ཟི་ལིང་ལ་བྱ་རིགས་རྩ་ཆེན་ཞིག་སླེབས་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-09



     ཟླ་12ཚེས་7ཉིན། ཉིན་འགའི་རིང་། པེ་ཁྲོན་ཆུ་བོའི་འདམ་རའི་སྤྱི་གླིང་དུ་ཆུ་བྱ་མགོ་དམར་ནག་པོ་གཉིས་ཐོན་ཡོད། གསར་འགོད་པས་ཚེས་6ཉིན་མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་འདབ་ཆགས་ལྟ་ཞིབ་མཐུན་ཚོགས་ནས་ཤེས་རྟོགས་བྱུང་གསལ། འདི་ནི་ཟི་ལིང་གྲོང་ཁྱེར་གྱིས་འདབ་ཆགས་ལ་ལྟ་ཞིབ་བྱེད་པའི་ཟིན་ཐོ་བཀོད་པའི་ཚུན་དུ། གྲོང་ཁྱེར་སྤྱི་གླིང་དུ་མཚོ་བྱ་མགོ་དམར་ནག་པོ་མཐོང་ཐེངས་དང་པོ་རེད།  མིག་སྔར། ཀྲུང་གོར་དོམ་ཁྲ་1750ཡོད་པ་དང་། གོ་ལ་ཡོངས་ཀྱི་ཁྱབ་ཁོངས་སུ་མཚོ་བྱ་མགོ་དམར་ནག་པོ 2000ལས་མེད། མཚོ་བྱ་མགོ་དམར་ནག་པོའི་ཁ་གྲངས་ཧ་ཅང་ཉུང་ཞིང་། རྩ་ཆེ་ཞིང་སྟོངས་ཉེའི་ཚད་ནི་དོམ་ཁྲ་དང་མཚུངས་བས་དེ་ལ་“བྱ་རིགས་ནང་གི་དོམ་ཁྲ”ཞེས་སུ་འབོད་ཅིང་།  རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་ཡིན་པ་དང་། འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱི་སྟོངས་ལ་ཉེ་བའི་སྐྱེ་དངོས་རིགས་ཀྱི་མིང་གཞུང་དམར་པོའི་ནང་བཀོད་ཡོད་ཅིང་། ཨུ་རུ་སུའི་རྒྱལ་ཁབ་མཚོན་བྱེད་ཀྱི་བྱ་ཡིན་པ་རེད།


     ཟླ་12པ་ནས་བཟུང་། པར་ལེན་ལ་དགའ་མཁན་ཚོས་ཉིན་ཤས་གོང་ཟི་ལིང་གྲོང་ཁྱེར་པེ་ཁྲོན་ཆུ་བོའི་འདམ་རའི་སྤྱི་གླིང་གི་མཚེའུ་ཨང་3པ་དང་མཚེའུ་ཨང་5པའི་ཡུལ་སྐོར་ཁུལ་དུ་མཚོ་བྱ་མགོ་དམར་ནག་པོ་གཉིས་བསྟུད་མར་པར་བརྒྱབ་པ་རེད།

     མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་འདབ་ཆགས་ལྟ་ཞིབ་མཐུན་ཚོགས་ཀྱི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། དེའི་མཇིང་པའི་དགུན་སྒྲོ་སྟུག་པོ་དང་། མདོག་སེར་པོའི་མཆུ་ཏོ། བྱ་སྒྲོ་ལྗང་གུ་ལས་བྱ་འདི་གཉིས་ནི་བྱ་དར་ལ་བབ་ཙམ་ཡིན་པ་སྟེ་མིའི་རིགས་ཀྱི་ཕྲུ་གུ་དུས་དང་འདྲ། དེ་ཡང་“སྤྱི་ཚོགས”ཀྱི་ཉམས་མྱོང་ཉུང་བས། བྱ་དེ་གཉིས་མི་ལ་མི་སྐྲག་པ་དང་། དགུན་གྱི་ཉི་འོད་འོག་ཏུ་མིག་བཙུམས་ནས་ལུས་གསོ་བ་དང་། བྱ་སྒྲོ་ཤད་པ། ཡང་ན་འཕུར་ལྡིང་བྱེད་པའམ་བག་ཕེབས་པའི་ངང་ལྟོ་འཚོལ་ཀྱིན་ཡོད།


     ཆུ་བྱ་མགོ་དམར་ནག་པོ་མང་ཆེ་བ་ནི་གནས་སྤོའི་འདབ་ཆགས་རིགས་ཡིན་པ་དང་། སི་ཕེན་ཁོ་ནར་གནས་སྡོད་ཆུ་བྱ་མགོ་དམར་ནག་པོའི་རིགས་ཡོད། གནས་སྤོ་བའི་ལམ་བར་དུ།  ཆུ་བྱ་མགོ་དམར་ནག་པོས་གནས་སྐབས་བཅའ་སྡོད་བྱེད་སའི་ཁོར་ཡུག་འདེམས་པ་འགྲིག་ཆགས་དཀའ་བ་ཡོད། ལོ་མང་རིང་། ཟི་ལིང་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་སྔོ་ལྗང་རི་ཀླུང་གི་སྣོད་བཅུད་ཁོར་ཡུག་བཏོད་ནས། འཛུགས་སྐྲུན་ཁུལ་གྱི་སྔོ་ཁེབས་ཚད་40.5%ཟིན་པ་དང་། མི་རེའི་ཆ་སྙོམས་སྤྱི་གླིང་གི་རྒྱ་ཁྱོན་སྨི་ངོས་གྲུ་12.5ཟིན། སྣོད་བཅུད་ཁོར་ཡུག་ལེགས་སུ་ཕྱིན་པས། གནས་སྤོ་བའི་བྱ་རིགས་ཟི་ལིང་གྲོང་ཁྱེར་དུ་ངལ་གསོ་རྒྱག་རྒྱུར་དགོས་ངེས་ཀྱི་ཆ་རྐྱེན་མཁོ་འདོན་བྱས་ཡོད། (http://tibet.people.com.cn/15832076.html)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1