དཀར་མཛེས་ཁུལ་གྱི་གློག་ཤུགས་མཁའ་ལམ་གྱི་འཛུགས་སྐྲུན་ལས་གཞི་61ལེགས་འགྲུབ་བྱུང་ཟིན་པ།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 12-12


ལེགས་འགྲུབ་བྱུང་ཟིན་པའི་ཁྲོན་བོད་གློག་དྲ་འཛུགས་སྐྲུན་གྱི་རྣམ་པ།

            སྤྱི་ཟླ་12པའི་ཚེས་10ཉིན། སི་ཁྲོན་བོད་ཁུལ་གྱི་གློག་དྲ་འཛུགས་སྐྲུན་འཕེལ་རྒྱས་ཀྱི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ་དེ་ཁྲེན་ཏུའུ་རུ་འཚོགས་ཤིང་། ཉིན་དེའི་སྙན་ཞུ་ཚོགས་འདུའི་ཐོག་ཏུ།  སི་ཁྲོན་བོད་ཁུལ་གྱི་གློག་དྲ་འཛུགས་སྐྲུན་འཕེལ་རྒྱས་ཀྱི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུར་ཞུགས་པའི་ཚོགས་མི་ལྔ་ཡིས། རང་རང་གི་ཐད་ནས་བོད་ཁུལ་གྱི་གློག་དྲ་འཛུགས་སྐྲུན་བྱས་པའི་བརྒྱུད་རིམ་ཁྲོད་དུ། རྒྱལ་ཁབ་གློག་དྲ་འཛུགས་སྐྲུན་བྱེད་མཁན་རྣམས་ཀྱི་ཡིད་འགུལ་ཐེབས་པའི་གཏམ་རྒྱུད་དག་བརྗོད་ཡོད།

             ཉེ་ཆར། རྒྱལ་ཁབ་གློག་དྲ་ཡི་སི་ཁྲོན་ཞིང་ཆེན་གློག་ཤུགས་སྤྱི་གཉེར་ཁང་གིས། གློག་ཤུགས་མཁའ་ལམ་དང་གློག་མེད་པའི་ས་ཁུལ་དུ་གློག་དྲ་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་ལ། དེའི་ཁྲོད་དུ། ད་ལོའི་སྤྱི་ཟླ་11པའི་ཚེས་20ཉིན། ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གཞི་ལེགས་འགྲུབ་བྱུང་ཡོད་པ་དང་། བོད་ལྗོངས་ཀྱི་ཤར་ཕྱོགས་དང་དཀར་མཛེས་ཀྱི་ལྷོ་ཕྱོགས་གློག་དྲ་སྦྲེལ་བའི་གནད་དོན་ཡོངས་སུ་ཐག་གཅོད་བྱས་པ་མ་ཟད། ད་ལྟའི་བར་དཀར་མཛེས་ཁུལ་གྱི་གློག་ཤུགས་མཁའ་ལམ་དང་གློག་མེད་པའི་ས་ཁུལ་ལ་འཛུགས་སྐྲུན་བྱེད་པའི་ལས་གཞི་61ལེགས་འགྲུབ་བྱུང་ཡོད་པས། དཀར་མཛེས་ཁུལ་གྱི་གློག་མེད་པའི་ས་ཁུལ་ལ་གློག་འདོན་གྱི་གནད་དོན་ནུས་ལྡན་ངང་ཐག་གཅོད་བྱས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1