བཙན་ལྷའི་དེ་རིང་།
ཡུའུ་ལིན་པིན་གྱི་པར་ལེན་བརྩམས་ཆོས་བདམས་བཀོད།
ཡུའུ་ལིན་པིན། བོད་མིང་ལ་ཚེ་རིང་རྡོ་རྗེ་ཟེར་ཞིང་། 1967ལོར་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་བཙན་ལྟ་རྫོང་དུ་སྐྱེས། ད་ལྟ་ཀྲུང་གོའི་པར་ལེན་བརྩམས་ཆོས་བདག་དབང་གི་ཨུ་ཡོན་དང་སི་ཁྲོན་ཞིང་ཆེན་པར་ལེན་མཐུན་ཚོགས་ཀྱི་ཨུ་ཡོན།“ཧྲི་ཇོ”(视角)ཡི་གདན་ཞུའི་པར་ལེན་པ།“ཅིན་ཏན་ཧུའུ”(经典汇)ཡིས་གན་རྒྱ་བཞག་པའི་སྒྱུ་རྩལ་པ། སི་ཁྲོན་ཞིང་ཆེན་མི་རིགས་རིག་གནས་བརྙན་པར་སྒྱུ་རྩལ་མཐུན་ཚོགས་ཀྱི་ཨུ་ཡོན། ནུབ་རྒྱུད་བརྙན་པར་སྤྲོ་སྐྱིད་ཁང་གི་ཁོངས་མི། རྔ་བ་ཁུལ་པར་ལེན་མཐུན་ཚོགས་ཀྱི་ལས་འཛིན་པ། ཀྲུང་གོའི་ལྷུག་རྩོམ་སློབ་ཚོགས་ཀྱི་ཚོགས་མི། སི་ཁྲོན་ལྷུག་རྩོམ་སློབ་ཚོགས་ཀྱི་ལས་འཛིན་པ། རྔ་བ་ཁུལ་བོད་ཆང་ཞིབ་འཇུག་ལས་ཚོགས་ཀྱི་ཚོགས་མི། བཙན་ལྷ་རྒྱལ་རོང་དམངས་སྲོལ་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་མི་བཅས་ཀྱི་འགན་ཁུར་ཡོད། 1985ལོར་པར་ལེན་ལས་ཀར་ཞུགས་པ་དང་ཡུལ་ལྗོངས་པར་ཏུ་ལེན་ལ་ཁྱད་འཕགས་ཀྱི་ནུས་པ་ལྡན། བརྩམས་ཆོས་ལ་སྔ་ཞུགས་ཏུ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན། ཁུལ་དང་རྫོང་སོགས་ཀྱི་བྱ་དགའ་མང་དུ་ཐོབ་མྱངས། མ་ཟད་《དེ་རིང་གི་བཙན་ལྷ།》 《ཡིད་དབང་འཕྲོག་པའི་བཙན་ལྷ།》 《བཙན་ལྷ་སྐོར་ནས་འགྲོ །》 《སྐྱ་མདའི་འོད་སྣང་།》 《བཙན་ལྷ་སྔར་བཞིན་མཛེས་ཤིང་སྡུག །》《དག་གཙང་གི་གཙན་ལྷ།》 《མི་རིགས་མཐུན་སྒྲིལ་གྱི་གོམ་འགྲོས།》སོགས་པར་དེབ་རྩོམ་སྒྲིག་བྱས་ནས་པར་བསྐྲུན་བྱས། 2002ལོ་ནས་རྩོམ་ཡིག་འབྲི་འགོ་བརྩམས་ལ། ཁོང་གི་ལྷུག་རྩོམ་བརྩམས་ཆོས་ལ་གཞན་དང་མི་མཐུན་པའི་ཁྱད་ཆོས་ལྡན། དེ་ཡང་《ཀྲུང་གོའི་དེང་རབས་གསར་རྩོམ་གྱི་ལྷུག་རྩོམ་མཛེས་ཤོས། 》 《དེང་རབས་སི་ཁྲོན་ལྷུག་རྩོམ་ཀྱི་ལྟ་བ།》 《མི་རིགས།》 《སི་ཁྲོན་གྱི་ལྷུག་རྩོམ།》 《ལྷུག་རྩོམ་གྱི་རླབས།》 《ནུབ་རྒྱུད་ཡུལ་སྐོར།》 《རྔ་བའི་རི་གནས།》 《མཐོ་སྒང་གི་རླུང་།》སོགས་སུ་ཁོང་གི་ལྷུག་རྩོམ་བརྩམས་ཆོས་མང་དུ་མཐོང་རྒྱུ་ཡོད་ལ་སྔ་ཕྱིར་ཞིང་ཆེན་རིམ་པ་དང་ཁུལ། རྫོང་སོགས་ནས་བྱ་དགའ་ཐོབ་མྱངས་པ་དང་། 《ཡིད་སེམས་འགུག་པའི་བཙན་ལྷ།》 《བཙན་ལྷའི་ལོ་རྒྱུས་དང་གཏམ་རྒྱུད།》 《ཞའོ་ཅིན།》སོགས་ཀྱི་དཔེ་ཆ་སོགས་ཀྱང་པར་བསྐྲུན་བྱས་ཡོད།