ཞིབ་དཔྱད་ཚོགས་འདུའི་ཡུལ་དངོས།
ཆེད་མཁས་པས་བརྩམས་ཆོས་ལ་གཟིགས་ནས་ཞིབ་དཔྱད་བྱེད་བཞིན་པ།
གནའ་བོའི་བོད་ཀྱི་ཡིག་གཟུགས་འདྲ་བཟོ་བྱས་པའི་བརྩམས་ཆོས།
སྤྱི་ཟླ་12པའི་ཚེས་15ཉིན། གནས་ཚུལ་ཤེས་གསལ་ལྟར་ན། གནའ་བོའི་བོད་ཀྱི་ཡིག་གཟུགས་མ་ཉམས་གོང་སྤེལ་དང་ཉམས་པ་སོར་ཆུད་བྱེད་པའི་ཆེད་དུ། དཀར་མཛེས་ཁུལ་རིག་གནས་ཁང་གིས་ལོ་མང་རིང་བོད་ཁུལ་གྱི་ས་ཆ་སོ་སོ་ནས་ གནའ་བོའི་བོད་ཀྱི་ཡིག་གཟུགས་མང་པོ་བསྡུ་རུབ་དང། རྟོག་ཞིབ། ཞིབ་བསྡུར་བཅས་བྱས་པ་བརྒྱུད། བོད་ཀྱི་མི་རབས་རེ་རེས་རྒྱུ་ཆ་སྣ་ཚོགས་སུ་བྲིས་པའི་གནའ་བོའི་བོད་ཀྱི་ཡིག་གཟུགས་བརྩམས་ཆོས་དག་ལེགས་བསྒྲིགས་བྱས་རྗེས། མ་ལག་དང་ལྡན་པའི་ཡིག་གཟུགས་རྣམ་པ་ཅན་གྱི་གནའ་བོའི་བོད་ཀྱི་ཡིག་གཟུགས་ཕྱོགས་བསྡུས་ཤིག་དང་། ཐང་གའི་རྣམ་པ་ཅན་གྱི་ཡིག་གཟུགས་བརྩམས་ཆོས་ཤིག་ཏུ་གྲུབ། 2014ལོར། དཀར་མཛེས་ཁུལ་རིག་གནས་ཁང་གིས་བསྡུ་རུབ་དང་ལེགས་བསྒྲིགས་བྱས་པའི་གནའ་བོའི་བོད་ཀྱི་ཡིག་གཟུགས་བརྩམས་ཆོས་116གི་ཁྲོད་ནས་བརྩམས་ཆོས་80བདམས་པ་མ་ཟད། དེ་དག་གདོད་མའི་རྣམ་པ་ལྟར་བོད་ཤོག་གི་ཐོག་འདྲ་བཤུས་བྱས་ཡོད།
སྤྱི་ཟླ་12པའི་ཚེས་12ཉིན། དཀར་མཛེས་ཁུལ་རིག་གནས་ཁང་དང་དཀར་མཛེས་ཁུལ་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་ལྟེ་གནས་གཉིས་ཀྱིས་དར་མདོ་རུ། གནའ་བོའི་བོད་ཀྱི་ཡིག་གཟུགས་བརྩམས་ཆོས་80ལ་ཆེད་མཁས་པས་དཔྱད་བཤེར་བྱེད་པའི་ཚོགས་འདུ་བསྡུས་ཤིང་། ཚོགས་འདུའི་ཐོག དཀར་མཛེས་ཁུལ་གྱི་གནའ་བོའི་བོད་ཀྱི་ཡིག་གཟུགས་མཁས་ཅན་དང་ཤེས་ཡོན་ཅན། དཀར་མཛེས་ཁུལ་གྱི་བོད་ཡིག་མཐུན་ཚོགས་ཀྱི་ཚོགས་མི་འགའ་དང་རིག་གནས་ལུས་རྩལ་རྒྱང་བསྒྲགས་ཅུས་ཀྱི་འབྲེལ་ཡོད་འགོ་ཁྲིད་བཅས་བསྡོམས་པས་མི་25ཞིབ་དཔྱད་ཚོགས་འདུར་ཞུགས་ཡོད།