༄༅།།ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུ

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-04


2022022རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན། 

 ཀྲང་ཅུན།

   འཐུས་མི་རྣམ་པ། ལོ་གཅིག་རིང་། ང་ཚོས་ཏང་དང་མི་དམངས་ཀྱི་བླང་བྱ་ལག་ལེན་བསྟར་བ་དང་། ཞིབ་དཔྱོད་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་སྔར་བས་ལེགས་པ་དང་སྔར་བས་ཕུལ་དུ་བྱུང་བར་ཡར་རྒྱས་གསར་པ་བྱུང་ཡོད། འདིའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་དབུ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་ཐུག་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་ནུས་ལྡན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱབ་སྐྱོར་ཤུགས་ཆེན། རྒྱལ་ཡོངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་བཅས་དང་བྲལ་ཐབས་མེད་པ་དང་། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གཞོགས་འདེགས་དང་ཚོད་འཛིན། དམངས་གཙོའི་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཀྱི་ཚོགས་པ་ཁག་དང་དེ་བཞིན་ས་གནས་རིམ་པ་ཁག་གི་ཏང་སྲིད་ལས་ཁུངས་དང་། འཐུས་མི་རྣམ་པ། ཨུ་ཡོན་རྣམ་པ། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱིས་ལྷག་བསམ་རྣམ་དག་གིས་ཐུགས་ཁུར་དང་རོགས་རམ་བྱས་ཡོད། ངས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཚབ་ཞུས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
 ང་ཚོས་གསལ་པོར་ཤེས་དགོས་པ་ཞིག་ནི། དུས་རབས་གསར་པའི་ཞིབ་དཔྱོད་ལས་ཀར་ད་དུང་གནད་དོན་དང་ཞན་ཆ་མི་ཉུང་བ་ཞིག་ཡོད། གཅིག་ནི་ཞིབ་དཔྱོད་ཀྱི་འདུ་ཤེས་ད་དུང་གསར་སྒྱུར་དང་དོན་འཁྱོལ་བྱེད་དགོས་པ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་ནང་འདྲེས་པར་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་བར་ད་དུང་ཧེ་བག་མི་ཆུང་བ་ཞིག་ཡོད། གཉིས་ནི་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲི་ལག་བསྟར་གནད་ལ་མི་འཁེལ་བ་དང་། གཞོགས་འདེགས་མཐུན་སྦྱོར་ལ་མཐོང་ཆེན་དང་ལྟ་སྐུལ་ཚོད་འཛིན་ལ་སྣང་ཆུང་བྱས་འདུག