ཆེད་མཁས་པའི་གསལ་འགྲེལ། སྨྱན་སྦྱོར་མཉམ་འདུས་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་གྲོས་གཞི་རུ་བྲིས་འདུག དོན་དངོས་ཐོག་ཅི་ལྟར་མཉམ་འབྲེལ་བྱེད་དགོས་སམ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-06


སྤྱི་ཟླ་11པའི་ཚེས་3ཉིན། 《ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་པ་དང་ཉིས་སྟོང་སོ་ལྔ་ལོའི་ཕུགས་ཡུལ་དམིགས་འབེན་སྐོར་གྱི་གྲོས་གཞི་གཏན་འབེབས》སྤྱི་བསྒྲགས་བྱས་ཏེ། སྨྱན་སྦྱོར་གཏིང་ཟབ་མཉམ་འདྲེས་ལ་སྐུལ་འདེད་དང་། སྨྱན་སྦྱོར་ཀུན་འདུས་ཁྱབ་སྤེལ་ལས་གཞི་ལག་བསྟར་བྱེད་པ། རྣམ་པ་གསར་པའི་གཙོ་ཤུགས་སྨྱན་སྦྱོར་ཇེ་དྲག་དང་། རྫོང་རིམ་པའི་སྨྱན་སྦྱོར་ཀུན་འདུས་ལྟེ་གནས་ལེགས་པོར་བཙུགས་ཏེ་བེད་སྦྱོད་ཡག་པོ་བྱེད་དགོས་པ་གསལ་པོར་བཏོན། ཀྲུང་དབྱང་དང་རྒྱལ་ཁབ་རིམ་པའི་རྒྱུན་མཐུད་སྐུལ་འདེད་འོག །རང་རྒྱལ་གྱི་སྨྱན་སྦྱོར་མཉམ་འདྲེས་འཕེལ་ཚད་དུས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་དུས་སྐབས་སུ། རྣམ་པ་གསར་པའི་གཙོ་རྒྱུན་སྨྱན་སྦྱོར་ཅི་ལྟར་གསར་གཏོད་འཕེལ་རྒྱས་གཏོང་དགོས་སམ། མི་དམངས་དྲ་བའི་རྒྱལ་སྟོབས་གླེང་སྟེགས་ལེ་ཚན་གྱི་གསར་འགོད་པས་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་སྨྱན་སྦྱོར་གསར་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ། དྲུང་ཡིག་ཆེན་མོ་ཧོང་ཁྲུའུ་ཞིན་དང་། ཀྲུང་གོའི་གཏོང་སྦྱོར་སློབ་ཆེན་གསར་འགྱུར་སློབ་གླིང་ཚན་ཞིབ་ཁང་གི་ཀྲུའུ་རེན་ཀྲན་ཞིན་ཧུའེ། པེ་ཅིང་སློབ་ཆེན་སྨྱན་སྦྱོར་གསར་པའི་ཞིབ་འཇུག་སློབ་གླིང་གི་འགོ་གཙོ་གཞོན་པ་ཐའེན་ལི། ཆིང་ཧྭ་སློབ་ཆེན་གསར་འགྱུར་དང་ཁྱབ་སྤེལ་སློབ་གླིང་གི་སློབ་དཔོན་གཞོན་པ་ལུས་ཡུས་ཞང་བཅས་ལ་བཅར་འདྲི་ཞུས།
