ཡུན་ནན་གཡུ་ལུང་རྫོང་གི་རྒྱལ་ཁབ་ཀྱི4Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་གནས་པའི་ལི་ཅང་གཡུ་ཆུ་གྲོང་ཚོའི་ཆུ་རྩེན་ཉ་མོ།
ཞིང་ཆེན་ལི་ཅང་གྲོང་ཁྱེར་གཡུ་ལུང་འཇང་རིགས་རང་སྐྱོང་རྫོང་གིས་ལི་ཅང་གྲོང་ཁྱེར་གྱི་ཡུལ་སྐོར་ཐོན་ཁུངས་ཀྱི75%བཟུང་ཡོད་དེ། འཇང་རི་སྨུག་པོ་དང་། སྟག་མཆོང་འགག འཛམ་གླིང་གི་རང་བྱུང་ཤུལ་བཞག་སྟེ་ལའོ་ཅུན་རི་བོ། ལེ་དབར་ཁྲི་ཡི་འབྲི་ཆུའི་མཚོ་ཁུག་དང་པོ། རི་ཇ་ཁྲི་མ་འབུམ། རྒྱལ་སྤྱིའི་འདམ་ར་གལ་ཆེན་ལ་ཧྲི་མཚོ། ཐའེ་ཨན་གྱི་མུའུ་ཁྲིའི་མེ་ཏོག་མཚོ་མོ་སོགས་ཁྱེད་ཀྱི་བསམ་ཡུལ་ལས་འདས་པའི་ངོ་མཚར་གྱི་ཡུལ་ལྗོངས་ཚང་མ་དེ་གར་འདུས་ཡོད་ལ། དུས་ཚིགས་རེ་རེ་བཞིན་ཁུ་སུམ་མེར་མཛེས་ཉམས་སྟོན་ཅིང་ལོ་རེ་རེ་བཞིན་ལྟ་བས་ཆོག་མི་ཤེས་པ་ཞིག་རེད།
གཡུ་ལུང་རྫོང་གི་རྒྱལ་ཁབ་ཀྱི4Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་གནས་པའི་ལི་ཅང་གཡུ་ཆུ་གྲོང་ཚོའི་རི་མཐོའི་རྩྭ་ཐང་།
གཡུ་ལུང་ནི་མཚོ་བོད་ས་མཐོ་སྒང་དང་ཡུན་ཀུའེ་མཐོ་སྒང་གཉིས་ཀྱི་གཅེས་ཕྲུག་ཅིག་དང་འདྲ་ལ། ནམ་ཟླ་དགུན་ལ་སླེབས་ནས་ཡུན་རིང་སོང་ཡང་ས་མཐོའི་སྟོན་མདངས་སྔར་བཞིན་གཡུ་ལུང་ལ་རྩེན་བཞིན་བྲལ་བའི་སེམས་པ་ཡེ་ནས་མེད། རི་སྟེང་གི་སྡོང་བོ་དང་འཁྲི་ཤིང་། མེ་ཏོག་དང་འབྲས་བུ། རྩྭ་དང་ལོ་མ་བཅས་ཀྱིས་ལོ་གཅིག་གི་མཛེས་སྡུག་ཅིག་ཅར་དུ་ངོམ་བཞིན་དྲི་བསུང་ཡུལ་ལུང་ཀུན་ལ་ཁྱབ།
གཡུ་ལུང་རྫོང་གི་ཟླ་བ་སྔོན་མོའི་ལྗོངས་ཁུལ་དུ་གནས་པའི་མཚེའུ་དྭངས་མོ།
གཡུ་ལུང་གི་མཛེས་སྡུག་གླེང་སྐབས་གཡུ་ལུང་གི་ཆུ་མོ་མ་གླེང་ཐབས་མེད་ཡིན། འབྲི་ཆུའི་ཆུ་རྒྱུན་གཡུ་ལུང་ནས་བརྒྱུད་པའི་རིང་ཚད་སྟོང་སྨི364ཟིན་པ་ལས་གཞན་གཡུ་ལུང་ལ་ད་དུང་18ཡོད་པར་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ50ཡན་གྱི་ཆུ་བོ་ཡོད་པ་དང་། ཆུ་མིག་ཆེ་ཆུང62སོགས་གཡུ་ལུང་གི་གང་ས་གང་དུ་ཆུ་ཕྲན་དང་། མཚེའུ། རྫིང་བུ། ཆུ་ཡུར་སྣ་ཚོགས་ཀྱིས་ཁེངས་ཡོད།
གཡུ་ལུང་རྫོང་གི་གྲོང་མི་རྣམས་ཀྱིས་བཏབ་པའི་སྒོ་རའི་ནང་གི་མེ་ཏོག་ཡོངས་སུ་བཞད་པ།