གསུམ་ནི་ཞིབ་དཔྱོད་ལས་སྒོའི་ལྷུ་ཚིགས་ཞན་སར་ཁ་གསབ་ནུས་ལྡན་བྱེད་ཐུབ་མེད་པ་དང་། སྲིད་འཛིན་ཞིབ་དཔྱོད་དང་དམངས་དོན་ཞིབ་དཔྱོད་སྔར་བཞིན་ཞན་ཆ་མངོན་གསལ་ཡོད། བཞི་ནི་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་མི་འདང་བ་དང་ལེ་ལག་ཚང་བའི་བྱེད་ཐབས་འཐུས་ཚང་མེད་པ། ལྔ་ནི་ཞིབ་དཔྱོད་དཔོན་གྱི་ཆེད་ལས་བྱང་ཚད་དེ་དུས་རབས་གསར་པའི་སྔར་བས་མཐོ་བའི་བླང་བྱ་དང་མི་འཚམ་པ་དང་། དམངས་དོན་དང་ཚོང་དོན་དང་། དངུལ་རྩ། དྲ་རྒྱ་སོགས་ཀྱི་གྱོད་གཞི་ཞིབ་གཅོད་བྱེད་ནུས་དེ་བས་མི་འདང་བ་བཅས་རེད། དྲུག་ནི་ཞིབ་དཔྱོད་དབང་ཆའི་ལྟ་སྐུལ་ཚོད་འཛིན་ལམ་སྲོལ་ད་དུང་འཐུས་ཚང་དུ་གཏོང་དགོས་པ་དང་། ཁྲིམས་འགལ་གྱིས་གྱོད་གཞི་ཞིབ་གཅོད་དང་གྱོད་གཞིར་བརྟེན་ནས་སྒེར་དོན་གཉེར་རིགས་ཡང་ཡང་ཐོན་པ། དབྱང་ཁེ་ཆིན་སོགས་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་ཚབས་ཆེན་གྱིས་ཤུགས་རྐྱེན་ཧ་ཅང་ངན་པ་བཟོས་པ་དང་བསླབ་བྱ་ཟབ་མོ་ཐོབ་ཡོད། བདུན་ནི་གཞི་རིམ་གྱི་རྨང་གཞིའི་ལས་ཀར་སྔར་བཞིན་ཤུགས་སྣོན་ཆེན་པོ་རྒྱག་དགོས་པ་དང་། བཀོད་སྒྲིག་ཁག་ཅིག་དོན་ཐོག་ཏུ་འཁྱོལ་ཐུབ་མེད། གནད་དོན་གསར་པ་ཐག་གཅོད་དང་དཀའ་གནད་ལ་ལན་འདེབས་པ་རྒྱུན་འཁྱོངས་ལྷོད་མེད་བྱེད་རྒྱུ་ནི་ང་ཚོས་རང་འགན་གཙང་སྒྲུབ་བྱེད་པའི་ཚོད་བགམ་གལ་ཆེན་ཞིག་རེད།
                      དུས་རིམ་རྗེས་མའི་ལས་ཀའི་བཀོད་སྒྲིག  
 ད་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་བྲལ་འགག་སྒྲོལ་གྱི་རྒྱལ་ཕམ་རྟིང་རྩོད་ཀྱི་ལོ་ཞིག་ཡིན། ཏོག་གསར་གློ་ཚད་རིམས་ནད་ལས་འགྲན་སློང་གསར་པ་བྱུང་བ་དང་། ཞིབ་དཔྱོད་ལས་ཁུངས་ཀྱིས་ངེས་པར་དུ་འགན་འཁྲི་འཁུར་དགོས། ཐོག་མཐའ་བར་གསུམ་དུ་ཏང་གིས་ཞིབ་དཔྱོད་ལས་ཀའི་འགོ་ཁྲིད་གཙང་བཙན་མཐའ་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། “འདུ་ཤེས་བཞི་”ཇེ་ཆེར་གཏོང་བ་དང་། “གདེང་ཚོད་བཞི་”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”བྱེད་ཐུབ་པ་བཅས་བྱས་ཏེ་ཞིབ་དཔྱོད་ལས་དོན་ཁག་ནང་མཉམ་འདྲེས་ཡོང་བར་བྱེད་དགོས། ཐོག་མཐའ་བར་གསུམ་དུ་“ཐོག་མའི་བསམ་འདུན་སྲུང་བ་དང་འགན་འཁྲི་འཁུར་རྒྱུ་”རྒྱུན་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དོན་འཁྱོལ། མི་དམངས་མང་ཚོགས་ཀྱི་སེམས་ཁྲལ་བྱེད་ས་དང་། སེམས་ཁུར་བྱེད་ས། བློ་མི་བདེ་ས་བཅས་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས། ཐོག་མཐའ་བར་གསུམ་དུ་“བརྟན་འཕེལ་དང་། དོན་འཁྱོལ། མཐོར་འདེགས་”རྒྱུན་འཁྱོངས་བཅས་བྱས་ཏེ་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་། ཁྲིམས་སྐྱོང་གི་རང་རྟོགས། ཞིབ་དཔྱོད་ཀྱི་རང་རྟོགས་བཅས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་ནས་རྒྱལ་ཁབ་སྐྱོང་བའི་མ་ལག་དང་སྐྱོང་བའི་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ཆེད་ཁྲིམས་སྐྱོང་གི་འགན་ལེན་དེ་བས་ནུས་ལྡན་མཁོ་འདོན་བྱེད་དགོས།
