ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་རང་ཁུལ་གྱི་འཕེལ་རྒྱས་ཁོར་ཡུག་དང་ཁྱད་ཆོས།

རྩོམ་སྒྲིག་པ།ཚེ་དཔལཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 01-08



    དེང་གི་འཛམ་གླིང་འདི་ལོ་ངོ་བརྒྱ་ལྷག་རིང་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། ཚན་རྩལ་གསར་བརྗེ་དང་ཐོན་ལས་གསར་བརྗེ་རེས་གསར་པ་འཕེལ་རྒྱས་ཆེན་པོར་འགྲོ་བཞིན་ཡོད་ལ།ཏོག་གསར་གློ་རིམས་འཛམ་གླིང་ཡོངས་ལ་ཁྱབ་པ་སོགས་ཀྱིས་འཕོ་འགྱུར་ཆེན་པོ་འདི་ཇེ་མགྱོགས་སུ་གཏོང་བཞིན་ཡོད་པ་དང་། འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་ཁོར་ཡུག་བརྟན་པོ་མིན་པ་དང་ངེས་གཏན་མེད་པའི་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་འགྲོ་བཞིན་ཡོད། རང་རྒྱལ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ཁྱོན་ཡོངས་ནས་བྱེད་པ་དང་། ལོ་ངོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་སྐྱོད་པའི་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་ཡོད་ཅིང་། རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་གཏིང་ཟབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་བྱུང་བ་དང་འཕྲད་བཞིན་ཡོད་མོད། འོན་ཀྱང་དཔལ་འབྱོར་བརྟན་པོའི་ངང་བཟང་ཕྱོགས་སུ་འཕེལ་བ་དང་། ཡུན་རིང་བཟང་ཕྱོགས་སུ་འཕེལ་བའི་གཞི་རྩའི་རྣམ་པར་འགྱུར་ལྡོག་བྱུང་མེད་པ་དང་། གཏིང་ཤུགས་ཆེ་བ་དང་། མཉེན་ཤུགས་ཆེ་བ། གསོན་ཤུགས་ཆེ་བ། ཕྱིར་འཁྱིལ་བར་ཁོངས་ཆེ་བ། སྲིད་ཇུས་ཡོ་བྱད་མང་བ་བཅས་ཀྱི་གཞི་རྩའི་ཁྱད་ཆོས་འགྱུར་ལྡོག་བྱུང་མེད།

ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་རང་ཁུལ་གྱི་འཕེལ་རྒྱས་ཁོར་ཡུག་དང་ཁྱད་ཆོས།

    “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ལ་གོ་སྐབས་གལ་ཆེན་འཕྲད་ཅིང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ཞིང་ཆེན་ཏང་ཨུའི་བོད་དང་འབྲེལ་བ་ཡོད་པའི་ལས་དོན་ཚོགས་འདུའི་ཐོག་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཏོན་ནས་རང་རེའི་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་པ་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་། དུས་རབས་གསར་པའི་ནུབ་རྒྱུད་ཐོན་འབྱེད་ཆེན་མོ། འབྲི་ཆུའི་དཔལ་འབྱོར་དར་ཁུལ་འཕེལ་རྒྱས། རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་བྱས་པ་དེས་རང་རེའི་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འབྲེལ་ཐག་ཧྲིལ་པོ་དང་། གྲུབ་རྐྱེན་ཀུན་འདུས། ཕྱོགས་ཡོངས། ཁྱབ་ཁོངས་ཧྲིལ་པོ་བཅས་ཀྱི་ཐད་རིམ་པ་སྤར་བ་ལ་གོ་སྐབས་གསར་པ་མཁོ་འདོན་བྱས་ཡོད། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་གཙོ་བོར་བྱེད་པ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་གནས་བབ་གསར་པ་བསྐྲུན་པ་དེས་རང་ཁུལ་གྱིས་རྨང་གཞིའི་སྒྲིག་བཀོད་གསར་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ། འགྲིམ་འགྲུལ་དང་ཆུ་བེད་སོགས་གཙོ་གནད་ལས་གྲྭ་གལ་ཆེན་ཏེ“གསར་པ་གཉིས་དང་གཙོ་གནད་གཅིག”འཛུགས་སྐྲུན་དང་འཛད་སྤྱོད་རྒྱ་ཆེར་གཏང་རྒྱུར་སྒུལ་ཤུགས་གསར་པ་མཁོ་འདོན་བྱས་ཡོད། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དེས་རང་རེའི་ཁུལ་གྱིས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་ཁྲེང་ཏུའུ་དང་ཁྲུང་ཆིང་གི་ཁྲོམ་ར་ཆེན་མོར་དེ་བས་ལེགས་པའི་ངང་མཉམ་འདྲེས་བྱས་ཏེ། ཁྲེང་ཏུའུ་དང་ཁྲུང་ཆིང་གི“རྒྱབ་ཕྱོགས་ཀྱི་མེ་ཏོག་ལྡུམ་ར”དང་ཐོན་ལས་ཀྱི“རྒྱབ་ཕྱོགས་ཆེན་པོ”བསྐྲུན་རྒྱུར་ལས་སྟེགས་གསར་པ་མཁོ་འདོན་བྱས་ཡོད།ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་བྱེད་མགོ་ཚུགས་པ་དེས་རང་རེའི་ཁུལ་གྱིས་ས་བབ་ཆ་རྐྱེན་ལེགས་སུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་ལེ་ལག་ཚང་བའི་ནུས་པ་ཆེ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་བཀོད་བབ་ལེགས་སུ་གཏོང་བ། གྲུབ་རྐྱེན་གྱི་གཅིག་སྡུད་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་ཐད་བར་ཁོངས་གསར་པ་བསྐྱེད་ཡོད། རྒྱལ་ཁབ་ལས་ཁུངས་ཀྱིས་གནས་གཏན་འཁེལ་གྱི་རོགས་སྐྱོར་དང་།  ཀོང་ཏུང་གི་ཁ་གཏད་རོགས་སྐྱོར། ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་སྲིད་ཇུས་བཅས་རྒྱུན་མཐུད་ངང་ལག་བསྟར་བྱས་པ་དེས་རང་རེའི་ཁུལ་གྱིས་སྒོ་འབྱེད་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུར་འཛད་མཐའ་མེད་པའི་སྒུལ་ཤུགས་མཁོ་འདོན་བྱས་ཡོད། ཞིང་ཆེན་ཏང་ཨུས་དཀར་མཛེས་ཁུལ་དེ་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་ཡིན་པའི་ཚད་དཔོག་བྱས་ཤིང་། རང་ཁུལ་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་དང་རྒྱལ་ཁབ་ཀྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཁ་གསལ་བཟོས་པ་དེས་རང་རེའི་ཁུལ་གྱིས་འབྱུང་འཕྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཐབས་ལམ་དང་གཞི་རྟེན་མཁོ་འདོན་བྱས་ཡོད།