རྒྱལ་སྟོབས་གླེང་སྟེགས། སྨྱན་སྦྱོར་གཏིང་ཟབ་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དེ་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་གྲོས་གཞིའི་ནང་དུ་བཅུག་འདུག །མིག་སྔར། ཀྲུང་དབྱང་ནས་ས་གནས་ཀྱི་བར་སྨྱན་སྦྱོར་མཉམ་འདྲེས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་གནས་ཚུལ་ཅི་འདྲ་འདུག ཧོང་ཁྲུའུ་ཞིན། རིམ་པ་ཁག་གི་རིགས་སོ་སོའི་སྨྱན་སྦྱོར་ཁྱོན་ཡོངས་ནས་ལས་འགོ་བཙུགས་ཤིང་། སྨྱན་སྦྱོར་ཀུན་འདུས་ཀྱི་ཁྱབ་སྤེལ་གྱི་ཐོག་མའི་རུ་ཁག་ཆགས་ཟིན།ཏང་ཀྲུང་དབྱང་གིས་གསར་འགྱུར་གླེང་ཕྱོགས་ལས་དོན་དང་སྨྱན་སྦྱོར་མཉམ་འདྲེས་རིམ་སྒྱུར་ཐད་གཙིགས་མཐོང་ཆེན་པོ་གནང་བ་དང་། འབྲེལ་ཡོད་སྲིད་ཇུས་ཡིག་ཆའི་ཐོག་ནས་གཅིག་རྒྱུན་གཅིག་འཛིན་དང་གསར་གཏོད་འཕེལ་རྒྱས་གཅིག་གྱུར་བྱུང་བ་མཚོན་ཡོད། རྒྱལ་ཁབ་ཀྱི་འཐབ་ཇུས་བཀོད་སྒྲིག་འོག །རང་རྒྱལ་རྒྱལ་གྱི་སྨྱན་སྦྱོར་མཉམ་འདྲེས་རིམ་པ་ཁག་དང་རིགས་སོ་སོའི་སྨྱན་སྦྱོར་ཁྲོད་ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་ཅིང་ཕན་འབྲས་རགས་ཙམ་ཀྱང་ཐོབ་ཡོད།ཀྲུང་དབྱང་རིམ་པའི་སྨྱན་སྦྱོར་གྱིས་ལག་རྩལ་དང་ཐོན་ཁུངས་ལེགས་ཆ་ལ་བརྟེན་ནས། མཉམ་འདྲེས་ཀྱི་འཕེལ་རིམ་ཁྲོད་མདུན་གྲལ་དུ་སླེབས་པ་དང་། ལྷག་པར་དུ་5Gལག་རྩལ་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་སྨྱན་སྦྱོར་རིན་ནུས་ཅན་གྱི་རིམ་སྒྱུར་གྲུབ་འབྲས་མངོན་གསལ་དོད་པོ་འདུག །རྫོང་རིམ་པའི་སྨྱན་སྦྱོར་ཀུན་འདུས་ལྟེ་གནས་འཛུགས་སྐྲུན་ནི་སྨྱན་སྦྱོར་མཉམ་འདྲེས་ཀྱི་“མཐའ་མའི་སྤྱི་ལེ་གཅིག”ཡིན་ཏེ། ང་ཚོས་གོང་ནས་འོག་བར་ཀྲུང་དབྱང་ནས་ས་གནས་བར་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་སུ་ཁྱབ་པའི་སྨྱན་སྦྱོར་ཕྱོགས་ཡོངས་ཁྱབ་སྤེལ་གྱི་རུ་ཁག་ཆགས་ཡོད་ཅེས་བཤད་ཆོག ཀྲན་ཞིན་ཧུའེ། སྨྱན་སྦྱོར་གཏིང་ཟབ་མཉམ་འདྲེས་ཀྱིས་རྨང་གཞི་ཡག་པོ་འདིང་ཡོད།