   དང་པོ། “བརྟན་འཕེལ་”རྒྱུན་འཁྱོངས་བྱས་ཏེ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་ཞིབ་དཔྱོད་འགན་སྒྲུབ་ཀྱི་ལས་འགན་གལ་ཆེ་ཤོས་སུ་བརྩི་དགོས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དམིགས་འབེན་ལས་འགན་ལ་དམིགས་ཏེ། རང་རྟོགས་ངང་“བརྟན་པོ་དྲུག”དང་“འགན་སྲུང་དྲུག”ལ་ཞབས་འདེགས་ཞུས་ནས་རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་གཅོག་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་རིགས་ལ་ཉེས་ཆད་མཐའ་གཅིག་ཏུ་གཅོད་དགོས། སྟོབས་ཤུགས་གཅིག་སྡུད་ཀྱིས་ཁྲིམས་སྦྱོར་བྱེད་མང་བའི་ནག་ཚོགས་སྤྱོད་ངན་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཞིབ་གཅོད་བྱས་ནས་ཕུགས་ཕན་རྒྱུན་སྐྱོང་ལ་སྐུལ་འདེད་གཏོང་བ། དབུལ་སྐྱོར་རྒྱུ་དངོས་ཧམ་བཟུང་གི་ཉེས་གསོག་ལ་ཆད་པ་ནན་པོ་བཅད་ནས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་གྱོད་འབྲེལ་རྒྱུ་དངོས་མགྱོགས་མྱུར་ཕྱིར་སློག་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་དང་ཟས་རིགས་སྨན་རྫས་ཁྱབ་ཁོངས་སུ་སྤྱི་ཕན་ལ་གནོད་འཚེ་གཏོང་བའི་གྱོད་གཞི་དམིགས་སུ་བཀར་ནས་ལེགས་པར་བསྒྲུབ་པ་དང་། དངུལ་རྩའི་ཉེས་གསོག་ལ་ཆད་པ་ནན་པོ་གཅོད་དགོས། ཤེས་བྱའི་ཐོན་དངོས་བདག་དབང་ལ་གནོད་འཚེ་གཏོང་མཁན་ལ་ཆད་པ་ནན་པོ་གཅོད་དགོས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སྔར་བས་ལེགས་པོ་ཡོང་བར་ཞབས་འདེགས་ཞུ་རྒྱུར་ཤུགས་རྒྱག་པ་དང་། བཅའ་ཁྲིམས་ཀྱི་སྲུང་སྐྱོབ་གཅིག་འདྲ་ཐོབ་རྒྱུ་དང་ཚོད་འཛིན་བྱེད་པའི་ཚོང་རའི་ཁོར་ཡུག་བསྐྲུན་ནས་འཕེལ་རྒྱས་ལ་སྐུལ་འདེད་དང་ལས་ཞུགས་དང་དམངས་འཚོ་འགན་ལེན་བྱེད་དགོས། ལྟ་ཞིབ་དང་ཞིབ་དཔྱོད་སྦྲེལ་མཐུད་གཏིང་ཟབ་ཏུ་བཏང་ནས་ལས་ཐོག་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་གཅོད་དགོས། རིམས་ཟོན་ལ་གནོད་འཚེ་གཏོང་བ་དང་། ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་འཛིན་གསོད་དང་ཉོ་ཚོང་བྱེད་པ་སོགས་ཀྱི་ཉེས་གསོག་ལ་ཆད་པ་ནན་པོ་གཅོད་དགོས།  