ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་13ཉིན། འཇར་མན་གྱི་ཙུང་ལི་མོ་ཁེར་གྱིས་ཛ་དྲག་ངང་འཚོགས་པའི་རེ་འཁོར་གསར་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་དབུ་ཚོགས་ཐོག་འཇར་མན་གྱིས་སྤྱི་ཟླ་12པའི་ཚེས་16ཉིན་ནས་བཟུང་སྤྱི་པའི་འཚོ་བའི་ཚད་བཀག་གཞི་ཁྱོན་ཆེན་པོས་དམ་དུ་བཏང་ནས་བཙན་ཐབས་བཀག་སྡོམ་བཀའ་བརྒྱ་སང་ལོའི་ཟླ་བ་1པོའི་ཚེས་10ཉིན་བར་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་གནང་ཡོད། དེའི་ནང་རྒྱུན་གཏན་འཚོ་བར་ངེས་པར་དུ་མཁོ་བའི་དངོས་རྫས་ཚོང་ཁང་ཕུད་དེ་མིན་གྱི་སིལ་འཚོང་ཚོང་ཁང་ཡོད་ཚད་སྒོ་རྒྱག་དགོས་པ་དང་། སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་ཡང་སྤྱིའི་ཆ་ནས་སྒོ་རྒྱག་དགོས་པ། ལོ་གསར་གྱི་མཚན་མོར་ཤོག་སྦག་སོགས་འཚོང་མི་ཆོག་པ་དང་འཛོམས་དུས་བྱེད་མི་ཆོག་པ། ཆོས་ལུགས་བྱེད་སྒོ་ཡང་མི་སྣའི་བདེ་འཇགས་བར་ཐག་འགན་ལེན་ཐུབ་པའི་རྨང་གཞིའི་འོག་ཏུ་སྤེལ་དགོས་པ། སྐྲ་བཞར་ཁང་སྒོ་ཕྱེ་མི་ཆོག་པ་སོགས་ཚུད་ཡོད་པ་རེད།