བསམ་བློའི་ཐད། སྲིད་གཞུང་དང་སྨྱན་སྦྱོར། ཡང་ན་ལས་ཞུགས་པ་གང་ཡིན་རུང་འཕེལ་ཕྱོགས་དེར་ངོས་འཛིན་གཅིག་མཐུན་བྱུང་ཡོད། སྨྱན་སྦྱོར་མཉམ་འདྲེས་ནི་སྨྱན་སྦྱོར་འཚོ་གནས་འཕེལ་རྒྱས་ཀྱི་གནད་དོན་ཡིན་པར་མ་ཟད། ལྷག་པར་དུ་རྒྱལ་ཁབ་ཀྱི་འཐབ་ཇུས་ཡིན། འདུ་ཤེས་འཛིན་སྟངས་དང་རིག་གནས་བདེ་འཇགས་དང་འབྲེལ་བ་ཡོད་པར་མ་ཟད། ལྷག་པར་དུ་སྤྱི་ཚོགས་བཅོས་སྐྱོང་དང་གཞི་རིམ་གྱི་སྲིད་སྐྱོང་དང་དེ་བས་འབྲེལ་བ་ཡོད།

བྱ་སྤྱོད་ཐད། རིམ་པ་ཁག་གི་སྨྱན་སྦྱོར་ཚང་མས་བབ་བསྟུན་ཇུས་འགོད་དང་། བབ་བསྟུན་འགུལ་སྐྱོད། བབ་བསྟུན་ལས་སྒྲུབ་བྱེད་བཞིན་ཡོད། ཕྱོགས་གཅིག་ནས་ལག་རྩལ་བྱེད་ཐབས་དང་། ཐབས་ལམ། ལས་སྟེགས་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ནང་དོན་ཐོན་སྐྱེད་དང་། སྐད་ཆའི་རྣམ་པ། མཚོན་ཚུལ་སོགས་ཐད་ཀྱི་འཛུགས་སྐྲུན་བྱེད་པ་རེད།

ཕན་འབྲས་ཐད། བརྗོད་དོན་གཙོ་བོའི་གསར་འཕྲིན་གལ་ཆེན་དང་འཕྲལ་བྱུང་དོན་རྐྱེན་འབྱུང་སྐབས། གཙོ་རྒྱུན་སྨྱན་སྦྱོར་ཚང་མར་གལ་ཆེའི་སྐད་ཆ་ཤོད་དབང་ཡོད་པ། བེད་སྤྱོད་མཁན་གྱིས་ཁྱབ་སྤེལ་ནང་ཧུར་ཐག་ཞུགས་ནས་གཙོ་རྒྱུན་སྨྱན་སྦྱོར་ཁས་ལེན་བྱེད་ཚད་མཐོ་རུ་བཏང་བ། ལས་སྟེགས་ཁག་གཅིག་སྐྲུན་འགོ་ཚུགས་པ་དེས་སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་རྨང་གཞི་བཟང་པོ་བཏིང་ཡོད།

ཐའེན་ལི། སྨྱན་སྦྱོར་མཉམ་འདྲེས་ཀྱིས་ཉམས་མྱོང་གསར་པ་འཚོལ་ཞིབ་བྱས་ནས་ལམ་བུ་གསར་པ་ཞིག་བཏོད་པ།

ཀྲུང་དབྱང་རིམ་པའི་སྨྱན་སྦྱོར་གྱིས་ལག་རྩལ་གསར་གཏོད་དང་ཡང་ན་ཐོན་ཁུངས་སྡེབ་སྒྲིག་བྱས་པ་བརྒྱུད། བརྒྱུད་རིམ་བསྐྱར་བཟོ་དང་། ཐོན་རྫས་གསར་གཏོད། ཚོང་ལས་བྱེད་སྟངས་བཅས་ཀྱི་ཐད་རྒྱུན་ཆད་མེད་པར་འགག་གཏོར་བྱས་པ། རྫོང་རིམ་པའི་སྨྱན་སྦྱོར་ཀུན་འདུས་ལྟེ་གནས་ཀྱིས་གཅིག་ནས་སྨྱན་སྦྱོར་མཉམ་འདྲེས་འཛུགས་སྐྱོང་དང་ཆ་འཕྲིན་ཅན་འཛུགས་སྐྱོང་ཟུང་འབྲེལ་བྱས་ནས་སྨྱན་སྦྱོར་གྱི་ནུས་པ་དང་རིག་ལྡན་སྲིད་དོན་མཉམ་འདྲེས་ལ་སྐུལ་འདེད་བཏང་བ། གཉིས་ནས་སྨྱན་སྦྱོར་ཞབས་ཞུའི་ཁྱབ་ཁོངས་རྒྱུན་བསྲིང་བྱས་ནས་སྨྱན་སྦྱོར་ཆ་འཕྲིན་ཐོན་རྫས་མཁོ་འདོན་བྱེད་པ་ནས་ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུར་རིམ་སྒྱུར་བཏང་།

