༄༅།།གསར་དུ་གཏོད་པའི་ལོ་སྐོར་བཅུ་གཉིས་ཀྱི་བྲིས་ལུགས།

དོན་གྲུབ་ཆོས་སྒྲོན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-01



དོན་གྲུབ་ཆོས་སྒྲོན།

        དཔག་བསམ་དོན་འགྲུབ་ནི་ཡིག་གཟུགས་མཁས་ཅན་གྱི་ཁྱིམ་རྒྱུད་དུ་སྐྱེས་ཤིང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན། སློབ་འབྲིང་གི་མཐོ་རིམ་དགེ་རྒན་དང་། ཞིང་ཆེན་རིམ་པའི་ཡིག་གཟུགས་རྒྱུན་འཛིན་པ། སི་ཁྲོན་ཞིང་ཆེན་གྱི་ཡིག་མཁས་མཐུན་ཚོགས་ཀྱི་ལས་འཛིན། སི་ཁྲོན་ཞིང་ཆེན་གྱི་རིག་གནས་དང་བླངས་པ་བཅུ། དཀར་མཛེས་རྫོང་བོད་རྒྱ་ཡིག་གཟུགས་སྤེལ་རེས་བློ་འདྲི་མཐུན་ཚོགས་ཀྱི་ཚོགས་གཙོ། གངས་ལྗོངས་ཁམས་པའི་རིག་གནས་དར་སྤེལ་གྱི་ཕོ་ཉ་ཆེན་པོའི་མཚན་སྙན་དང་། དཔག་བསམ་སློབ་ཞུགས་བྱ་དགའ། ཡིག་གཟུགས་རྩལ་ནུས་མཁས་ཅན་གྱི་ལས་སྒྲུབ་ཁང་། ཁམས་རིས་མཛེས་རྒྱན་མ་སོགས་གསར་གཏོད་དང་འགན་ལེན་བཞེས། བརྩམས་ཆོས། དཔྱད་རྩོམ་མང་པོ་རྒྱལ་ཡོངས་ཀྱི་དཔེ་དེབ་དང་འགྲེམས་སྟོན་ནང་ཐེངས་མང་ཚུད་པ་དང་བྱ་དགའ་ཡང་མང་ཙམ་ཐོབ། ད་ལྟར་དཀར་མཛེས་རྫོང་མི་རིགས་སློབ་འབྲིང་དུ་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཀྱི་ཕྱག་ལས་གནངས་ནས་སློབ་མ་མང་པོ་བསྐྱངས་དང་སྐྱོང་བཞིན་ཡོད་པ་རེད།

        དེ་ཡང་ཁོང་གིས་གསར་ཏུ་བཏོད་པའི་བོད་ཡིག་བྲིས་གཟུགས་《ལོ་སྐོར་བཅུ་གཉིས། 》དེ་སྤྱི་ཟླ་9པའི་ཚེས་17ཉིན། དཀར་མཛེས་ཁུལ་དབུ་བརྙེས་ནས་ལོ་འཁོར་70ལོན་པ་དང་སྐབས་གཉིས་པའི་ཁྱད་ལྡན་ཞིང་ལས་ཐོན་རྫས་དང་རིག་གནས་གསར་གཏོད་ཐོན་རྫས་ཐོན་འཚོང་གི་ཡུལ་དངོས་འབྲེལ་མཐུད་ཚོགས་འདུ་དང་མུ་འབྲེལ་བྱེད་སྒོའི་ཡུལ་དངོས་ནས་འགྲེམ་སྟོན་བྱས་ཤིང་། བརྩམས་ཆོས་འདི་ནི་ལོ་སྐོར་བཅུ་གཉིས་སོ་སོའི་རྣམ་པ་དེ་བོད་ཡིག་གི་དབུ་ཅན་དང་དབུ་མེད་ཀྱི་བྲིས་ལུགས་ཟུང་དུ་སྦྲེལ་ཏེ་གསར་གཏོད་ཇུས་འགོད་བྱས་པའི་སྒྱུ་རྩལ་བྲིས་གཟུགས་ཤིག་ཡིན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1