    དེ་དང་མཉམ་དུ་འགྲན་སློང་ཁ་ཤས་མདུན་དུ་ལྷགས་ཡོད་པ་སྟེ། འཕེལ་རྒྱས་དོ་མི་སྙོམས་ཤིང་གང་ལེགས་མ་བྱུང་བའི་གནད་དོན་སྔར་བཞིན་འབུར་ཐོན་ཡིན་པ་དང་། ཐོན་ལས་མ་ལག་ཡག་པོ་མེད་པ་དང་། ཚོང་རའི་ལམ་སྲོལ་འཁྲུག་པོ་མེད་པ།མཐུན་སྦྱོར་ངང་འཕེལ་རྒྱས་གཏང་རྒྱུ་མི་འདང་བ། གསར་གཏོད་བྱེད་ནུས་ཆེན་པོ་མེད་པ། སྒོ་འབྱེད་ཚད་ཟབ་པོ་མེད་པ་སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད། རྨང་གཞིའི་སྒྲིག་བཀོད་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། དམངས་འཚོ་འགན་སྲུང་སོགས་ཀྱི་ཐད་སྔར་བཞིན་ཞན་ཆ་གནས་པ་དང་། སྤྱི་ཚོགས་བཅོས་སྐྱོང་དང་། གནོད་འཚེ་སྔོན་འགོག་དང་ཆུང་དུ་གཏོང་བ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་སོགས་ཀྱི་ཐད་སྔར་བཞིན་ཞན་ཆ་གནས་ཡོད།དཀར་མཛེས་ཁུལ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་རྗེས་ལུས་ཐེབས་ཁུལ་དང་།སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཁུལ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ཉམས་ཞན་ཁུལ།  རང་བྱུང་གནོད་འཚེ་ཐོན་མང་བའི་ཁུལ་བཅས་ཡིན་པ་དང་། སྤྱི་ཚོགས་ཁྱོན་ཡོངས་ཡུན་རིང་བདེ་འཁོད་ཀྱི་སྐུལ་འདེད་དུས་མཚམས་སུ་སླེབས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་ཚུལ་སྒྱུར་གྱི་དུས་མཚམས་སུ་སླེབས་པ།སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་དེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བའི་དུས་མཚམས་སུ་སླེབས་པ། དབུལ་ཐར་འགག་སྒྲོལ་དེ་སྲ་བརྟན་རིམ་སྤར་གཏོང་བའི་དུས་མཚམས་སུ་སླེབས་པ་བཅས་རེད།

    དེང་སྐབས་དང་སླད་ཕྱིན་གྱི་དུས་སྐབས་ཤིག་གི་རིང་། དཀར་མཛེས་ཁུལ་གྱིས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་ཕྲག་ཏུ་ཁུར་ཡོད་ཅིང་། འཕེལ་རྒྱས་ཀྱི་གནས་བབ་གསར་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་བའི་དུས་རབས་ཀྱི་འགན་འཁྲི་ལྕི་པོ་དང་འཕྲད་སྐབས་ངེས་པར་དུ“ཁྱོན་ཡོངས་གཉིས”བློ་ལ་བཅངས་ནས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་འཕྲད་པའི་གོ་སྐབས་གསར་པ་དང་འགྲན་སློང་གསར་པར་རྩོད་སྒྲུབ་ངང་ལྟ་སྟངས་འཛིན་པ་དང་། འཕེལ་རྒྱས་ཀྱི་ཆོས་ཉིད་སྟངས་འཛིན་བྱེད་ཅིང་། འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་བཅས་བྱས་ཏེ་ཉམས་ཉེན་ཁྲོད་གོ་སྐབས་སྔོན་ལ་ཐོབ་པ་དང་འགྱུར་ལྡོག་ཁྲོད་རྣམ་པ་གསར་པ་གཏོད་རྒྱུར་འབད་བརྩོན་བྱ་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1