བོད་ལྗོངས་མངའ་རིས་ས་ཁུལ་གྱི་གཙོད་ཀྱི་ཁ་གྲངས་ཁྲི6ཙམ་ཟིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-30



   2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་“ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་མཇུག་བསྒྲིལ་བའི་ལོ་ཞིག་ཡིན་ལ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་ཆོད་པའི་ལོ་ཞིག་ཀྱང་ཡིན། ཟླ་12ཚེས་25ཉིན་གསར་འགོད་པས་བོད་ལྗོངས་མངའ་རིས་ས་ཁུལ་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། མངའ་རིས་ས་ཁུལ་གྱི་སྣོད་བཅུད་ཁོར་ཡུག་སྤུས་ཚད་ཀྱི་གནས་ཚུལ་རྒྱུན་མཐུད་ཡག་པོ་ཡོད་པ་དང་། སྦགས་བཙོག་དངོས་པོ་གཙོ་བོའི་ཚོད་འཛིན་རང་བཞིན་གྱི་དམིགས་ཚད་དང་ཐོན་ཁུངས་ཟད་གྲོན་གྱི་ཆུ་ཚད་དེ་རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱི་ཞིབ་བཤེར་གཏན་འབེབས་ཁྱབ་ཁོངས་ནང་ཚོད་འཛིན་བྱས་ཡོད་པ་རེད།


   2020ལོའི་ཟླ་10པར། མངའ་རིས་ས་ཁུལ་གྱིས་རྒྱལ་ཁབ་རིམ་པའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་ལེགས་འགྲུབ་ངང་བསྐྲུན་ཡོད་ཅིང་།  མཁའ་རླུང་གི་སྤུས་ཚད་བཟང་ཚད་97%ཡན་ཟིན་པ་དང་། ཆུ་བོ་དང་མཚེའུ་གཙོ་བོའི་ཆུ་སྤུས་ཚང་མ་རིགས་གསུམ་གྱི་ཚད་གཞིར་སླེབས་པའམ་དེ་ལས་ལེགས་པ་ཡོད་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ཚང་མ་དམིགས་ཚད་དུ་སླེབས་པ། ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་ལེགས་པོ་རྒྱུན་འཁྱོངས་ཐུབ་པ། མངའ་རིས་ས་ཁུལ་ནི་སྔར་བཞིན་རྒྱལ་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ་བཅས་རེད།

   “དེང་རབས་སྒྲིག་བཀོད་ཞིང་འབྲོག་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་སྒར་རྫོང་སྣོད་བཅུད་ཞིང་ལས་དཔེ་སྟོན་གླིང་སོགས་ཐོན་ལས་གླིང་དང་རྟེན་གཞི་11བསྐྲུན་པ་དང་། འབྲོང་དང་བོད་ནུབ་བྱང་གི་ཁུལ་ལྡན་ར་མཚོན་བྱེད་དུ་བྱས་པའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་སྟེ། དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ལ་ཁྱབ་པའི་སྣོད་བཅུད་ཐོན་རྫས་ཀྱི་རིན་ཐང་དེ་གསེར་རི་དངུལ་རིར་འགྱུར་རྒྱུར་འབད་བརྩོན་བྱེད་དགོས།”


   མངའ་རིས་ས་ཁུལ་ལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་2དང་བོད་རང་སྐྱོང་ལྗོངས་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་4ཡོད་པས་དེར་རི་སྐྱེས་སྲོག་ཆགས་ཀྱི“ལྷ་ཡུལ”ཞེས་པའི་མིང་ཐོབ་ཡོད།མངའ་རིས་ས་ཁུལ་གྱི་སྲུང་སྐྱོང་དངོས་རིགས་མང་ཆེ་བའི་གྲངས་འབོར་སླར་གསོ་རང་བཞིན་གྱི་འཕར་སྣོན་མངོན་གསལ་བྱུང་བ་སྟེ། གཙོད་ཀྱི་གྲངས་འབོར་ནི་དེ་སྔའི་ཁྲི་2ཙམ་ནས་ད་ལྟའི་ཁྲི་6ཙམ་ཟིན་པ་གྱུར་བ་དང་། འབྲོང་གི་གྲངས་འབོར་ནི་དེ་སྔའི་ཁྲི་1ཙམ་ནས་ད་ལྟའི་ཁྲི་2ཙམ་ཟིན་པ་གྱུར་བ། རྐྱང་གི་གྲངས་འབོར་ནི་དེ་སྔའི་ཁྲི་1.5ཙམ་ནས་ད་ལྟའི་ཁྲི་4ཙམ་ཟིན་པ་གྱུར་བ།གསའ་དང་། གཉན། གནའ་བ་སོགས་རི་སྐྱེས་སྲོག་ཆགས་སླར་གསོ་རང་བཞིན་གྱི་འཕར་སྣོན་མངོན་གསལ་དོད་པོ་ཡོད།


