༄༅།།ཀྲུང་དབྱང་གིས་ལས་འཁྱུར་སྐོར་ལ་གྲོས་གཞི་འདི་བཏོན་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 11-11


          ཉེ་ལམ་ཀྲུང་གུང་ཀྲུང་དབྱང་གིས་ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚད་རིམ་བཞིན་ཕྱིར་འགྱངས་བྱེད་པ་སོགས་ཀྱི་ཐད་ལ་གྲོས་གཞི་བཏོན།  གྲོས་གཞི་རུ་བསྟན་དོན། དམངས་ཡོངས་ལ་ཁྱབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ།   འདྲ་མཉམ་གཅིག་གྱུར། རྒྱུན་མཐུད་རུང་བ་བཅས་ཀྱི་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་དགོས་པ་དང་།  སྤྱི་ཚོགས་འགན་སྲུང་སྤོ་སྒྱུར་རྒྱུན་མཐུད་ལ་སྐུལ་འདེད་བཏང་ནས། གཞི་རྩའི་རྒན་གསོ་དང་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མ་དངུལ་གྲབས་གསོག་དང་ཐོབ་ཐང་ལེགས་སྒྲིག་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། གཞི་རྩའི་རྒན་གསོའི་འགན་བཅོལ་རྒྱལ་ཡོངས་སུ་གཅིག་གྱུར་འཆར་འགོད་མངོན་འགྱུར་ཡོང་བ་བཅས་བྱེད་དགོས་ཤིང་། ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚད་རིམ་བཞིན་ཕྱིར་འགྱངས་བྱ་རྒྱུ་ལག་བསྟར་བྱེད་དགོས། རིམ་པ་མང་ཞིང་འདེགས་བྱེད་མང་བའི་རྒན་གསོའི་འགན་བཅོལ་མ་ལག་འཕེལ་རྒྱས་གཏོང་དགོས་པ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་དང་།  ལས་ཤོར་འགན་བཅོལ། ལས་རྨས་འགན་བཅོལ་བཅས་ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་བྱེད་པར་སྐུལ་འདེད་གཏོང་དགོས་ལ། ནད་རིགས་ཚབས་ཆེན་གྱི་སྨན་བཅོས་འགན་བཅོལ་དང་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་དང་། ས་ཆ་གཞན་དུ་སྨན་བཅོས་བསྡོམས་རྩིས་རྒྱག་པ་དོན་འཁྱོལ་བྱེད་པ། ཡུན་རིང་ནད་སྐྱོང་འགན་བཅོལ་ལམ་ལུགས་བརྟན་པོའི་ངང་འཛུགས་པ། ཚོང་ལས་སྨན་བཅོས་ཀྱི་འགན་བཅོལ་འཕེལ་རྒྱས་ཆེན་པོ་གཏོང་བ་བཅས་བྱེད་དགོས།  སྟབས་བསྟུན་ལས་ཞུགས་མི་སྣའི་སྤྱི་ཚོགས་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ལ།  དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིའི་ལས་ཀའི་མ་ལག་དང་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། རིམ་པ་དང་རིགས་དགར་གྱི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཐུས་ཚང་དུ་གཏོང་དགོས་པ་དང་།  ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་བྱས་ནས་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་དགོས།  རྒན་པ་དང་དབང་པོ་སྐྱོན་ཅན་ལ་གཅེས་སྐྱོང་བྱེད་པའི་ཞབས་ཞུའི་མ་ལག་དང་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་། དབང་པོ་སྐྱོན་ཅན་དང་དྭ་ཕྲུག་སོགས་ལ་རོགས་སྐྱོར་བྱེད་པའི་སྤྱི་ཚོགས་ཕན་བདེའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་སྤྱི་ཚོགས་འགན་བཅོལ་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་འཐུས་ཚང་དུ་གཏོང་དགོས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1