དགུན་ཁར་སྲོག་ཆགས་ཀྱིས་དགུན་སྒྲོལ་འབྲུ་རིགས་གསོག་པ་ལྟར། ང་ཚོས་ཀྱང་གཟུགས་པོར་མཁོ་བའི་འཚོ་བཅུད་མང་པོ་གསབ་དགོས། འཚོ་བཅུད་འདི་དག་ནི་གཟུགས་པོར་མཁོ་བ་ཤ་སྟག་ཡིན་ཞིང་། འདི་དག་གསབ་དགོས་ན་འབྲུ་རིགས་སྣ་ལྔ་དང་སྔོ་ཚལ་དང་ཤིང་ཏོག་བཅས་ཚང་མར་བསྟེན་དགོས་པ་ལས། ཟས་རིགས་གཅིག་ཁོ་ནར་བརྟེན་རྒྱུ་མེད། དེར་བརྟེན། ང་ཚོས་དགུན་དུས་སུ་བཟའ་རིགས་འདྲ་མིན་སྣ་ཚོགས་བཟས་ནས་གཟུགས་པོར་མཁོ་བའི་འཚོ་བཅུད་གསབ་ཐུབ་ན་ལུས་ཟུངས་རྒྱས་ཐུབ།
དགུན་དུས་སུ་གོང་ལ་ཕུག་དང་། ཏུང་ཀྭ ཀྲོ་མ་ཀྲུ ཚ་ལུ་མ། ཤིང་ཏོག་ཨ་མྲ། ཤིང་འབྲས་སྐམ་པོ་སོགས་མང་ཙམ་ཟ་དགོས། འདི་དག་ལ་སྤྲི་དཀར་དང་འཚོ་བཅུད་ཀྱི་རིགས་སྣ་ཚོགས་འདུས་ཡོད་པས། ལུས་ཟུངས་རྒྱས་ཐུབ།
དགུན་དུས་གནམ་གཤིས་གྲང་ངར་ཆེ་བས། རྒྱུན་དུ་ཚ་བའི་རང་བཞིན་གྱི་ཟས་རིགས་དཔེར་ན་ཞོག་རྒོད་དང་། མོག་རོ་ནག་པོ། ལི་ཙི། འདྲེ་ཚེར་མ། ཏིལ་འབྲུ་ནག་པོ། སྟར་ཁ། པད་འབྲུ་སོགས་མང་ཙམ་ཟ་དགོས།