ལག་རྩལ་དང་ཚོང་ར་སོགས་སྐྱེ་ཁམས་སྨྱན་བྱེད་ཀྱིས་འགྱུར་བ་དང་བསྟུན། སྨྱན་སྦྱོར་མཉམ་འདྲེས་ཀྱིས་བརྒྱུད་རིམ་བསྐྱར་བཟོ་དང་། རྩ་འཛུགས་སྒྲིག་གཞི་བསྒྱུར་བཅོས། ཤེས་ལྡན་མི་སྣ་གསོ་སྐྱོང་། སྨྱན་སྦྱོར་དང་སྒྲིག་གཞི་གཞན་དག་བར་གྱི་མཉམ་ལས་འབྲེལ་བ་སོགས་ཀྱི་ཐད་ཉམས་མྱོང་ཁ་ཤས་འཚོལ་ཞིབ་བྱས་ཡོད།

རྒྱལ་སྟོབས་གླེང་སྟེགས། 2020ལོའི་ཟླ་9པར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་《སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་གང་མགྱོགས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས། ཐེངས་དེའི་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་ནང་སྨྱན་སྦྱོར་མཉམ་འདྲེས་ལ་སླར་ཡང་དོ་ཁུར་བྱེད་དགོས་པའི་གྲོས་གཞི་བཏོན་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་དབྱང་གིས་སྨྱན་སྦྱོར་མཉམ་འདྲེས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་བཏོན། འབྱུང་འགྱུར་གྱི་ལོ་ལྔའི་རིང་། སྨྱན་སྦྱོར་མཉམ་འདྲེས་ལ་དམིགས་ཚད་གང་འདྲ་ཞིག་ལ་སླེབས་དགོས་སམ།

ཀྲན་ཞིན་ཧུའེ། སྨྱན་སྦྱོར་ནང་ཁུལ་གྱི་མཉམ་འདྲེས་ནས་ལས་རིགས་དང་ཕྱོགས་མཚམས་བརྒལ་བའི་མཉམ་འདྲེས་ལ་སྐུལ་འདེད་བྱེད་དགོས།

《བསམ་འཆར》ནང་ཀྲུང་དབྱང་ནས་ཞིང་ཆེན་རིམ་པ། ཞིང་ཆེན་རིམ་པ་ནས་གྲོང་ཁྱེར་རིམ་པ། གྲོང་ཁྱེར་རིམ་པ་ནས་རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་རིམ་པ་བཞིའི་བརྒྱུད་སྤེལ་རུ་ཁག་ཁ་གསལ་བཏོན་པ། ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་འཆར་འགོད་ཀྱི་གྲོས་གཞིའི་ནང་དུའང་རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་འཛུགས་སྐྲུན་དང་བེད་སྤྱོད་ཡག་པོ་བྱེད་དགོས་ཞེས་བཏོན་ཡོད། འདིས་རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་གལ་ཆེའི་རང་བཞིན་གསལ་བཤད་བྱས་ཡོད་པ་དང་། རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་འཛུགས་སྐྲུན་དང་། གཞི་རིམ་གྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བ། མང་ཚོགས་ཀྱི་བསམ་བློ་དང་ཆབ་སྲིད་ཀྱི་ལས་ཀ་སྒྲུབ་པའི་ལས་སྟེགས་གལ་ཆེན་བསྐྲུན་ན། གཞི་རིམ་གྱི་མི་སེར་གྱི་དགོས་མཁོ་དང་རེ་བ་དག་ཏང་ཨུ་དང་སྲིད་གཞུང་གི་བྱས་རྗེས་བཟང་པོ་དང་འབྲེལ་མཐུད་བྱེད་པར་ཕན་ཐོགས་ཡོད་ཅིང་། ཞབས་ཞུ་གཞི་རིམ་དུ་རྒྱུན་བསྲིང་དང་། གནད་དོན་གཞི་རིམ་དུ་ཐག་གཅོད་བྱས་ཏེ་སྲིད་སྐྱོང་གི་རྨང་གཞི་སྔར་བས་ནུས་ལྡན་དང་སྲ་བརྟན་དུ་གཏོང་ཐུབ།

