དྭངས་གཙང་གི་རི་ཆུ་སྲུང་སྐྱོང་ལེགས་པོ་བྱ་ཆེད་དང་། རྔ་བ་རྫོང་གི་གཅིག་སྡུད་རྣམ་པའི་འཐུང་ཆུའི་མགོ་ཁུངས་ཀྱི་ཆུ་སྤུས་བདེ་འཇགས་དང་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་ཆེད། ད་ལོར། རྔ་བ་རྫོང་གིས་རྫོང་མཁར་དང་གྲོང་རྡལ། ཡུལ་ཚོ་བཅས་ཀྱི་འཐུང་ཆུའི་མགོ་ཁུངས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལས་གྲྭ་སྤེལ་མགོ་ཚུགས། མིག་སྔར་ལས་གྲྭ་དེས་རྫོང་མཁར་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་མགོ་ཁུངས་དེ་རིམ་པ་དང་པོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཟུར་འཇོག་དྲ་བ་དང་བར་ཐག་སྨི་2300ལྷག་ཙམ་ཡོད་པར་བྱས་ཏེ། ས་མཚམས་བྱང་བུ་7དང་། དྲིལ་བསྒྲགས་བྱང་བུ་5། འགྲིམ་འགྲུལ་ཉེན་བརྡའི་བྱང་བུ་5བཅས་སྒྲིག་སྦྱོར་བྱས་ནས་ལས་དོན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་ཡོད།
ལས་གྲྭ་བསྐྲུན་རྗེས་མང་ཚོགས་ཀྱི་འཐུང་ཆུར་སྦགས་བཙོག་གི་ཉེན་ཁ་ནུས་ལྡན་ངང་བཀག་འགོག་དང་ཆུང་དུ་གཏོང་ཐུབ་ལ། འཐུང་ཆུའི་མགོ་ཁུངས་ཁྲིམས་ལུགས་ཅན་དང་ཚན་རིག་ཅན། ཚད་ལྡན་ཅན་བཅས་སུ་སྲུང་སྐྱོང་བྱེད་པར་ཕན་པ་ཆེན་པོ་ཡོད་ལ་མང་ཚོགས་ཚོས་ཀྱང་དྭངས་གཙང་ལྷད་མེད་ཀྱི་རང་བྱུང་ཆུ་འཐུང་ཐུབ་པ་བྱུང་ཡོད།
གོམ་སྟབས་རྗེས་མར། རྔ་བ་རྫོང་གིས་འཐུང་ཆུའི་མགོ་ཁུངས་དོ་དམ་དང་སྲུང་སྐྱོང་ལ་ཤུགས་སྣོན་བྱས་ཏེ། བདེ་འཇགས་འགན་ལེན་བྱེད་ཐབས་དོན་འཁྱོལ་བྱས་ནས་སྦག་བཙོག་དུས་ཐོག་ཏུ་ཤེས་རྟོགས་དང་མེད་པར་བཟོ་བ་བཅས་བྱས་ཏེ། རྫོང་ཡོངས་ཀྱི་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་སྔར་བས་འགན་ལེན་བྱ་རྒྱུ་རེད།