ཟླ་11ཚེས་5ཉིན། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པར་སླར་ཡང་གྲུབ་འབྲས་གསར་པ་ཐོབ་པ་སྟེ། ཀྲུང་གོའི་ཚན་རིག་ཁང་ཚན་ཞིབ་ཚོགས་པས་རང་རྒྱལ་གྱི་སྐྱེ་དངོས་གསར་པའི་ཟིན་ཐོ་སྟེ་རྒྱ་གར་གྱི་ཏིག་ཏ་རྙེད་པ་རེད། རིགས་གཅིག་མཁས་པས་བཤད་དོན། ཐེངས་འདིར་རང་རྒྱལ་མངའ་ཁོངས་ཀྱི་རི་ཐང་ནས་རྒྱ་གར་གྱི་ཏིག་ཏ་རྙེད་པ་དེ་ནི་མཚོ་བོད་མཐོ་སྒང་གི་བོད་སྨན་སྨན་རྫས་སྐྱེ་དངོས་ཐོན་ཁུངས་ཁྱབ་ཚུལ་གྱི་ངོས་འཛིན་དང་རིགས་དེ་སྲུང་སྐྱོང་དང་རྒྱུན་སྐྱོང་བེད་སྤྱོད་ལ་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན།
རྒྱ་གར་གྱི་ཏིག་ཏ་ནི་རྒྱ་གར་གྱི་སྲོལ་རྒྱུན་སྨན་རྫས་དང་རང་རྒྱལ་བོད་སྨན་ཁྲོད་དུ་རྒྱ་ཆེར་བེད་སྤྱོད་བྱེད་ཀྱིན་ཡོད། དེ་ནི་བོད་སྨན“ཏིག་ཏ”ཡི་ཡོང་ཁུངས་གཙོ་བོ་ཡིན། བོད་སྨན་ལས་རིགས་སུ་ཏིག་ཏ་ཡག་ཤོས་ཡིན་པ་མཐོང་བས། དེ་ལ་“རྒྱ་ཏིག” ཅེས་འབོད་པ་དང་། བོད་སྨན་གྱིས་མཆིན་པ་དང་མཁྲིས་ནད་རིགས་ལ་སྤྱོད་པའི་སྨན་རྫས་ཨང་དང་པོ་དེ་རེད།
གསར་འགོད་པས་ཀྲུང་གོའི་ཚན་རིག་ཞིབ་འཇུག་ཁང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་གསལ། 2020ལོའི་ཟླ་9པའི་ཟླ་དཀྱིལ་ནས་ཟླ་10པའི་ཟླ་སྟོད་བར། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པའི་བོད་སྨན་ཐོན་ཁུངས་ཕྱིརོལ་རྟོག་ཞིབ་ཁྲོད།ཞིབ་འཇུག་པ་ཝེ་ལི་ཞིན་གྱིས་སྣེ་ཁྲིད་པའི་བོད་སྨན་ཐོན་ཁུངས་ཕྱི་རོལ་ཚན་རིག་རྟོག་ཞིབ་རུ་ཁག་གིས། བོད་ལྗོངས་ལྷོ་ཕྱོགས་གཞིས་ཀ་རྩེ་ཧི་མ་ལ་ཡའི་རི་རྒྱུད་ཇོ་མོ་གླང་མའི་ས་ཁུལ་ནས་རི་ཐང་དུ་སྐྱེས་པའི་རྒྱ་གར་གྱི་ཏིག་ཏ་གསར་རྙེད་བྱུང་བ་རེད། སྐྱེ་དངོས་རིགས་འདི་ནི་རྒྱ་གར་བྱང་ཕྱོགས་དང་ཁྲ་མོ།ཁེ་ཧྲི་སྨིར།འབྲུག་ཡུལ།ནེ་པ་ལ་སོགས་སུ་ཁྱབ་ཡོད་ཅིང་། དེ་འབྲེལ་རི་ཐང་དུ་སྐྱེས་པའི་ཐོན་ཁུངས་ཁྱབ་ཚུལ་གྱི་གནས་ཚུལ་ནི་རང་རྒྱལ་གྱིས་ད་སྔོན་ཕྱི་ཕྱོགས་སུ་སྤྱི་བསྒྲགས་སྤེལ་མྱོང་མེད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་གར་གྱི་ཏིག་ཏ་སྲོལ་རྒྱུན་སྨན་རྫས་ནང་རྒྱ་ཁྱབ་ཏུ་སྤྱོད་པ་དང་སྤྱོད་ཁྱོན་ཇེ་ཆེར་སོང་བའི་རྐྱེན་གྱིས་ད་ཡོད་རྒྱ་གར་གྱི་ཏིག་ཏའི་རིགས་ཇི་ཉུང་དུ་འགྲོ་བཞིན་ཡོད་པས། དེ་ཉིད་རྒྱ་གར་གྱི་རྩ་མེད་དུ་འགྲོ་ཉེན་ཡོད་པའི་སྲུང་སྐྱོང་སྐྱེ་དངོས་རིམ་པ་གཉིས་པའི་གྲས་སུ་བཅུག་ཡོད།
(http://tibet.people.com.cn/15829154.html)