སི་ཁྲོན་ནས་མིག་སྔར་འཛམ་གླིང་ཐོག་གི་འབུ་བླ་མ་མ་ཎི་ཆུང་ཤོས་དེ་རྙེད་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-26



     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཁྲེང་ཏུའུ་ཧྭ་ཞི་འབུ་སྲིན་དངོས་མང་བཤམས་སྟོན་ཁང་གི་འགོ་གཙོ་ཀྲའོ་ལི་ཡིས་དམར་དཔེ་ལེགས་སྒྲིག་བྱེད་སྐབས་བཤམས་སྟོན་ཁང་དེས་ད་ལོའི་ཟླ་8པར་སི་ཁྲོན་ལེ་ཧྲན་ཅིན་ཁོའུ་ཧོ་ཆུས་ནས་འཚོལ་བསྡུ་བྱས་པའི་འབུ་བླ་ཎིའི་དམར་དཔེ་ཁག་གཅིག་ནང་། འཛམ་གླིང་ཐོག་ཆེས་ཆུང་བའི་འབུ་བླ་མ་མ་ཎིའི་རིགས་ཡོད་པ་རྟོགས་པ་རེད། འདི་ནི་སི་ཁྲོན་ས་ཁུལ་གྱིས་ཐེངས་དང་པོར་སྐྱེ་དངོས་རིགས་དེ་ཟིན་ཐོར་བཀོད་པ་རེད། དམར་དཔེ་འདིའི་ནང་དུ་ད་དུང་མིག་སྔར་ཤེས་ཟིན་པའི་འཛམ་གླིང་ཐོག་གི་འབུ་བླ་མ་མ་ཎི་ཆུང་ཤོས་རྙེད་ལ། དེའི་ལུས་པོའི་རིང་ཚད་ལ་ཧའོ་སྨི་15ཡང་མེད་པ་རེད།

     ཀྲའོ་ལི་ཡིས། ཀྲུའུ་ཧུང་ཞའོ་ཆིང་ནི་འཛམ་གླིང་ཀུན་གྱིས་ཁས་ལེན་པའི་འབུ་བླ་མ་མ་ཎི་ཆུང་ཤོས་ཀྱི་རིགས་ཡིན་ཞིང་། གཙོ་བོ་ཨེ་ཤ་ཡ་ཤར་ལྷོ་དང་ཀྲུང་གོའི་ལྷོ་ཕྱོགས་ཀྱི་ཚ་ཁུལ་ས་ཁུལ་དུ་ཁྱབ་ཡོད་དེ། འབུ་བླ་མ་མ་ཎིའི་ཁྲོད་ཀྱི“མིའུ་ཐུང”རེད། 《ཀྲུང་གོའི་འབུ་བླ་མ་མ་ཎིའི་མེ་ལོང་ཆེན་པོ》དང་། འཇར་པན་དང་ཁོ་རེ་ཡ་ལྷོ་མ་སོགས་ཀྱིས་སྤེལ་བའི་རིག་གཞུང་དཔྱད་ཡིག་གཞིར་བཟུང་། དེ་དག་གི་ལུས་པོའི་རིང་ཚད་ལ་ཧའོ་སྨི་17ནས་ཧའོ་སྨི་19བར་ཡོད། དེའི་ནང་ཕོ་རིགས་ཀྱི་ཆ་སྙོམས་ལུས་པོའི་རིང་ཚད་ནི་ཧའོ་སྨི་18.5ཡིན་པ་དང་མོ་རིགས་ཧའོ་སྨི་17.5ཡིན་ཞེས་ངོ་སྤྲོད་བྱས།


