སྤྱི་ཟླ་12ཚེས་7ཉིན་ཁྲེན་ཏུའུ་གྲོང་ཁྱེར་ཕི་ཏུའུ་ས་ཁུལ་དུ་ཏོག་གསར་གློ་ཚད་ཀྱི་ནད་པ་གཅིག་གསར་དུ་བྱུང་བ་དང་། ནད་པའི་མིང་ལ་ལུའུ་ཆེ་གེ་མོ་བཏགས་ཤིང་ལོ་ན་69ལོན་པའི་བུད་མེད་ཅིག་རེད། སྤྱི་ཟླ་12པའི་ཚེས་6ཉིན། གློ་ལུ་སོགས་ཀྱི་ནད་རྟགས་བྱུང་བས་ཕི་ཏུའུ་ས་ཁུལ་མི་དམངས་སྨན་ཁང་དུ་སྨན་པར་བསྟེན་དུ་ཕྱིན། སྤྱི་ཟླ་12ཚེས་7ཉིན་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཏོག་གསར་ནད་དུག་གི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་སྐབས་གདགས་གཤིས་ཡིན་པ་དང་། དེ་ནས་ཞིང་ཆེན་དང་གྲོང་ཁྱེར། ས་ཁུལ་བཅས་ཀྱི་རིགས་གཅིག་མཁས་ཅན་ལྷན་དུ་འཛོམས་ནས་ནད་པ་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་བྱས་པས། ཏོག་གསར་ནད་དུག་འགོས་ཡོད་པ་ངོས་འཛིན་བྱས་ཏེ།(སྤྱིར་བཏང་གི་རིགས་) ཁྲེན་ཏུའུ་གྲོང་ཁྱེར་གྱི་སྤྱི་པའི་འཕྲོད་བསྟེན་ནད་ཐོག་སྨན་བཅོས་ལྟེ་གནས་སུ་བསྐྱལ་ཏེ་ལོགས་སུ་བཀར་ནས་སྨན་བཅོས་བྱེད་བཞིན་ཡོད།
ཞིང་ཆེན་དང་གྲོང་ཁྱེར། ས་ཁུལ་བཅས་ཀྱིས་དེ་མ་ཐག་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱས་ནས། ཕྱོགས་ཡོངས་ནས་སྔོན་འགོག་དང་ཚོད་འཛིན་གྱི་ཐབས་ཇུས་སྟོན་པ་དང་། མིག་སྔར། ལག་སོན་བྱུང་བའི་འབྲེལ་འདྲིས་དམ་ཟབ་བྱེད་མཁན་རྣམས་གཅིག་སྡུད་སྒོས་ལོགས་སུ་བཀར་ནས་བརྟག་དཔྱད་བྱེད་བཞིན་ཡོད་པ་མ་ཟད། ས་ཁུལ་དེའི་མི་དམངས་སྨན་ཁང་ལ་དུག་སེལ་དང་དོ་དམ་བྱེད་བཞིན་ཡོད།
ད་དུང་མུ་མཐུད་འབྲེལ་ཡོད་མི་སྣ་ལ་བརྟག་དཔྱད་ཁུངས་འདེད་དང་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་ལས་དོན་ཡག་པོ་སྒྲུབ་ནས་ཁོངས་གཏོགས་ཁུལ་གྱི་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱ་རྒྱུ་དང་སྒོ་རྒྱག་དོ་དམ་དང་རིམས་འགོག་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུ་རེད་ལ། དེ་དང་ཆབས་ཅིག་ཏུ་རྒྱ་ཆེའི་གྲོང་མི་ཚོས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱས་ཏེ་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱེད་དགོས།