བ་བཅས་དལ་གསུམ་དང་། མགྱོགས་པོ་གཅིག་སྟེ་གོམ་པ་མགྱོགས་པོ་རྒྱག་པའོ།
        7.ཡང་སྙིང་རླབས་ཐབ་སྤྱད་ན་འགྲིག་གམ། ཇི་ལྟར་སྤྱོད་དགོས་སམ།
        ལན། སྤྱོད་ཆོག ཡིན་ནའང་སྐར་མ་1ནས་2བར་ལས་སྤྱོད་རྒྱུ་མེད། 
        8.ཀླད་པ་མང་ཙམ་དཀྲུག་དགོས་སམ། ཡང་ན་མང་པོ་དཀྲུག་རྒྱུ་མེད་དམ།
        ལན། མང་ཙམ་དཀྲུག་དགོས་པ་མ་ཟད། རྟག་ཏུ་དཀྲུག་དགོས།
        9.དགོང་ཟས་ཇི་ལྟར་ཟ་དགོས་སམ།
        ལན། ཉུང་ཙམ་དང་། སྔ་ཙམ། ཞན་ཙམ་ཟ་དགོས།
        10.ཉིན་གཅིག་ལ་ཚྭ་དང་སྣུམ་མང་ཉུང་ག་ཚོད་ཟ་དགོས་སམ། 
        ལན། ཉིན་རེར་ཚྭ་ཁེ་6དང་སྣུམ་ཧའོ་ཧྲེང་25ཡིས་འགྲིག
        11.གང་དག་གསུམ་ཟ་མི་རུང་ངམ།
        ལན། གཞི་རྒྱུ་བསྒྱུར་བ་དང་། དུས་ཚིགས་ལྡོག་པ། ཚིལ་སྐྱུར་ལྡོག་མ་བཅས་ཟ་མི་རུང་།
        12.ཅི་ཞིག་ལ་སྐར་མ་ཕྱེད་ཀ་གསུམ་ཟེར་རམ། ཅི་ཞིག་ལ་ཆུ་ཚོད་ཕྱེད་ཀ་གསུམ་ཟེར་རམ།
        ལན། ཞོགས་པ་གཉིད་ལས་སད་སྐབས་མལ་ཁྲིའི་སྟེང་དུ་སྐར་མ་ཕྱེད་ཀ་སྡོད་པ་དང་། ཙོག་པུར་ལངས་ནས་སྐར་མ་ཕྱེད་ཀ་སྡོད་པ། ས་ལ་བབས་ཏེ་སྐར་མ་ཕྱེད་ཀ་ལངས་པ། ཆུ་ཚོད་ཕྱེད་ཀ་གསུམ་ནི་ཞོགས་པ་སྦྱོང་བརྡར་ཆུ་ཚོད་ཕྱེད་ཀ་བྱེད་པ་དང་། ཉིན་དགུང་གཉིད་ཆུ་ཚོད་ཕྱེད་ཀ་ཉལ་བ། དགོང་མོ་འཆམ་འཆམ་ཆུ་ཚོད་ཕྱེད་ཀ་བྱེད་པ་བཅས་རེད།
        13.ཁྱད་པར་བཞི་གང་ཡིན་ནམ།
        ལན། གང་ཟག་གི་ཁྱད་པར་དང་། ལོའི་ཁྱད་པར། དུས་ཚོད་ཀྱི་ཁྱད་པར། ཕོ་མོའི་ཁྱད་པར་བཅས་སོ།
        14.རྒན་རྒོན་ཚོས་ཉིན་རེར་གོམ་པ་ག་ཚོད་རྒྱག་དགོས་སམ།
        ལན། གོམ་པ་ལྔ་སྟོང་ཙམ་གྱིས་འགྲིག
        15.སྦང་ཇ་འཐུང་སྐབས་དོ་སྣང་བྱེད་དགོས་ས་གཉིས་གང་ཡིན་ནམ།
        ལན། ཡག་ཤོས་བྱུང་ན་སླ་ཙམ་འཐུང་བ་དང་། ཕྱི་དྲོའི་ཆུ་ཚོད་གསུམ་པ་ཡོལ་རྗེས་འཐུང་མི་རུང་།
        16.ཉིན་རེར་ཆུ་ཇི་ཙམ་འཐུང་དགོས་སམ།
        ལན། ཉིན་རེར་ཆུ་ཕོར་པ་དྲུག་ནས་བརྒྱད་བར་འཐུང་དགོས། ཕོར་པ་རེར་ཉུང་ཤོས་ཧའོ་ཧྲེང་250དགོས།
        17.ཞོགས་པའི་ཆུ་འཐུང་ཐེངས་དང་པོར་དོ་སྣང་གང་བྱེད་དགོས་སམ། ཇི་ལྟར་འཐུང་དགོས།
        ལན། ཆུ་ཁོལ་དྲོན་མོ་འཐུང་བ་དང་དལ་བུར་འཐུང་དགོས།
        18.བདེ་སྲུང་ལ་ལམ་ཚད་རྡོ་རིང་ལྟ་བུ་གསུམ་ཡོད་པ་དེ་དག་གང་ཡིན།
        ལན། བཟའ་བཏུང་ཐད་དོ་སྙོམས་པོ་དང་། སེམས་ཁམས་ཡག་པོ། སྒུལ་སྐྱོད་དལ་བའི་ལུས་རྩལ་བཅས་སོ།
        19.རྒྱལ་སྤྱིའི་ཐོག་ཀུན་གྱིས་ཁས་ལེན་པའི་ལུས་ཁམས་བདེ་སྲུང་གི་ཐོན་རྫས་ཡག་ཤོས་དྲུག་ནས་དང་པོ་དེ་གང་ཡིན་ནམ།
        ལན། ཇ་ལོ་ལྗང་ཁུ།
        20.རྒན་རྒོན་གྱི་བཟའ་བཏུང་ལ་འཛེམ་དགོས་པ་གསུམ་ཡོད་པ་གང་ཡིན་ནམ།
        ལན། མཁྲེགས་པོ་དང་། ཚ་དྲགས་པ། ཚི་ཆེ་བ་བཅས་ཀྱི་ཟས་རིགས་ཟ་མི་རུང་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1