     “སྔོན་དུ་བཀོད་ཡོད་པའི་ཟིན་ཐོ་ནང་གཟུགས་པོ་ཆུང་ཤོས་ནི་ཧའོ་སྨི་17ཡིན་པ་དང་། ཐེངས་འདིར་ངེད་བཤམས་སྟོན་ཁང་གིས་འཚོལ་སྡུད་བྱས་པའི་འབུ་བླ་མ་མ་ཎི་བཅུ་ལྷག་ནང་ཕོ་རིགས་ཀྱི་ཆ་སྙོམས་ལུས་པོའི་རིང་ཚད་ལ་ཧའོ་སྨི་16.5ཙམ་དང་། མོ་རིགས་ཧའོ་སྨི་16ཡོད། དེ་ས་ཁུལ་གཞན་གྱི་རིགས་ཚོགས་ལས་མངོན་གསལ་གྱིས་ཆུང་བ་ཡོད། དེའི་ནང་ཆེས་ཆུང་བའི་འབུ་དར་མ་ཕོ་རིགས་ཀྱི་ལུས་པོའི་རིང་ཚད་ལ་ཧའོ་སྨི་15ཡང་མེད་པས་མིག་སྔར་ཤེས་ཟིན་པའི་འཛམ་གླིང་ཐོག་གི་འབུ་བླ་མ་མ་ཎི་ཆུང་ཤོས་དེ་རེད”ཅེས་ཀྲའོ་ལི་ཡིས་བཤད།


     ཀྲའོ་ལི་ཡིས་དབྱེ་ཞིབ་བྱས་དོན། ཀྲུའུ་ཧུང་ཞའོ་ཆིང་གི་རིགས་ཚོགས་འདི་ནི་མིག་སྔར་ཤེས་ཟིན་པའི་སྐྱེ་དངོས་རིགས་དེ་ཀྲུང་གོའི་ཆེས་བྱང་ཕྱོགས་ཀྱི་ཁྱབ་ཚུལ་ཟིན་ཐོ་དེ་ཡིན་པས། གཅིག་པུ་འཕེལ་འགྱུར་གྱི་རིགས་ཚོགས་ཤིག་ཡིན་ཤས་ཆེ། དེ་གསར་རྙེད་བྱུང་བའི་སི་ཁྲོན་ལེ་ཧྲན་ཅིན་ཁོའུ་ཧོ་ཁུལ་གྱི་ས་ཁམས་ཁོར་ཡུག་དམིགས་བསལ་ཅན་ཞིག་ཡིན་ལ། རི་མཐོའི་གྲོག་རོང་གི་ས་དབྱིབས་ལ་གཏོགས་པ་དང་། གྲོག་རོང་གི་གཞོགས་གཉིས་ཀྱི་རི་རྒྱུད་ཀྱི་ཆེས་མཐོ་སར་མཚོ་ངོས་ལས་མཐོ་ཚད་སྨི་3000ལས་བརྒལ་བ་དང་། འོན་ཀྱང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་500ནས་800བར་གྱི་གྲོག་རོང་མཐིལ་གྱི་ས་ཁོངས་སུ། ཁེར་རྐྱང་གླིང་ཕྲན་རང་བཞིན་གྱི་ཚ་ཁུལ་གྱི་ཁོར་ཡུག་ཡོད་པས། འདིས་མ་གཞི་ཚ་ཁུལ་དུ་ཁྱབ་པའི་འབུ་བླ་མ་མ་ཎི་འདི་གནས་འདི་ནས་སྐྱེ་འཕེལ་བྱེད་ཐུབ་པ་བཟོ་ཡོད། དུས་མཚུངས་སུ་རི་བོ་མཐོན་པོས་བར་ཆོད་པའི་རྐྱེན་གྱིས། རིགས་ཚོགས་འདི་ས་ཁུལ་གཞན་གྱི་རིགས་ཚོགས་དང་བརྗེ་རེས་བྱེད་ཐབས་བྲལ་བ་བཟོ་བས་རང་ཚུགས་འཕེལ་འགྱུར་བྱུང་ནས་རིགས་ཚོགས་གཞན་དང་མི་འདྲ་བའི་གཟུགས་དབྱིབས་གྲུབ་པ་རེད། (http://tibet.people.com.cn/15830789.html) 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1