ཉེ་ཆར། གསར་འགོད་པ་དཔལ་ཡུལ་རྫོང་འཛིན་ཁོག་ཡུལ་ཤོག་བྲག་དམར་གྲོང་ཚོའི་ཐོན་ལས་རྟེན་གཞིར་སླེབས་སྐབས། ཞིང་ལས་གསར་སྤེལ་སྤྱི་གཉེར་ཁང་གི་ལས་མི་དང་ས་གནས་དེ་གའི་གྲོང་མིས་གསར་དུ་འཁོར་རྒྱུག་བྱས་པའི་རྟེན་གཞིར་ས་ཞིང་གསར་སྦོལ་བྱེད་བཞིན་པ་རེད།
ད་ལོར་ལོ་ན52ལ་སོན་པའི་མའོ་ཞའོ་ཅུན་ནི་དཔལ་ཡུལ་རྫོང་ཞིང་ལས་གསར་སྤེལ་སྤྱི་གཉེར་ཁང་གི་ལས་མི་ཞིག་ཡིན་ཞིང་། 2018ལོར་ཁོ་རང་འཛིན་ཁོག་ཡུལ་ཤོག་གི་ཐོན་ལས་རྟེན་གཞིར་ལས་དོན་སྒྲུབ་སར་འོངས་ནས་མུའུ་སྟོང་ཕྲག་ལྡན་པའི་ས་རྒོད་གསར་སྦོལ་བྱེད་པའི་ལས་ཀའི་ནང་ཞུགས་པ་རེད།
འཛིན་ཁོག་ཡུལ་ཤོག་ནི་དངུལ་ཆུའི་སྟོད་རྒྱུད་དུ་གནས་པ་དང་ས་བབ་མཐོ་ཡང་ཡུལ་བབ་ཅུང་སྙོམས་པོ་ཡིན་པས་དཔལ་ཡུལ་གྱི་འབྲུ་མཛོད་ཅེས་མཚན་སྙན་ཡོད་པ་རེད། བེད་མེད་དུ་ལུས་པའི་ས་ཆ་དེ་བས་མང་པོ་ཞིག་བེད་སྤྱོད་ཐུབ་ཆེད། ད་ལོར་དཔལ་ཡུལ་རྫོང་ཞིང་ལས་གསར་སྤེལ་སྤྱི་གཉེར་ཁང་གིས་བྲག་དམར་གྲོང་ཚོའི་རྨོ་ཞིང་དེ་དག་གཅིག་གྱུར་གྱིས་བཅོས་སྒྲིག་བྱས་པ་དང་། ཏོག་གསར་གློ་རིམས་དང་གནམ་གཤིས་ཀྱི་རྐྱེན་གྱིས་རྟེན་གཞིའི་ལས་མི་དང་སྔོ་ཚལ་འདེབས་འཛུགས་བྱེད་པ་སོགས་ལ་ཚད་མི་འདྲ་བའི་ཤུགས་རྐྱེན་ཐེབས་ཡོད། ད་ལྟར་རྟེན་གཞིའི་ནང་ཉིན་ལྟར་བཟོ་པ་བཅུ་ཕྲག་ཁ་ཤས་ཀྱིས་རྨོ་ཞིང་དུ་འདེབས་འཛུགས་བྱེད་ཡུན་དམ་འཛིན་བྱས་ནས་ད་ལོའི་ཐོན་ཚད་ལ་ཤུགས་རྐྱེན་མི་ཐེབས་པར་བརྩོན་ལེན་བྱེད་ཀྱིན་ཡོད་པ་རེད།
ཞིང་ལས་འདེབས་གསོའི་ལག་རྩལ་མཐོ་རུ་གཏོང་བ་དང་ཞིང་ལས་ཐོན་སྐྱེད་ཀྱི་ལས་ཆོད་ཆེ་རུ་གཏོང་ཆེད། བྲག་དམར་འདེབས་འཛུགས་རྟེན་གཞིར་ཞིང་ལས་གསར་སྤེལ་སྤྱི་གཉེར་ཁང་གིས་གཅིག་གྱུར་གྱིས་འཆར་འགོད་དང་སོན་བཟང་ལེགས་འདེམས་བྱས་ཏེ་འདེབས་འཛུགས་བྱས་པ་རེད།
མའོ་ཞའོ་ཅུན་གྱིས་ཁོ་ཚོའི་ལས་འགན་ནི་ད་དུང་མུའུ2000ལྷག་ཙམ་གྱི་ས་ཞིང་རོལ་རྨོད་བྱ་རྒྱུ་དང་། ཆུ་འདྲེན་རྒྱུ། ཆུ་ཁུངས་ལ་ཆུ་གཏོང་བ། སྐྱེ་ལྡན་ལུད་རྒྱག་པ། འདེབས་འཛུགས་སོགས་ཀྱི་ལས་ཀ་བསྒྲུབ་དགོས་པ་རེད་ཅེས་ངོ་སྤྲོད་བྱེད་པའི་ཚུལ་དུ་དེ་ལྟར་བཤད།
