ལྕགས་ཟམ་ཁ་རྫོང་ཨུའི་ཧྲུའུ་ཅི་ལ་ཞིབ་བཤེར་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-18


        སྤྱི་ཟླ་12པའི་ཚེས་17ཉིན་གསར་འགོད་པས་ཞིང་ཆེན་སྒྲིག་ཨུའི་ལྟ་ཞིབ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བ་ལྟར་ན། དཀར་མཛེས་ཁུལ་ལྕགས་ཟམ་ཁ་རྫོང་ཨུའི་ཧྲུའུ་ཅི་ཁྲེན་ཐིང་ཆོན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་པ་ཡོད་པས། མིག་སྔར་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།
ཁྲེན་ཐིན་ཆོན་གྱི་ངོ་སྤྲོད་མདོར་བསྡུས།
        ཁྲེན་ཐིན་ཆོན། སྐྱེས་པ། རྒྱ་རིགས། 1969ལོའི་ཟླ་7པར་སྐྱེས། སི་ཁྲོན་ཡིང་ཧྲན་གྱི་མི་ཡིན། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གནས་ལྡན། 1995ལོའི་ཟླ་9པར་ལས་ཀར་ཞུགས། 1995ལོའི་ཟླ་3པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།
        1995ལོའི་ཟླ་9པ་ནས་1998ལོའི་ཟླ་2པའི་བར། ཕེང་ཨན་རྫོང་སྤྱི་བདེ་ཅུས་ཀྲོའུ་ཁོའུ་མངགས་གཏོང་ཁང་བདེ་སྲུང་རུ་ཁག་གི་འགོ་འཛིན་གྱི་འགན་ཁུར།
        1998ལོའི་ཟླ་2པ་ནས་1998ལོའི་ཟླ་10པའི་བར། ཕེང་ཨན་རྫོང་སྤྱི་བདེ་ཅུས་ཅིན་ཞི་མངགས་གཏོང་ཁང་གི་འགོ་འཛིན་གཞོན་པའི་འགན་ཁུར།
        1998ལོའི་ཟླ་10པ་ནས་1999ལོའི་ཟླ་10པའི་བར། ཕེང་ཨན་རྫོང་ཨུའི་རྩ་འཛུགས་པུའུ་རུ་ལས་ཀ་བྱས།
        1999ལོའི་ཟླ་10པ་ནས་1999ལོའི་ཟླ་11པའི་བར། ཕེང་ཨན་རྫོང་ལུང་ཚན་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་ཁུར།
        1999ལོའི་ཟླ་11པ་ནས་2001ལོའི་ཟླ་12པའི་བར། ཕེང་ཨན་རྫོང་ལུང་ཚན་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་གྲོང་རྡལ་གྱི་འགོ་འཛིན་བྱས།
        2001ལོའི་ཟླ་12པ་ནས་2002ལོའི་ཟླ་8པའི་བར། ཕེང་ཨན་རྫོང་ལུང་ཚན་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར།
        2002ལོའི་ཟླ་8པ་ནས་2006ལོའི་ཟླ་11པའི་བར། བརྒྱད་ཟིལ་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པའི་འགན་ཁུར།
        2006ལོའི་ཟླ་11པ་ནས་2007ལོའི་ཟླ་11པའི་བར། བརྒྱད་ཟིལ་རྫོང་ཨུའི་རྒྱུན་ཨུ་དང་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པའི་འགན་ཁུར།
        2007ལོའི་ཟླ་11པ་ནས་2007ལོའི་ཟླ་12པའི་བར། རྟའུ་རྫོང་ཨུའི་རྒྱུན་ཨུའི་འགན་ཁུར།
        2007ལོའི་ཟླ་12པ་ནས་2009ལོའི་ཟླ་11པའི་བར། རྟའུ་རྫོང་ཨུའི་རྒྱུན་ཨུ་དང་རྫོང་སྲིད་གཞུང་གི་རྒྱུན་ལས་རྫོང་དཔོན་གཞོན་པའི་འགན་ཁུར།
        2009ལོའི་ཟླ་11པ་ནས་2009ལོའི་ཟླ་12པའི་བར། ལྕགས་ཟམ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་ཁུར།
        2009ལོའི་ཟླ་12པ་ནས་2010ལོའི་ཟླ་1པོའི་བར། ལྕགས་ཟམ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ། རྫོང་དཔོན་ལས་ཚབ་བཅས་ཀྱི་འགན་ཁུར།
        2010ལོའི་ཟླ་1པོ་ནས་2011ལོའི་ཟླ་10པའི་བར། ལྕགས་ཟམ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་གྱི་འགན་ཁུར།
        2011ལོའི་ཟླ་10པ་ནས་ད་ལྟའི་བར། ལྕགས་ཟམ་ཁ་རྫོང་ཨུའི་ཧྲུའུ་ཅིའི་འགན་ཁུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1