དུས་རབས་གསར་པའི་“ཧྥེང་ཆའོ་ཉམས་མྱོང་”རྒྱུན་འཁྱོངས་བྱས་ཏེ། གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་སྐུལ་སྤེལ་གཏོང་བར་ཧུར་ཐག་དང་། “སུས་བཅའ་ཁྲིམས་ལག་བསྟར་བྱེད་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་རྒྱུའི་”འགན་འཁྲི་ལམ་ལུགས་དོན་འཁྱོལ་བཏང་སྟེ། ཞིབ་དཔྱོད་དཔོན་གྱིས་གྱོད་གཞི་བརྒྱུད་ནས་བཅའ་ཁྲིམས་ལ་འགྲེལ་རྒྱག་པ་དངོས་སུ་སྒྲུབ་ཐུབ་པ་བྱེད་པ་དང་། ཁྲིམས་སྐྱོང་སློབ་རར་བསྐྱོད་པ་དང་། སྡེ་ཁུལ་དུ་བསྐྱོད་པ། གྲོང་གསེབ་ཏུ་བསྐྱོད་པ། ཁེ་ལས་སུ་བསྐྱོད་པ་སོགས་རྒྱ་ཁྱབ་ཏུ་སྤེལ་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་ལ་ཤུགས་རྒྱག་དགོས། རིམས་ནད་དང་འབྲེལ་བའི་འགལ་བ་དང་རྩོད་གཞི་གྲལ་བཤེར་དང་སེལ་བར་ཞུགས་ནས་རིམས་ནད་རྗེས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ནུས་ལྡན་ངང་སྐུལ་འདེད་གཏོང་དགོས། དམག་དང་འབྲེལ་བའི་ཉེས་གསོག་ལ་ཆད་པ་ནན་མོ་གཅོད་དགོས་པ་དང་། རྒྱལ་སྲུང་ཁེ་ཕན་དང་དམག་མིའི་ཁྱིམ་མི། དམག་ཞབས་འཐིམས་པའི་དམག་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།
    གཉིས་པ། དོན་འཁྱོལ་ཟབ་སྤེལ་བྱས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་སྔར་བས་རང་རྟོགས་ངང་བསྒྲུབ་དགོས། ནག་ཉེས་ངོས་ལེན་དང་ཉེས་ཆད་ངོས་ལེན་བྱེད་པར་གུ་ཡངས་གཏོང་བའི་ལམ་ལུགས་ལག་བསྟར་གཏིང་ཟབ་གཏོང་དགོས། དམངས་དོན་ཁྲིམས་གཞུང་གྲོས་འཆམ་བྱུང་རྗེས། ང་ཚོས་ལས་མི་ཡོངས་རྩ་འཛུགས་བྱས་ནས་སློབ་སྦྱོང་དང་ཟབ་སྦྱོང་ནན་ཏན་བྱས་ཏེ། ལས་སྒོ་སོ་སོའི་ཞིབ་དཔྱོད་ལས་ཀའི་ཁྲོད་ལག་བསྟར་དོན་འཁྱོལ་དམ་འཛིན་གང་ལེགས་ཀྱིས་གྱོད་གཞིའི་དོ་བདག་གི་དམངས་དོན་ཁེ་དབང་འགན་སྲུང་དང་དྲང་སྙོམ་དྲང་བདེན་སྲུང་སྐྱོང་བྱེད་དགོས། སྲིད་འཛིན་གྱི་རྩོད་གཞི་ངོ་བོའི་ཐོག་ནས་འདུམ་གཅོད་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཁྲིམས་འཛིན་དྲང་གཞག་ཡོང་བར་སྲུང་སྐྱོང་དང་ཁྲིམས་ལྟར་སྲིད་འཛིན་བྱེད་པར་སྐུལ་འདེད་གཏོང་དགོས། སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ལས་ཀ་ཚད་ལྡན་གཏོང་བ་དང་། གྱོད་དོན་ཞིབ་གཅོད་བྱེད་ཁོངས་རྒྱ་སྐྱེད་པ་དང་། བདེ་འཇགས་ངང་ཐོན་སྐྱེད། སྤྱི་པའི་འཕྲོད་བསྟེན། སྐྱེ་དངོས་བདེ་འཇགས། བུད་མེད་དང་བྱིས་པ། དེ་མིན་དབང་བོ་སྐྱོན་ཅན་གྱི་ཁེ་དབང་སྲུང་སྐྱོང་། དྲ་རྒྱའི་གནོད་འཚེ། དབུལ་སྐྱོར། རིག་དངོས་དང་རིག་གནས་ཤུལ་རྫས་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་སྤྱི་ཕན་གནོད་འཚེ་གྱོད་གཞི་ཧུར་ཐག་དང་བརྟན་ལྷིང་ངང་བསྒྲུབ་དགོས། མང་ཚོགས་ལ་འཕྲིན་ཡིག་བསྐུར་ནས་ལན་སློག་པ་དང་གྱོད་གཞི་ཞིབ་གཅོད་མཇུག་སྒྲིལ་རྒྱུར་སྐུལ་འདེད་གཏོང་བར་ཤུགས་འདོན་དགོས། ལོ་ན་མ་སོན་པའི་སྐྱེ་བོར་འདོད་སྲེད་བཙན་གནོད་ཀྱི་ཉེས་གསོག་རིགས་ལ་ཉེས་ཆད་དྲག་པོ་གཅོད་པ་དང་“ཞིབ་དཔྱོད་གྲོས་འགོ་དང་པོ་”ཡང་བསྐྱར་དོན་འཁྱོལ་བྱེད་པར་ལྟ་སྐུལ་སློབ་སྟོན་བྱེད་དགོས། ཞིབ་དཔྱོད་དཔོན་གྱིས་སློབ་གཙོ་གཞོན་པའི་འགན་འཁུར་བའི་ལས་ཀ་སྔར་བས་ལེགས་སུ་གཏོང་དགོས།