ཞིང་ལས་གསར་སྤེལ་སྤྱི་གཉེར་ཁང་གི་ལས་མི་མའོ་ཞའོ་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ན་ནིང་རྒྱ་སྣེའུ་དམར་པོ་བཏབ་པའི་ཡོང་འབབ་ཡག་པོ་ཡོད་པར་བརྟེན། ད་ལོ་འདི་གར་ཡུག་པོ་མུའུ320འདེབས་རྒྱུའི་འཆར་གཞི་ཡོད། འཕྲོ་མའི་ས་ཞིང་ཚང་མར་རྒྱ་སྣེའུ་དམར་པོ་འདེབས་རྒྱུ་ཡིན་པ་རེད། ཁོ་ཚོས་ཉིན་ལྟར་ཞོགས་པའི་ཆུ་ཚོད7ལྷག་ནས་ཕྱི་དྲོའི་ཆུ་ཚོད་བདུན་པའི་བར་འདྲུད་འཐེན་འཕྲུལ་འཁོར་གཏོང་དགོས་པ་རེད། ཉིན་རེ་བཞིན་དགུན་ཟས་ཟོས་རྗེས་ཆུ་ཚོད་གཅིག་ལས་ངལ་གསོ་བྱེད་ཁོམ་མེད་པ་རེད།
དུས་ཚོད་གྲོན་ཆུང་བྱེད་ཆེད་མའོ་ཞའོ་ཅུན་གྱིས་དགུན་ཟས་རྟེན་གཞིར་ཟ་རེད། མཐོ་སྒང་གི་གནམ་གཤིས་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་གནམ་གཤིས་ཇི་ལྟར་ངན་རུང་ཁོ་ཚོའི་ལས་ཀའི་ངར་ཤུགས་སྤུ་ཙམ་ཡང་ལྷོད་དུ་བཏང་མེད་པ་རེད། འོན་ཀྱང་དང་ཐོག་འདིར་སླེབས་པའི་སྐོར་གླེང་སྐབས་མའོ་ཞའོ་ཅུན་གྱིས་ཞིང་འབྲོག་ཅུས་ཀྱིས་ང་ཚོ་ཚུར་བསྡུ་སྐབས་ཟླ་བ་གཅིག་ལ་སྒོར་སུམ་སྟོང་ཡིན་པ་དང་ངའི་བཟའ་ཟླ་ཡང་མཉམ་དུ་ལས་ཀ་བྱེད་པར་ཡོང་ཡོད་པས་ངེད་བཟའ་མི་གཉིས་ལ་སྒོར་དྲུག་སྟོང་ཙམ་རག་གི་ཡོད། འཚོ་བའི་འགྲོ་གྲོན་སྒོར2000སྤྱད་རྗེས་འཕྲོ་མའི་སྒོར4000དེས་ཕྲུ་གུ་གསུམ་པོ་གསོ་སྐྱོང་བྱེད་པར་གནད་འགག་མེད་པ་རེད་ཅེས་བཤད།
ད་ཆ་ཁྱིམ་ནང་གི་ཕྲུ་གུ་ཚང་མ་ལས་ཀར་ཞུགས་ཚར་བས་ཁོ་ལ་ཁྱིམ་དུ་རྒན་གསོ་བྱེད་པར་ལོག་དགོས་པའི་ཁ་ཏ་བྱས་ཀྱང་རང་གིས་དེ་སྔ་གསར་སྦོལ་བྱས་མྱོང་པའི་ས་ཞིང་དང་ཁ་བྲལ་ཐབས་མེད་པ་རེད། ས་ཞིང་འདིར་ཡུལ་འདི་གའི་མི་སེར་ཚོས་འབྱུང་འགྱུར་གྱི་འཚོ་བའི་རེ་བ་བཅངས་ཡོད་པ་དང་།ས་གཞི་འདིར་ལས་ལ་བརྩོན་པའི་ཞིང་པ་ཚོའི་རྔུལ་ཆུ་བཏོན་ཡོད་པར་མ་ཟད། ད་དུང་དབུལ་ཐར་འགག་སྒྲོལ་གྱི་མེད་དུ་མི་རུང་བའི་ཐོན་ལས་འཕེལ་རྒྱས་གཏོང་བའི་ལམ་བུ་དེ་བས་ཀྱང་ཡོད་པ་རེད།།