༄༅།།གཉེན་སྒྲིག་ཐོ་འགོད་གོ་རིམ་འདི་ལྟར་ལེགས་སྒྲིག་བྱས་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 12-09



          《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་》2021ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། དམངས་དོན་ཁྲིམས་གཞུང་གི་བཟའ་འཐོར་ཞི་འཇགས་དུས་ཡུན་གྱི་ལམ་ལུགས་གཏན་འབེབས་ལག་བསྟར་བྱེད་ཆེད། དམངས་སྲིད་པུའུ་ཡིས་གཉེན་སྒྲིག་ཐོ་འགོད་ཀྱི་གོ་རིམ་ལེགས་སྒྲིག་བྱས་ནས་བཟའ་འཐོར་གོ་རིམ་ཁྲོད་ཞི་འཇགས་དུས་སྐབས་ཁ་སྣོན་བྱས་ཡོད།
          གསར་དུ་ལེགས་སྒྲིག་བྱས་རྗེས་ཀྱི་བཟའ་འཐོར་ཐོ་འགོད་གོ་རིམ་ལེགས་སྒྲིག་བྱེད་པར་རེ་ཞུ་དང་། བདག་སྤྲོད། ཞི་འཇགས་དུས་སྐབས། ཞིབ་བཤེར། ཐོ་འགོད་(དཔང་ཡིག་སྤྲོད་པ་)སོགས་ཚུད་ཡོད།
རེ་ཞུ།
          ཁྱོ་ཤུག་ཕྱོགས་གཉིས་ཀས་རང་མོས་ངང་བཟའ་འཐོར་བྱེད་སྐབས། བཟའ་འཐོར་གྲོས་མཐུན་ཡི་གེ་བྲིས་ནས། མཉམ་གཅིག་ཏུ་བདག་སྐྱོང་བྱེད་དབང་ཡོད་པའི་ས་ཁོངས་ཀྱི་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སུ་ཡོང་ནས་རེ་ཞུ་བྱེད་དགོས་པ་མ་ཟད། འབྲེལ་ཡོད་དཔང་ཡིག་དང་བདེན་དཔང་རྒྱུ་ཆ་འདོན་སྤྲོད་བྱེད་དགོས།
བདག་སྤྲོད།
          གཉེན་སྒྲིག་ཐོ་འགོད་མཁན་གྱིས་《གཉེན་སྒྲིག་ཐོ་འགོད་བྱ་བའི་ཚད་གཞི》ཡི་འབྲེལ་ཡོད་གཏན་འབེབས་ལྟར་དོ་བདག་གིས་སྤྲད་པའི་རྒྱུ་ཆ་ལ་ཐོག་མའི་ཞིབ་བཤེར་བྱེད་པ་དང་། དོ་བདག་གིས་འདོན་སྤྲོད་བྱས་པའི་ལག་ཁྱེར་དང་བདེན་དཔང་ཡིག་རིགས་ལ་ཐོག་མའི་ཞིབ་བཤེར་འཕྱུགས་མེད་བྱས་རྗེས། 《བཟའ་འཐོར་ཐོ་འགོད་རེ་ཞུ་བདག་སྤྲོད་འབྱོར་ཡིག》སྤྲོད་དགོས། བཟའ་འཐོར་ཐོ་འགོད་ཀྱི་ཆ་རྐྱེན་དང་མི་མཐུན་པའི་རིགས། བདག་སྤྲོད་མི་བྱེད་རིགས། དོ་བདག་གིས་《བཟའ་འཐོར་ཐོ་འགོད་བདག་སྤྲོད་མི་བྱེད་པའི་རེ་ཞུའི་གསལ་བཤད་ཡི་གེ》འདོན་སྤྲོད་བྱེད་པའི་རེ་བ་བཏོན་ཚེ། ངེས་པར་འདོན་སྤྲོད་བྱེད་དགོས།
ཞི་འཇགས་དུས་ཡུན། 
          གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱིས་བཟའ་འཐོར་བྱེད་པའི་ཐོ་འགོད་ཞུ་ཡིག་འབྱོར་བ་དང་འབྲེལ་དོ་བདག་ལ་《བཟའ་འཐོར་ཐོ་འགོད་བདག་སྤྲོད་འབྱོར་ཡིག》སྤྲད་པའི་ཉིན་དེ་ནས་བརྩིས་པའི་ཉིན་སུམ་ཅུའི་ནང་། གལ་ཏེ་ཕྱོགས་གཅིག་བཟའ་འཐོར་བྱེད་མི་འདོད་ན། མི་རང་ཉིད་ཀྱི་ནུས་ལྡན་ཐོབ་ཐང་ལག་ཁྱེར་དང་《བཟའ་འཐོར་ཐོ་འགོད་རེ་ཞུ་བདག་སྤྲོད་འབྱོར་ཡིག》(བོར་བརླགས་བྱུང་བའི་རིགས་འདོན་སྤྲོད་མ་བྱས་ཀྱང་། ཡིག་ཐོག་ནས་གནས་ཚུལ་གསལ་བཤད་བྱེད་དགོས། ) བཟའ་འཐོར་ཐོ་འགོད་རེ་ཞུ་བདག་སྤྲོད་བྱས་པའི་གཉེན་སྒྲིག་ཐོ་འགོད་ལས་ཁུངས་ནས་བཟའ་འཐོར་ཐོ་འགོད་རེ་ཞུ་ཕྱིར་འཐེན་བྱེད་དགོས་པ་མ་ཟད། དངོས་སུ་《བཟའ་འཐོར་ཐོ་འགོད་ཞུ་ཡིག་ཕྱིར་འཐེན》རེའི་མིག་བསྐང་ནས། གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱིས་ནོར་འཁྲུལ་ཡོད་མེད་ཞིབ་དཔྱད་བྱས་རྗེས། 