གསར་འགྱུར་དང་སྲིད་དོན། ཞབས་ཞུ། ཚོང་དོན་ཟུང་འབྲེལ་བྱེད་པའི་གཉེར་སྐྱོང་བྱེད་སྟངས་ནི་སྨྱན་སྦྱོར་མཉམ་འདྲེས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཤིག་ཡིན་པ། གསར་འགྱུར་གྱི་ནང་དོན་སྔར་བཞིན་རྩ་བ་ཡིན་མོད། འོན་ཀྱང་དེར་བརྟེན་ནས་སྲིད་དོན་དང་། ཞབས་ཞུ། ཚོང་དོན་བཅས་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་གཏོང་དགོས་པ་དང་། གསར་འགྱུར་སྐྱེ་ཁམས་ཁུལ་རྒྱ་བསྐྱེད་བཏང་ནས། སྨྱན་སྦྱོར་ནང་ཁུལ་ནས་ས་ཁོངས་བརྒལ་བ་དང་ལས་རིགས་བརྒལ་བའི་མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས།

ཧོང་ཁྲུའུ་ཞིན། ནང་དོན་དང་ལག་རྩལ་ནི་སྨྱན་སྦྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གལ་ཆེན་ཡིན།

སྨྱན་སྦྱོར་མཉམ་འདྲེས་དེ་ཉིད་ནི་ལག་རྩལ་གསར་གཏོད་ལས་བྱུང་བ་ཡིན་ཞིང་། ད་ཆ་5Gདང་། གྲངས་གཞི་ཆེན་མོ། སྤྲིན་རྩིས། ཟོག་སྦྲེལ་དྲ་རྒྱ། མིས་བཟོས་རིག་ནུས་སོགས་གསར་དར་ལག་རྩལ་གསར་འགྱུར་བརྒྱུད་སྤེལ་ཁྱབ་ཁོངས་ཀྱི་ཕྱོགས་སོ་སོར་རྒྱུན་ཆད་མེད་པར་སྤྱོད་བཞིན་ཡོད། ལག་རྩལ་གསར་པས་གོམ་གང་མདུན་སྤོས་ངང་སྨྱན་སྦྱོར་སྐྱེ་ཁམས་ལ་འགྱུར་ལྡོག་བཏང་ནས། ཀྲུང་དབྱང་རིམ་པའི་སྨྱན་སྦྱོར་གྱི་འཐབ་ཇུས་བཀོད་སྒྲིག་ཁག་གིས་ལག་རྩལ་གྱི་གལ་ཆེའི་རང་བཞིན་མངོན་པར་བྱས་ཡོད། འོན་ཀྱང་དུས་མཚུངས་སུ་ནང་དོན་ཐོན་སྐྱེད་ལ་སྣང་ཆུང་བྱེད་མི་རུང་། ང་ཚོས་ནང་དོན་གཙིགས་སུ་འཛིན་དགོས། ནང་དོན་ཐོན་སྐྱེད་ནི་ང་ཚོའི་སྨྱན་སྦྱོར་གྱི་རྩ་བའི་ངོ་བོ་ཡིན་ཏེ། ལག་རྩལ་གསར་པ་དང་གཙོ་རྐྱེན་གསར་པར་སྟབས་བདེའི་རྩེག་སྣོན་མི་ཡོང་བ་དང་། ནང་དོན་དང་ལག་རྩལ་རྒྱུ་གཉིས་སྐུལ་སྒུལ་རྒྱུན་འཁྱོངས་བྱེད་དགོས། རྒྱུ་མཚན་ནི་ཆེས་གལ་འགངས་ཆེ་བ་ནི་སྤུས་ལེགས་ཀྱི་ནང་དོན་རང་སྟེང་ན་ཡོད་པ་རེད།

