༄༅།།རྒྱུན་མཐོང་ཞོར་ཟས་ཁག་གཅིག་ནང་སྐྲན་ནད་སློང་རྫས་ཡོད་པ་ཤེས་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 11-09


     ཉེ་ཆར། ཧྲན་ཀྲེན་གྲོང་ཁྱེར་འཛད་སྤྱོད་པའི་ཨུ་ལྷན་གྱིས་དྲ་ཐོག་དང་དྲ་ཕྱི་ནས་རྒྱལ་ཁབ་ཕྱི་ནང་གི་ཞོག་ཁོག་ལེབ་མོའི་གྲགས་ཅན་ཚོང་རྟགས་ཁག་15བདམས་ཏེ། ཆེད་ལས་སྤུས་བཤེར་ཀུང་སིར་ཞིབ་བསྡུར་ཚོད་ལྟ་བྱེད་དུ་བཅུག་ཡོད།

     ཐེངས་འདིའི་ཞིབ་བསྡུར་ཚོད་ལྟའི་དཔེ་མཚོན་ཐོན་རྫས་ལ་སྣུམ་བཙོས་ཞོག་ཁོག་ལེབ་མོ་དང་བསྲེགས་བཙོས་ཞོག་ཁོག་ལེབ་མོ་ཁག་15བདམས་ཡོད། དེའི་ནང་ནང་འདྲེན་སྣུམ་བཙོས་ཞོག་ཁོག་ལེབ་མོ་དང་། རྒྱལ་ནང་ནས་ཐོན་པའི་སྣུམ་བཙོས་ཞོག་ཁོག་ལེབ་མོ། དེ་བཞིན་བསྲེགས་བཙོས་ཞོག་ཁོག་ལེབ་མོ་བཅས་ཚུད་ཡོད། དེ་དག་ཁྲོད་ནང་འདྲེན་བྱས་པའི་སྣུམ་བཙོས་ཞོག་ཁོག་གི་ཐོན་ཡུལ་ལྔ་ནི་ཨ་རི་དང་། ནེའུ་ཤི་ལན། ཨའོ་སི་ཁྲུ་ལི་ཡ། འཇར་མན་བཅས་ཡིན་པ་རེད།

     ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད། བདེ་འཇགས་ཀྱི་ཚད་གཞིའི་ངོས་ནས་བཤད་ན། ཞོག་ཁོག་ལེབ་མོའི་དཔེ་མཚོན་ཐོན་རྫས་ཁག་15ཡི་སྐྱེ་དངོས་ཕྲ་རབ་ཀྱི་ཚད་གཞི་དང་། ལྕགས་རིགས་ལྗིད་གྲས་ཀྱི་སྦགས་བཙོག་དངོས་རྫས། དབྱང་འགོག་དངོས་རྫས་བཅས་ཚང་མ་རྒྱལ་ཁབ་ཀྱི་ཚད་གཞིའི་བླང་བྱ་དང་མཐུན་པ་མ་ཟད། ལྡོག་ཚུལ་གྱི་ཚིལ་སྐྱུར་འདུས་ཚད་དམའ་པོ་ཡོད་པ་རེད།
    དེའི་ནང་གྲགས་ཅན་ཚོང་རྟགས་ལོ་ལུན་ཙི་ (Lorenz)དང་། ལེ་ཧྲི་(ཨ་རིའི་ཐོན་རྫས)    RED ROCK DELI  ཡན་ཅིན་ཕུའུ་ཙི། ཧའོ་ལི་ཡིའུ་སོགས་རིགས་ལྔའི་ནང་ལྡོག་ཚུལ་ཚིལ་སྐྱུར་ཞིབ་བཤེར་བྱུང་མེད།
    ཁྱོན་ཡོངས་ཀྱི་གནས་ཚུལ་ལ་བལྟས་ན། སྣུམ་བཙོས་རིགས་ཀྱི་ཞོག་ཁོག་ལེབ་མོའི་ཞག་ཚིལ་འདུས་ཚད་ནི་བསྲེགས་བཙོས་རིགས་ཀྱི་ཞོག་ཁོག་ལེབ་མོའི་ལྡབ་1.5ཡིན་པ་དང་། སྣུམ་བཙོས་རིགས་ཀྱི་ཞོག་ཁོག་ཁྲོད། ནང་འདྲེན་བྱས་པའི་སྣུམ་བཙོས་ཞོག་ཁོག་ལེབ་མོའི་ཆ་སྙོམས་ནཱའ་རྫས་འདུས་ཚད་དེ་རྒྱལ་ནང་ནས་ཐོན་པའི་སྣུམ་བཙོས་ཞོག་ཁོག་ལེབ་མོའི་ལྡབ་1.7ཡིན་ཞིང་། རྒྱལ་ནང་ནས་ཐོན་པ་བལྟོས་བཅས་ཀྱིས་བདེ་ཐང་ཡིན།
     དོ་སྣང་བྱེད་དགོས་པ་ཞིག་ནི་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད་ད་དུང་ཞོག་ཁོག་ལེབ་མོ་རིགས་བདུན་གྱི་ཁྲོད་2Aརིགས་ཀྱི་འབྲས་སྐྲན་སློང་རྫས་པིང་སིན་ཤན་ཨེན་(丙烯酰胺)འདུས་ཚད་ཡོ་རོབ་མནའ་འབྲེལ་གྱིས་གཏན་འཁེལ་བྱས་པའི་ཚད་གཞི་ལས་མཐོ་བ་ཡོད་པ་རེད།
     སྤྱི་ཡོངས་ཀྱི་གནས་ཚུལ་ལ་བལྟས་ན། བསྲེགས་བཙོས་རིགས་ཀྱི་ཞོག་ཁོག་ལེབ་མོའི་པིང་སིན་ཤན་ཨེན་གྱི་ཆ་སྙོམས་འདུས་ཚད་ནི་སྣུམ་བཙོས་རིགས་ཀྱི་ཞོག་ཁོག་གི་ཆ་སྙོམས་འདུས་ཚད་ལས་ལྡབ་6ཙམ་གྱིས་མང་བ་ཡོད་པརེད།