    གསུམ་པ། མཐོར་འདེགས་རྒྱུན་མཐུད་བྱས་ཏེ། དུས་རབས་གསར་པའི་མི་དམངས་མང་ཚོགས་ཀྱི་བླང་བྱ་གསར་པ་སྔར་བས་མཐོ་བའི་ཞིབ་དཔྱོད་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས། ཞིབ་དཔྱོད་ལས་དོན་གྱི་ཚན་རིག་དང་མཐུན་པའི་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་བ་དང་།  རིག་ལྡན་ཞིབ་དཔྱོད་ལས་དོན་འཛུགས་སྐྲུན་རིམ་སྤར་བྱས་ཏེ། དུས་རབས་གསར་པའི་གཞི་རིམ་ཞིབ་དཔྱོད་ལས་ཀ་གསར་གཏོད་དང་འཕེལ་རྒྱས་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། ཀྲུང་དབྱང་སྐོར་གཟིགས་ཀྱི་ཚུར་ལན་བསམ་འཆར་དག་ཐེར་དོན་འཁྱོལ་གཏིང་ཟབ་བྱེད་པ། ནན་པོ་ཡི་དགོངས་གཞི་གཙོ་བོའི་འོག་ཁོངས་གཏོགས་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་དམ་འཛིན་ཏན་ཏིག་བྱེད་པ་དང་། ཞིབ་དཔྱོད་དཔུང་ཁག་གི་སློབ་གསོ་དག་ཐེར་གཏིང་ཟབ་ཏུ་སྤེལ་བ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ཞིབ་དཔྱོད་སྟོབས་ལྡན་དམག་དཔུང་འཛུགས་སྐྲུན་བྱེད་དགོས།
    འཐུས་མི་རྣམ་པ།  ལོ་ངོ་70ཡི་རིང་ལ། སྤྱི་མཐུན་རྒྱལ་ཁབ་ཀྱི་རྔམ་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་རྒྱང་སྐྱོད་ལམ་བུ་དང་བསྟུན་ནས་མི་དམངས་ཞིབ་དཔྱོད་ཁང་གིས་“ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཁྲིམས་འཛིན་བྱེད་པའི་”ཐོག་མའི་བསམ་འདུན་དང་འགན་འཁྲི་ཐོག་མཐའ་བར་གསུམ་དུ་ལག་ལེན་བསྟར་དགོས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་ཐོག་ལོ་བརྒྱ་ལ་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོའི་ཁྲོད་དུ་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་པ། ཐེངས་འདིའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། མི་དམངས་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱེད་པ། ཐོག་མའི་བསམ་འདུན་ཞུན་བརྡར་དང་འགན་འཁྲི་ལྷག་བསམ་རྣམ་དག་གིས་སྒྲུབ་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ཆེད་བྱས་སྐྱེས་གསར་པ་འབུལ་དགོས། (ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་མཁོ་འདོན་བྱས།) 


རྩོམ་ཡིག་སྔོན་མ།
做好西藏,习近平最新强调10个“必须”
རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1