ལུས་ཡུས་ཞང་། སྨྱན་སྦྱོར་ཀུན་འདུས་ཕྱི་ཕྱོགས་ལ་ཁྱབ་སྤེལ་བྱེད་པའི་རྣམ་པ་གསར་པ་གཏོད་དགོས།

ཕྱི་ཕྱོགས་སུ་ཁྱབ་སྤེལ་བྱེད་པའི་ཐད་ལ་ད་དུང་ལམ་རིང་པོ་འདུག །ཀྲུང་གོའི་གཏམ་རྒྱུད་ཡག་པོ་བཤད་པ་དང་ཀྲུང་གོའི་སྐད་སྒྲ་བསྒྲགས་ནས་སྨྱན་སྦྱོར་ཀུན་འདུས་ཀྱིས་ཕྱི་ཕྱོགས་ལ་བརྒྱུད་བསྒྲགས་བྱེད་པའི་རྣམ་པ་གསར་པ་གཏོད་དགོས། གཅིག་ནས་རང་ངོས་སྟོབས་ཤུགས་ཆེ་དགོས་ཏེ། ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་སམ་ཡང་ན་སྲོལ་རྒྱུན་རིག་གནས་ཀྱི་དམིགས་བསལ་རང་བཞིན་ཐད་ནས་ནང་དོན་སྐྱེད་བསྲིང་བྱས་ན། ཕྱི་རྒྱལ་གྱི་དང་ལེན་བྱེད་མཁན་དེ་བས་འགུག་ཐུབ། གཉིས་ནས་རྒྱལ་ཁབ་མི་འདྲ་བའི་མང་ཚོགས་ཀྱི་མཚོན་བྱེད་གོམས་གཤིས་དང་དེ་དང་ལེན་བྱེད་ཐུབ་པའི་རིན་ཐང་གི་འདུ་ཤེས་ལ་བསམ་གཞིགས་གང་ལེགས་བྱས་ཏེ། རིག་གནས་ཁྱད་པར་གྱིདབང་གིས་ཞེན་པ་ལོག་པ་དང་ཕྱིར་འབུད་བྱེད་པ། ཐ་ན་གཅུས་འཁྱོག་བྱེད་པར་དོགས་ཟོན་བྱེད་དགོས། གསུམ་ནས་མཉམ་འདྲེས་སྨྱན་སྦྱོར་གྱི་ཁོར་ཡུག་གསར་པ་བེད་སྤྱོད་གང་ལེགས་དང་། དེ་བས་མང་བ་དང་དེ་བས་ཕུན་སུམ་ཚོགས་པའི་ཁྱབ་སྤེལ་ཐབས་ལམ་སྤྱད་དེ་ཕྱི་ཕྱོགས་སུ་ཁྱབ་སྤེལ་བྱས་པའི་གྲུབ་འབྲས་ལ་ཕྱོགས་བསྡུས་བསམ་གཞིགས་བྱེད་དགོས།

རྒྱལ་སྟོབས་གླེང་སྟེགས། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་དུས་སྐབས་སུ། སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་རྒྱབ་ལྗོངས་འོག །གཙོ་རྒྱུན་སྨྱན་སྦྱོར་གྱིས་སྤྱི་ཚོགས་ཀྱི་ཤུགས་རྐྱེན་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཇི་ལྟར་ཆེ་རུ་གཏོང་དགོས། འབྱུང་འགྱུར་གྱི་གཙོ་རྒྱུན་སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་ཐབས་ལམ་གང་དག་དགོས་སམ།

ལུས་ཡུས་ཞང་། སྨྱན་སྦྱོར་གྱི་ལངས་ཕྱོགས་གསལ་པོ་དང་། རང་ངོས་སྤྱི་ཚོགས་འགན་འཁྲི་ནན་བཤད་གསལ་པོ་བྱེད་དགོས།