པིང་སིན་ཤན་ཨེན་གྱི་གསལ་བཤད།

པིང་སིན་ཤན་ཨེན་གྱི་གདེང་འཇོག་རེའུ་མིག 
     ཞོག་ཁོག་ལེབ་མོའི་དཔེ་མཚོན་ཐོན་རྫས་ཁག་བརྒྱད་ཡོ་རོབ་མནའ་འབྲེལ་གྱིས་གཏན་འཁེལ་བྱས་པའི་པིང་སིན་ཤན་ཨེན་གྱི་རྩ་བའི་ཚད་གཞི་ལས་དམའ་བ་ཡོད་པ་དང་། དེའི་ནང་རྒྱལ་ནང་ནས་ཐོན་སྐྱེད་བྱས་པ་ཁག་བཞི་དང་ནང་འདྲེན་བྱས་པ་ཁག་བཞི་ཡོད།  
     པིང་སིན་ཤན་ཨེན་ནི་2Aརིགས་ཀྱི་འབྲས་སྐྲན་སློང་རྫས་ཡིན་པ་དང་། བྱིས་པ་ནི་གནོད་འཚེ་ཐེབས་སླ་བའི་མི་ཚོགས་ཤིག་ཡིན། ཞིབ་འཇུག་ལས་མངོན་པར། པིང་སིན་ཤན་ཨེན་ནི་སྐྱེ་འཕེལ་དང་རྒྱུད་འཛིན་ལ་མཚོན་ན་དུག་གཤིས་ངེས་ཅན་ཞིག་ཡོད་མོད། འོན་ཀྱང་མིག་སྔར་རྒྱལ་སྤྱིའི་སྟེང་དང་རྒྱལ་ནང་དུ་ཟས་རིགས་ཁྲོད་པིང་སིན་ཤན་ཨེན་ཚད་བཀག་གི་ཁྲིམས་སྲོལ་དང་འབྲེལ་ཡོད་ཚད་གཞི་གཏན་འབེབས་བྱས་མེད།
     ཅི་ཞིག་ལ་པིང་སིན་ཤན་ཨེན་ཟེར་རམ་ཞེ་ན།
     པིང་སིན་ཤན་ཨེན་ནི་༼སོར་ཆུད་མངར་ཆ་༽དཔེར་ན་༼རྒུན་འབྲུམ་མངར་ཆ་དང་སིལ་ཏོག་མངར་ཆ་སོགས་༽དང་། ཨེམ་རྨང་སྐྱུར་སྣུམ་བཙོས་དང་། བསྲེགས་བཙོས། བརྔོས་བཙོས་བཅས་ཀྱི་བརྒྱུད་རིམ་ཁྲོད། ༼མེ་ལ་ཏེ་འགྱུར་འབྱུང་“美拉德反应”༽ལས་བྱུང་བ་དང་། མེ་ལ་ཏེ་འགྱུར་འབྱུང་ཞེས་པ་ནི་ཟས་རིགས་ཀྱི་ཁ་དོག་རིམ་བཞིན་ཇེ་ཟབ་ཏུ་འགྲོ་བ་མ་ཟད་དྲི་ཞིམ་འཐུལ་བའི་བརྒྱུད་རིམ་ལ་ཟེར་བ་སྟེ་དཔེར་ན་ཤ་བསྲེགས་མ་དང་བག་ལེབ་བསྲེགས་མ་ལྟ་བུ་རེད།
     པིང་སིན་ཤན་ཨེན་ལ་གནོད་འཚེ་ཅི་ཞིག་ཡོད།
     ཐོག་མར་པིང་སིན་ཤན་ཨེན་ནི་མི་མངོན་པའི་འབྲས་སྐྲན་སློང་རྫས་ཤིག་ཡིན་ཞིང་། དེ་གཟུགས་པོའི་ནང་འཛུལ་རྗེས། DNAསྟེང་གི་ནའོ་ཕའོ་ལིང་༼鸟嘌呤༽དང་ཟུང་འབྲེལ་བྱས་ནས་འདྲེས་རྫས་གྲུབ་པ་དང་། དེས་རྒྱུད་རྒྱུ་ཐོལ་འགྱུར་སོགས་རྒྱུད་འཛིན་དངོས་པོར་གནོད་སྐྱོན་བཟོ་སྲིད་ལ། དེ་མིན་པིང་སིན་ཤན་ཨེན་གྱིས་དབང་རྩའི་མ་ལག་དང་ཕྲུ་གུ་དམར་འབྱར་གྱི་སྔ་དུས་ཀྱི་འཚར་སྐྱེས་དང་སྐྱེས་པའི་སྐྱེ་འཕེལ་བདེ་ཐང་ཐད་གནོད་པ་བཟོ་སྲིད།
     འཛད་སྤྱོད་དྲན་སྐུལ།