ཚོན་མདངས་རྣམ་པར་བཀྲ་བའི་ཡུལ་ལྗོངས་ཀྱི་བཀོད་པ་སྣ་ཚོགས་ཆུ་ཡི་ནང་དུ་ཤར་ཞིང་། ཆུ་ངོས་ཀྱི་གཉེར་རིས་དང་བསྟུན་ནས་འགྱུར་བཞིན་འདུག་པས། སྐད་ཅིག་རེ་རེ་ལའང་རྣམ་པ་མི་འདྲ་བའི་ཕུལ་དུ་བྱུང་བའི་ཚོན་ཁྲ་ཅན་གྱི་རི་མོ་རེ་རེ་གྲུབ་ཅིང་། ཆུ་རྒྱུན་ཚོན་མདངས་ཀྱིས་ཁེངས་པས་འོད་སྣ་ཚོགས་ཆེམ་ཆེམ་བྱས་ཏེ་ཚོན་མདོག་གིས་ཕྱུག་པའི་ཆུ་རྒྱུན་སྐད་ཅིག་རེ་རེ་འགྱུར།
གཡུ་ལུང་རྫོང་གི་རྒྱལ་ཁབ་ཀྱི4Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་གནས་པའི་ལི་ཅང་གཡུ་ཆུ་གྲོང་ཚོའི་དྭངས་ཤིང་གསལ་བའི་རྫིང་ཆུའི་འཕྲུལ་སྣང་ལས་མི་རྣམས་མྱོས་པར་བྱེད་པའི་ཁ་དོག་ལྟ་ན་སྡུག
དེ་བས། སྐུ་མགྲོན་ལགས། ཁྱེད་རང་ཕེབས་ཤོག་དང་། གཡུ་ལུང་ན་ཆུ་ཀླུང་དང་ཁ་དོག་ལ་བརྒྱུས་པའི་དུང་སེམས་རླབས་ལྟར་འཕྱོ།
གཡུ་ལུང་རྫོང་དུ་གནས་པའི་ཟླ་བ་སྔོན་མོའི་ལྗོངས་ཁུལ་དུ་ས་ལ་འཐོར་བའི་ལོ་མ་དང་། རྩྭ་རྐང་། ས་ཞིང་བཅས་ཀྱིས་ཁ་དོག་སྣ་ཚོགས་སྦྱར་བ་ལས་ལྷ་ཡི་བྲིས་པའི་རི་མོ་འདྲ་བར་བྱུང་།
གཡུ་ལུང་རྫོང་གི་ཟླ་བ་སྔོན་མོ་འགག་གི་ལྗོངས་ཁུལ་མཚེའུ།
གཡུ་ལུང་རྫོང་གི་རི་ལམ་གྱི་ཡུལ་ལྗོངས།
གཡུ་ལུང་རྫོང་གི་རྒྱལ་ཁབ་ཀྱི4Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གནས་པའི་ལི་ཅང་གཡུ་ཆུ་གྲོང་ཚོའི་ལྗོན་ཤིང་གི་གསེབ་ཏུ་རྦབ་ཆུའི་མུ་ཏིག་ལྟ་བུའི་ཟེགས་མ་མཁའ་རུ་འཕྱོ།
གཡུ་ལུང་རྫོང་གི་རྒྱལ་ཁབ་ཀྱི4Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གྱི་ལི་ཅང་གཡུ་ཆུ་གྲོང་ཚོའི་སྔོ་ཁེབས།
བརྙན་ཤེལ་ཆུང་ཡང་འདི་ལ་སྡོང་ཆེན་རིགས5སྐྱེས་ཤིང་། སྐྱེ་དངོས་སྣ་མང་འཐུས་སྒོ་ཚང་བ་ནི་གཡུ་ལུང་རྫོང་གི་ཡུལ་ལྗོངས་ལྟ་ན་སྡུག་པའི་རྒྱུ་རྐྱེན་གཅིག་རེད།
གཡུ་ལུང་རྫོང་གི་རྒྱལ་ཁབ་ཀྱི4Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གྱི་ལི་ཅང་གཡུ་ཆུ་གྲོང་ཚོའི་འདམ་རའི་ངོས་སུ་ལྷུང་བའི་ཁམ་རྫ་དཀར་པོའི་ལོ་མ།
གཡུ་ལུང་རྫོང་གི་རྒྱལ་ཁབ་ཀྱི4A རིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་ལི་ཅིང་གཡུ་ཆུ་གྲོང་ཚོའི་མི་རྣམས་ཀྱིས་གསོམ་ཤིང་ལ་བཏགས་པའི་སྨོན་འདུན་རས་འཛར།
གཡུ་ལུང་རྫོང་ཟླ་བ་སྔོན་མོའི་ལྗོངས་ཁུལ་གྱི་མཚེའུ་འདིར་ཉི་འོད་ཀློང་ན་འོད་མདངས་ལམ་ལམ་དུ་འཕྲོ་བཞིན་མཆིས།