དཀར་མཛེས་ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་བསྐྱོད་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-18



      དཀར་མཛེས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་གསལ། ཟླ་12ཚེས་10ཉིན་དཀར་མཛེས་ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་ཤིང་། དཀར་མཛེས་ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། སི་ཁྲོན་མི་རིགས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཏུའུ་མིང་དབྱིས་སྒྲོག་འགྲེལ་སྙན་ཞུ་གནང་བ་རེད།
     ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི་རང་རྒྱལ་གྱིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པར་བྱེད་པར་རྒྱལ་ཁ་ཐོབ་གྲབས་ཡོད་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འབྱེད་གྲབས་ཡོད་པའི་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་འདིར་འཚོགས་པའི་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ཚོགས་འདུ་ཞིག་ཡིན། ཏུའུ་མིང་དབྱིས“ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་རང་རྒྱལ་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་པ”དང་། “2035ལོའི་རྒྱང་རིང་གི་དམིགས་འབེན་དང‘ལོ་ལྔ་ཚན་བཅུ་བཞི་པའི’མཛུབ་སྟོན་བྱེད་ཕྱོགས་དང་། དམིགས་འབེན་གཙོ་བོ། ལས་འགན་གཙོ་བོ་བཅས་ཁོང་དུ་ཡང་དག་ཆུད་པ” “ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་གིས་མཐུན་སྒྲིལ་འབད་འཐབ་བྱེད་པ” “སི་ཁྲོན་ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དོན་སྙིང་དང་ནང་དོན”སོགས་ལ་དམིགས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ཕྱོགས་ཡོངས་ནས་སྒྲོག་འགྲེལ་དང་འཆད་འགྲེལ་གཏིང་ཟབ་བྱས་པ་རེད། དུས་མཚུངས་སུ་རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་ཕྱི་མིག་བལྟས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རྒྱས་བཤད་བྱས་པ། “ལོ་ལྔ་ཚན་བཅུ་བཞི་པ”དང་2035ལོའི་འཕེལ་རྒྱས་ཀྱི་འཆར་གཞི་བཟང་པོར་རྒྱང་ལྟ་བྱས་པ་བཅས་བྱས་ནས། དཀར་མཛེས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དཀར་མཛེས་ཀྱི་ས་གཞི་ཆེ་མོར་རྩ་བ་ཚུགས་པ་དང་འབྲས་བུ་སྨིན་རྒྱུར་སྐུལ་འདེད་བཏང་ཡོད། ཏུའུ་མིང་དབྱིས་རྒྱ་ཆེའི་དགེ་སློབ་རྣམས་ཀྱིས་རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དམ་འཛིན་ཡག་པོ་བྱས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་བྱེད་པ། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པའི་རྩ་བའི་བླང་བྱ་ཁོང་དུ་ཆུད་པ་བཅས་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲས་པ་དང་སློབ་སྦྱོང་དང་ལས་དོན་ལ་མཛུབ་ཁྲིད་ཏན་ཏིག་བྱེད་པའི་རེ་བ་ཡོད་ཅེས་བརྗོད།
     སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་མགོན་པོ་དོན་གྲུབ་ཀྱིས་སྒྲོག་འགྲེལ་ལ་ནན་ཏན་ངང་ཉན་རྗེས“ངས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སློབ་ཁྲིད་ནང་འདྲེས་པར་བྱེད་པ་དང་། དུས་བསྟུན་མདུན་སྐྱོད་དང་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས་སློབ་མ་རྣམས་ཕ་ཡུལ་འཛུགས་སྐྲུན་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ་མཛེས་སྡུག་དང་སྣོད་བཅུད། ཞི་མཐུན་བཅས་ཀྱི་འབྱོར་འབྲིང་དཀར་མཛེས་བསྐྲུན་ཆེད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་བརྗོད།
     སློབ་མ་ཚོས་གཅིག་རྗེས་གཉིས་མཐུད་ངང་ངེས་པར་དུ་སློབ་སྦྱོང་ནན་ཏན་བྱས་ཏེ་རང་གི་བྱང་ཚད་རྒྱུན་མི་ཆད་པར་མཐོ་རུ་བཏང་ནས་དུས་རབས་གསར་པའི་གཞོན་ནུ་བཟང་པོ་ཞིག་ཏུ་འགྱུར་བར་འབད་རྒྱུ་ཡིན་ཞེས་བརྗོད།
     སྒྲོག་འགྲེལ་ཚོགས་འདུ་གྲོལ་རྗེས། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་འགོ་ཁྲིད་ཚན་ཁག་གིས། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་མུ་མཐུད་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། འགོ་ཁྲིད་ཚན་པས་སྣེ་ཁྲིད་དེ་སློབ་སྦྱོང་བྱེད་པ་དང་། ཀྲི་པུའུ་ཁག་གིས་མུ་མཐུད་སློབ་སྦྱོང་གཏིང་ཟབ་བྱེད་པ། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”སོགས་ཀྱི་རྣམ་པར་བརྟེན་ནས་རྩ་འཛུགས་ཀྱི་འཚོ་བ་ཚད་ལྡན་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། སྤྱོད་བཟང་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་སློབ་གསོའི་རྩ་བ་རྒྱུན་མི་ཆད་པར་དོན་འཁྱོལ་བཅས་བྱས་ནས། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་ཆེད་འབད་འཐབ་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བརྗོད།
     དཀར་མཛེས་ཁུལ་སློབ་གསོ་ལུས་རྩལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བ་དང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་ཡོངས་དང་སློབ་མ་ཁག་གཅིག་དང་དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་འབྲེལ་ཡོད་འགན་འཁུར་བས་སྒྲོག་འགྲེལ་ཉན་ཡོད་པ་རེད། (http://tibet.people.com.cn/15832996.html)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1