   མངའ་རིས་ས་ཁུལ་གྱིས་སྟོངས་ཉེར་ཡོད་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཆེས་ཆུང་གྲས་སྲུང་སྐྱོབ་དང་སྲུང་སྐྱོབ་ལས་ཀའི་ཇུས་གཞི་བཟོས་ཏེ་སྲུང་སྐྱོབ་བྱེད་པའི་གཙོ་གནད་དང་། དམིགས་འབེན།བྱ་ཐབས་བཅས་ཁ་གསལ་བཟོས་ནས་རྨས་སྐྱོན་བྱུང་བའི་རི་སྐྱེས་སྲོག་ཆགས་དུས་ཐོག་ཏུ་གསོ་ཉར་བྱེད་པ་དང་། རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་དང་རིམས་ནད་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གང་བྱུང་རྔོན་རྒྱག་པའི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་བ་དང་གཏན་འགོག་མཐའ་གཅིག་ཏུ་བྱས་པ་རེད།

   མངའ་རིས་ས་ཁུལ་གྱིས་2014ལོ་ནས་བཟུང་ལོ་ལྟར་མ་དངུལ་སྒོར་ཁྲི་24.99དོན་འཁྱོལ་བྱས་པ་སྟེ།བོགས་མར་བཏང་བའི་རྩྭ་ར་དེ་འབྲོང་ཁམ་པ་འཚོ་སྡོད་ཐད་སྤྱད་པ་དང་། འབྲོང་ཁམ་པ་ཡི་གྲངས་འབོར་200ལྷག་ཙམ་ཟིན་ཡོད་པ་རེད། ལོ་རེར་གཙོད་ཕྲུག་བཙའ་བའི་དུས་ཚིགས་སུ། མངའ་རིས་ས་ཁུལ་ནགས་ཚལ་དང་རྩྭ་ཐང་སྡེ་ཚན་གྱིས་འགན་འཁྲི་ཧུར་ཐག་འཁུར་བ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཆེད་ལས་དོ་དམ་པ་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་མི་སྣ། སྣོད་བཅུད་ལས་གནས་མི་སྣ་བཅས་སྒྲིག་འཛུགས་བྱས་ཏེ་རང་སོ་སོའི་དོ་དམ་ཁྱབ་ཁོངས་ནང་གཙོད་གནས་སྤོ་བྱ་ཡུལ་གཙོ་བོ་དང་གཏན་འཇགས་བཙའ་ཡུལ་དུ་ལྟ་ཞིབ་ཚད་ལེན་དང་སྐོར་སྐྱོང་བྱ་སྤྱོད་སྤེལ་བ་དང་། ལྷག་པར་དུ་ལོ་ལྟར་རྒྱལ་ལམ་219ཡི་མ་ཡུག་ཤིང་དུམ་བུའི་གཙོད་ཕྲུག་ཆིག་ཁྲི་ལྷག་ཙམ་ལ་སྲུང་སྐྱེལ་བྱེད་ཀྱི་ཡོད་པ་རེད། 


   2021ལོར།མངའ་རིས་ས་ཁུལ་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུད། སྲིད་གཞུང་བཅས་ཀྱི་སྣོད་བཅུད་དཔལ་ཡོན་འཛུགས་སྤེལ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་དང་ལས་ཀའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས། མཛེས་སྡུག་ལྡན་པའི་མངའ་རིས་འཛུགས་སྐྲུན་བྱ་བར་མུ་མཐུད་སྐུལ་འདེད་དང་། སྣོད་བཅུད་དཔལ་ཡོན་གྱི་མཐོ་ས་གསར་གཏོད། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྒྲིབ་བཅད་བརྟན་པོ་སྐྲུན་པ་བཅས་བྱ་རྒྱུ་རེད། (http://tibet.people.com.cn/15834010.html)



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1