སྨྱན་སྦྱོར་ཚོང་ར་ཅན་དུ་འགྱུར་བའི་བཟང་ངན། དུས་ཡུན་ཐུང་ངུའི་ནང་མང་ཚོགས་འགུག་ཐབས་དང་། བཞུར་ཚད་ལེན་ཐབས། དཔལ་འབྱོར་གྱི་ཁེ་ཕན་མང་ཉུང་ཙམ་ལ་བརྟེན་ནས་གདེང་འཇོག་བྱེད་མི་རུང་། སྨྱན་སྦྱོར་ལས་བྱུང་བ་ནི་བསམ་པའི་ཐོན་རྫས་ཡིན། མིག་རྒྱང་རིང་སར་བལྟས་ན། མང་ཚོགས་ཀྱི་ནང་དོན་ལ་དོ་སྣང་དང་སྤྲོ་སྣང་ལ་གཡོ་འགུལ་ཐེབས་སྲིད། དེ་བས་ལངས་ཕྱོགས་གསལ་ཞིང་།
སྤྱི་ཚོགས་ཀྱི་འགན་འཁྲི་ནན་བཤད་བྱེད་པ། སྲོག་ཤིང་གི་རིན་ཐང་ལྟ་བ་དར་སྤེལ་བྱེད་པའི་སྨྱན་སྦྱོར་ལ་ད་གཟོད་གཞི་ནས་མང་ཚོགས་ཀྱིས་རྒྱུན་མཐུད་དོ་ཁུར་བྱེད་པ་དང་། ཁྲོམ་རའི་འགྲན་རྩོད་ཁྲོད་གཙོ་རྒྱུན་གནས་བབ་དང་ཆེས་ལྟེ་བའི་གར་སྟེགས་འཛིན་ཐུབ།

ཐའེན་ལི། གཙོ་རྒྱུན་སྨྱན་སྦྱོར་གྱིས་ཚོང་རའི་ཆོས་ཉིད་ལ་བརྩི་འཇོག་བྱ་དགོས་ཤིང་། ལྷག་པར་དུ་ད་ཡོད་ཚོང་རའི་ཚོད་འཛིན་ལས་བརྒལ་དགོས།

གཙོ་རྒྱུན་སྨྱན་སྦྱོར་ངོས་ནས་བཤད་ན། ཚོང་ར་མེད་པའི་ཐོན་རྫས་ཡིན་ན་ཡང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཐེབས་དཀའ། དེ་ལས་འགག་རྩ་ནི་སྨྱན་སྦྱོར་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་། ཐོན་སྐྱེད་ཉོ་ཚོང་གི་ལམ་ལུགས་ཇུས་འགོད་ལེགས་སུ་གཏོང་དགོས། དེ་ལ་གོ་བ་ལེན་སྟངས་གཉིས་ཡོད་དེ། གཅིག་ནི་སྟོད་རྒྱུད་ཀྱི་ཐོན་སྐྱེད་ལྷུ་ཚིགས་སུ་ཚོང་རའི་ཆོས་ཉིད་ལ་བརྩི་འཇོག་བྱེད་པ། གཉིས་ནི་སྨད་རྒྱུད་ཀྱི་ཐོན་རྫས་ཁྲོམ་རར་སྨྱན་སྦྱོར་ཐོན་རྫས་ཁྲོམ་རའི་འགྲན་རྩོད་ནང་རྒྱ་ཁྱབ་ངང་ཞུགས་དགོས།

གཙོ་རྒྱུན་སྨྱན་སྦྱོར་གྱི་གཏིང་ཟབ་མཉམ་འདྲེས་འཕེལ་རྒྱས་ཀྱི་ཐབས་ལམ་དེ། སྨྱན་སྦྱོར་ཐོན་སྐྱེད་ཀྱི་གཙོ་རྐྱེན་དང་ཐོན་ཁུངས་བསྐྱར་དུ་གསེད་གྲོལ་བྱས་ནས། གཙོ་རྐྱེན་ཚོང་ར་འཛུགས་པར་ཁྲིད་སྟོན་བྱ་དགོས་ཤིང་། སྨྱན་སྦྱོར་ཐོན་ལས་ཀྱི་མཐའ་མཚམས་བསྐྱར་དུ་དབྱེ་བ་དང་། ད་ཡོད་ཚོང་རའི་ཁྱབ་ཁོངས་ཀྱི་བཀག་རྒྱ་ལས་གྲོལ་བ། རིན་ཐང་གི་འབྲེལ་ཐག་གསེད་གྲོལ་བྱས་ནས་ཚོང་ལས་ཀྱི་དཔེ་དབྱིབས་བསྐྱར་དུ་གཏོད་དགོས།

