འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་ལྔ་དང་ས་ཡ་བདུན་འབུམ་གཉིས་ཁྲི་བདུན་སྟོང་བཞི་དང་བཅོ་བརྒྱད་ལ་སླེབས།
རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 11-24
ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་གཅིག་ཉིན་བསྒྲགས་པའི་གཞི་གྲངས་ཆེས་གསར་པ་ལྟར་ན། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་ལྔ་དང་ས་ཡ་བདུན་འབུམ་གཉིས་ཁྲི་བདུན་སྟོང་བཞི་དང་བཅོ་བརྒྱད་ལ་སླེབས།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དྲ་ཚིགས་ཀྱི་གསར་དུ་བསྒྲགས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་རྒྱུད་ཀྱི་དུས་ཚོད་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་ཞེ་བདུན་བར་དུ། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་ཉིན་སྔོན་མ་དང་བསྡུར་ན་འབུམ་དྲུག་དང་ཁྲི་བཞི་སྟོང་གཅིག་དྲུག་བརྒྱ་རེ་དྲུག་ཇེ་མང་དུ་སོང་ནས། བསྡོམས་པས་བྱེ་བ་ལྔ་དང་ས་ཡ་བདུན་འབུམ་གཉིས་ཁྲི་བདུན་སྟོང་བཞི་དང་བཅོ་བརྒྱུད་ལ་སླེབས། རྐྱེན་ལམ་དུ་ཤོར་བའི་ནད་པ་ཉིན་སྔོན་མ་དང་བསྡུར་ན་ཁྲི་གཅིག་དང་སྟོང་གཅིག་བདུན་བརྒྱ་ང་གཉིས་ཇེ་མང་དུ་སོང་ནས། བསྡོམས་པས་ས་ཡ་གཅིག་དང་འབུམ་གསུམ་ཁྲི་དྲུག་སྟོང་བརྒྱད་ལ་སླེབས། །