《བཟའ་འཐོར་ཐོ་འགོད་རེ་ཞུ་ཕྱིར་འཐེན་ཁས་ལེན་ཡི་གེ》སྤྲོད་དགོས་པ་མ་ཟད། 《བཟའ་འཐོར་ཐོ་འགོད་ཞུ་ཡིག》དང་《བཟའ་འཐོར་ཐོ་འགོད་ཞུ་ཡིག་ཕྱིར་འཐེན》དང་།《བཟའ་འཐོར་ཐོ་འགོད་ཞུ་ཡིག་ཕྱིར་འཐེན་ཁས་ལེན་འཛིན་ཡིག(མ་ཡིག་ཉར་འཇོག་རྩ་སྦྲེལ)》དང་མཉམ་དུ་ཡིག་ཚགས་སུ་ཉར་དགོས།
          བཟའ་འཐོར་ཞི་འཇགས་དུས་ཡུན་ལོངས་རྗེས་ཀྱི་ཉིན་སུམ་ཅུའི་ནང་། ཕྱོགས་གཉིས་ཀ་མཉམ་གཅིག་ཏུ་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སུ་ཡོང་ནས་བཟའ་འཐོར་ལག་ཁྱེར་སྤྲོད་པའི་རེ་ཞུ་མ་བྱས་ཚེ། བཟའ་འཐོར་ཐོ་འགོད་རེ་ཞུ་ཕྱིར་འཐེན་བྱས་པར་བརྩི་ངེས།
ཞིབ་བཤེར།
          བཟའ་འཐོར་ཞི་འཇགས་དུས་ཡུན་ལོངས་རྗེས་ཀྱི་ཉིན་སུམ་ཅུའི་ནང་ཚུན་དུ་(དུས་ཡུན་ལོངས་པའི་ཆེས་མཐའ་མཇུག་གི་ཉིན་དེ་དུས་ཆེན་དང་གུང་སེང་ལ་ཁེལ་ཡོད་ཚེ། དུས་ཆེན་དང་གུང་སེང་ཉིན་མོའི་རྗེས་ཀྱི་ཉིན་དང་པོ་དེ་དུས་ཡུན་ལོངས་པའི་ཚེས་གྲངས་སུ་བརྩི་རྒྱུ) ཕྱོགས་གཉིས་ཀའི་དོ་བདག་གིས《གཉེན་སྒྲིག་ཐོ་འགོད་བྱ་བའི་ཚད་ལྡན》གྱི་དོན་ཚན་ང་ལྔ་བའི་ནང་གསེས(བཞི་པ)ནས(བདུན)པའི་བར་གྱི་གཏན་འབེབས་བྱས་པའི་དཔང་ཡིག་དང་རྒྱུ་ཆ་ཁྱེར་ནས། མཉམ་གཅིག་ཏུ་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སུ་སོང་ནས་བཟའ་འཐོར་ལག་ཁྱེར་སྤྲོད་པར་རེ་ཞུ་བྱེད་དགོས།
          གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱིས《གཉེན་སྒྲིག་ཐོ་འགོད་བྱ་བའི་ཚད་གཞི》ཡི་གཏན་འབེབས་གོ་རིམ་དང་ཆ་རྐྱེན་ལྟར་ལག་བསྟར་དང་ཞིབ་བཤེར་བྱེད་དགོས། གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱིས་བཟའ་འཐོར་ཐོ་འགོད་ཆ་རྐྱེན་དང་མི་མཐུན་པའི་རིགས་ཀྱི་འགྲོ་ལུགས་མི་སྒྲུབ། དོ་བདག་གིས《བཟའ་འཐོར་ཐོ་འགོད་འགྲོ་ལུགས་མི་སྒྲུབ་པའི་གསལ་བཤད་ཡི་གེ》(ཟུར་ཡིག7) སྤྲོད་པའི་རེ་བ་བཏོན་ཚེ། དེ་ངེས་པར་འདོན་སྤྲོད་བྱེད་དགོས།
ཐོ་འགོད། 
          དཔང་ཡིག་སྤྲོད་པ། གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱིས《གཉེན་སྒྲིག་ཐོ་འགོད་ལས་ཀའི་ཚད་གཞི》ཡི་གཏན་འབེབས་ལྟར་ཐོ་འགོད་བྱས་ནས་བཟའ་འཐོར་དཔང་ཡིག་སྤྲོད་དགོས། །

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1