ཧོང་ཁྲུའུ་ཞིན། མཉམ་སྦྲེལ་དྲ་རྒྱའི་བསམ་བློ་གསར་འགྱུར་ཐོན་སྐྱེད་ནང་འདྲེས་ནས་རང་ངོས་གསར་བརྗེ་མངོན་འགྱུར་བྱེད་དགོས།

སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུ་དེ་ནི་འབྱུང་འགྱུར་སྨྱན་སྦྱོར་མཉམ་འདྲེས་ཀྱི་འཕེལ་ཕྱོགས་ཡིན། སྨྱན་སྦྱོར་མཉམ་འདྲེས་ཀྱི་དུས་རབས་འདིར་གཙོ་རྒྱུན་སྨྱན་སྦྱོར་གྱི་ཤུགས་རྐྱེན་ནུས་པ་དང་འགྲན་རྩོད་ནུས་པ་ཧ་ཅང་གལ་ཆེ་བས། ཕྱོགས་གཉིས་ནས་དམ་འཛིན་དང་ཤུགས་ཆེན་གཏོང་དགོས། ངེས་པར་དུ་དྲང་སྲུང་གསར་གཏོད་ཡག་པོ་བྱེད་དགོས། དེ་གཉིས་བར་འགལ་ཟླ་འབྱུང་སྐབས་དཔལ་འབྱོར་ཕན་འབྲས་ཀྱིས་སྤྱི་ཚོགས་ཕན་འབྲས་ལ་བསྟུན་དགོས།

ཐོག་མར། མིག་སྔའི་རྙོག་འཛིང་ཆེ་བའི་དྲ་རྒྱའི་གླེང་ཕྱོགས་ཁོར་ཡུག་ཁྲོད། གཙོ་རྒྱུན་སྨྱན་སྦྱོར་གྱིས་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་རིན་ཐང་གི་ཚད་གཞི་ཡང་དག་འཛུགས་པ་དང་། གསར་འགྱུར་གྱི་ཆེད་ལས་རང་བཞིན་དང་ཁྱབ་སྤེལ་གྱི་སྤྱི་པའི་རང་བཞིན་ཟུང་འབྲེལ་བྱས་ནས་གཙོ་རྒྱུན་གླེང་ཕྱོགས་རྒྱ་སྟོབས་ཆེ་རུ་གཏོང་དགོས། དེ་ནས་གསར་གཏོད་བྱེད་ཕོད་པ་ནི་གཙོ་རྒྱུན་སྨྱན་སྦྱོར་གྱིས་སྨྱན་སྦྱོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད། འཕྲིན་སྦྲེལ་དྲ་བའི་བསམ་གཞིགས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ་ད་ཡོད་ཁྱབ་སྤེལ་གོ་རིམ་སྒྲིག་གཞི་ལས་གྲོལ་ཏེ། རང་ངོས་གསར་བརྗེ་མངོན་འགྱུར་བྱེད་དགོས་ཤིང་། དྲ་སྦྲེལ་གྱི་བསམ་གཞིགས་དེ་གསར་འགྱུར་ཐོན་སྐྱེད་ནང་དངོས་སུ་འདྲེས་པར་བྱས་ཏེ། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་མཉམ་འདྲེས་སྨྱན་སྦྱོར་ཐོན་རྫས་ཐོན་སྐྱེད་བྱས་ནས་ཁྱབ་སྤེལ་གྱི་ནུས་ལྡན་རང་བཞིན་ཆེ་རུ་གཏོང་དགོས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1