ལི་ཁེ་ཆང་གིས་དཔལ་འབྱོར་དུས་བབ་ཀྱི་རིགས་གཅིག་མཁས་ཅན་དང་ཁེ་ལས་མཁས་པའི་བཞུགས་མོལ་ཚོགས་འདུ་ལ་གཙོ་སྐྱོང་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 11-18


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་16ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་དཔལ་འབྱོར་དུས་བབ་ཀྱི་རིགས་གཅིག་མཁས་ཅན་དང་ཁེ་ལས་མཁས་པའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།
        ཚོགས་འདུའི་ཐོག ཝང་ཁྲང་ལིན་དང་། ཞུས་སི་ཐའོ་སོགས་རིགས་གཅིག་མཁས་ཅན་དང་ཀྲེང་ཐའེ་ཚོགས་པ་དང་། ལན་ཡིང་ཀུང་སི། ཡུང་ཧུའེ་སྒོ་རྩིས་ཚོང་ཁང་བཅས་ཀྱི་འགན་འཁུར་མི་སྣས་གཏམ་བཤད་གནང་ཡོད་པ་རེད། ལི་ཁེ་ཆང་གིས། ད་ལོའི་དཔལ་འབྱོར་གོང་འཕེལ་འགྲོ་རྒྱུར་དམིགས་བསལ་དཀའ་ངལ་འཕྲད་པས། དེར་གྲུབ་འབྲས་ཐོབ་པ་དེ་ཡང་ལས་སླ་པོ་ཞིག་མ་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག ས་གནས་ཁག་དང་ཚན་པ་ཁག་གིས་ཏངཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པ་དང་། བརྟན་པོ་དྲུག་གི་ལས་དོན་ཡག་པོ་སྒྲུབ་པ། འགན་ལེན་དྲུག་གི་ལས་འགན་དོན་འཁྱོལ་བྱེད་པ། སྤྱི་ཁོག་སྙོམས་སྒྲིག་དང་ཕྲ་མཐོང་དགོས་མཁོ་གཉིས་ཟུང་སྦྲེལ་དམ་ཟབ་བྱས་ནས། ཁྲོམ་རའི་གཙོ་གཟུགས་བརྟན་པོ་སྲུང་བ་དང་། སྲིད་ཇུས་ཕན་ནུས་ཆེ་ཞིང་དུས་ཐོག་ལུགས་མཐུན་ཡིན་པ། ཁྲོམ་རའི་གཙོ་གཟུགས་དུང་ཕྱུར་གཅིག་ལྷག་གིས་ཀྱང་མཉེན་ཤུགས་ཆེན་པོ་མངོན་པ། ཕྱོགས་ཁག་ནས་དུས་ངལ་ཁྱད་བསད་བྱས་ཏེ། དཔལ་འབྱོར་གྱི་གཞི་རྩ་བརྟན་པོ་སྲུང་ཡོད། མིག་སྔར། རྒྱལ་ཁབ་ཕྱི་ནང་གི་དུས་བབ་སྔར་བཞིན་རྙོག་འཛིང་ཆེ་བ་དང་ཛ་དྲག་པོ་ཡོད་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་བཀོད་སྒྲིག་དོན་འཁྱོལ་བྱེད་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱེད་པ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གནད་ལ་འཕིགས་པའི་སྒོ་ནས་ལས་སྒྲུབ་བྱེད་པ། དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་མཚམས་སུ་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། གོང་འཕེལ་གྱི་རྣམ་པ་གསར་པ་གཏོད་དགོས་ཞེས་གསུངས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1