     1.ཞོག་ཁོག་ལེབ་མོར་སྣུམ་རྒྱུ་དང་ནཱ་རྫས། ནུས་རྒྱུ་བཅས་མང་བ།
     ཞོག་ཁོག་ལེབ་མོ་རིགས་15ཁྲོད་ཀྱི་13ལ་ཞག་ཚིལ་མང་ཞིང་། 4ཡི་ནང་ནཱ་རྫས་མང་བ་༼ཚྭ་མང་བ་༽དང་། དུས་ཡུན་རིང་པོར་ཚྭ་དང་ཞག་ཚིལ་མང་བའི་ཟས་རིགས་བཟས་ན་ལུས་གཟུགས་རྒྱགས་པོར་འགྱུར་བ་དང་ཁྲག་ཚིལ་རྒྱུན་ལྡན་མིན་པ། སྙིང་གི་ཁྲག་རྩའི་ནད་སོགས་ཕོག་པའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད།
     2.བྱིས་པ་དང་གཞོན་ནུ་ལོ་ཆུང་གིས་ཉུང་ཙམ་ཟོས་ན་བཟང་།
     ༼སྤྱི་ལོ་2018ལོའི་ཀྲུང་གོའི་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་ཞོར་ཟས་ཕྱོགས་སྟོན་༽གཞིར་བཟུང་། ཚྭ་དང་ཞག་ཚིལ་མཐོ་བའི་ཞོར་ཟས་ཉུང་ཙམ་ཟ་དགོས་པ་དང་། ཞོག་ཁོག་ལེབ་མོ་བཟའ་བར་ཚོད་འཛིན་བྱེད་དགོས།
     3.འཚོ་བཅུད་ཤོག་བྱང་ཀློག་སྐབས་དོ་སྣང་བྱེད་དགོས།
     ཞོག་ཁོག་ལེབ་མོ་ཉོ་སྐབས། འཚོ་བཅུད་གྲུབ་ཆའི་ཤོག་བྱང་སྟེང་དུ་ཡོད་པའི་བཟའ་བྱའི་ཚད་གཞི་༼དཔེར་ན་30g/རེ་༽དམ་ཡང་ན་ཁེ་100རེའི་འཚོ་བཅུད་འདུས་ཚད་སྟེ་༼དཔེར་ན་ནུས་རྒྱུ་དང་ཞག་ཚིལ། ནཱ་རྫས་སོགས་ལྟ་བུ་༽བཀོད་པ་དེས་ཞོག་ཁོག་ལེབ་མོ་ཐུམ་བསྒྲིལ་གྱི་འཚོ་བཅུད་འདུས་ཚད་ཡོངས་མཚོན་ཐུབ་ཀྱི་མེད།
     4.ཞོག་ཁོག་སྲེག་མ་ནི་སྣུམ་བཙོས་ཞོག་ཁོག་ལས་བདེ་ཐང་ཡིན་པའི་ངེས་པ་མེད།
རྒྱལ་ནང་ནས་ཐོན་པའི་སྲེག་བཙོས་རིགས་ཀྱི་ཞོག་ཁོག་ལེབ་མོའི་ནཱའ་རྫས་ཆ་སྙོམས་འདུས་ཚད་༼557mg/100g༽ནི་རྒྱལ་ནང་ནས་ཐོན་པའི་སྣུམ་བཙོས་ཞོག་ཁོག་ལེབ་མོའི་༼33mg/100g༽ ལྡབ་1.5ཡིན་ཞིང་། བསྲེགས་བཙོས་རིགས་ཀྱི་ཞོག་ཁོག་ལེབ་མོའི་པིང་སིན་ཤན་ཨེན་ཆ་སྙོམས་འདུས་ཚད་ནི་སྣུམ་བཙོས་རིགས་ཀྱི་ཞོག་ཁོག་ལེབ་མོ་ལས་མང་བ་དང་། ཞོག་ཁོག་ལེབ་མོ་སོགས་སྲེག་མ་དང་། བརྔོས་མའི་རིགས་ཀྱི་ཟས་རིགས་ཉུང་དུ་བཟའ་དགོས་ལ། ཟས་རིགས་དོ་སྙོམས་དང་སྣུམ་ཉུང་ཚྭ་ཉུང་། སྣ་མང་ཅན་གྱི་ཟས་རིགས་བཅས་བཟའ་རྒྱུའི་གོམས་གཤིས་རྒྱུན་འཁྱོངས་བྱེད་དགོས།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1