༄༅།།འགན་བབས་སློབ་གསོ།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 01-19


 à½ à½‚ན་བབས་སློབ་གསོ།  

     གཅིག   རིན་པ་མི་དགོས་བ་གསུམ་དང་ཁ་གསབ་བྱ་རྒྱུ་གཅིག་གི་སྲིད་ཇུས།རིན་པ་མི་དགོས་བ་གསུམ་ནི།ཁུལ་ཡོངས་ཀྱི་འགན་བབས་སློབ་གསོའི་དུས་རིམ་གྱི་ཁྱིམ་ཚང་དབུལ་པོའི་སློབ་མར་རིན་པ་མི་དགོས་པའི་སློབ་དེབ་འདོན་སྤྲོད་བྱེད་པ་ཡིན་ཏེ།སློབ་ཆུང་གི་སློབ་མ་རེ་ལ་ལོ་རེར་སྒོར90དང་།དམའ་འབྲིང་གི་སློབ་མ་རེ་ལ་ལོ་རེར་སྒོར180མི་དགོས་པ་བྱས་ཏེ།ཁུལ་ཡོངས་ཀྱི་འགན་བབས་སློབ་གསོའི་དུས་རིམ་གྱི་ཁྱིམ་ཚང་དབུལ་པོའི་སློབ་མར་སློབ་ཡོན་མི་དགོས་པར་མ་ཟད།གྲོང་གསེབ་འགན་བབས་སློབ་གསོའི་གྲོན་དངུལ་འགན་སྲུང་ལམ་སྲོལ་བཙུགས་ཏེ།སྤྱི་ལོ2013ལོའི་བར་དུ།རྒྱལ་ཁབ་དང་ཞིང་ཆེན་གྱིས་འགན་བབས་སློབ་གསོའི་མིའི་ཆ་སྙོམས་སྤྱི་སྤྱོད་གྲོན་དངུལ་གསབ་སྣོན་ནི་སློབ་ཆུང་གི་སློབ་མ་རེ་ལ་ལོ་རེར་སྒོར560ལ་ཟིན་པ་དང་།དམའ་འབྲིང་གི་སློབ་མ་རེ་ལ་ལོ་རེར་སྒོར760ལ་ཟིན་ཡོད། ཁུལ་དང་རྫོང་གིས་གསབ་སྣོན་བྱས་པ་ནི་སློབ་ཆུང་གི་སློབ་མ་རེ་ལ་ལོ་རེར་སྒོར55ལ་ཟིན་པ་དང་།དམའ་འབྲིང་གི་སློབ་མ་རེ་ལ་ལོ་རེར་སྒོར110ལ་ཟིན་ཡོད། ལས་བྱའི་འབྲི་དེབ་ཀྱི་རིན་གོང་མི་དགོས་བའི་ཚད་གཞི་ནི།སློབ་ཆུང་གི་སློབ་མ་རེ་ལ་ལོ་རེར་སྒོར30དང་།དམའ་འབྲིང་གི་སློབ་མ་རེ་ལ་ལོ་རེར་སྒོར40ཡིན།ཁ་གསབ་བྱ་རྒྱུ་གཅིག་ནི།གྲོང་གསེབ་འགན་བབས་སློབ་གསོའི་དུས་རིམ་གྱི་ཁྱིམ་ཚང་དབུལ་པོའི་བཅའ་སྡོད་སློབ་མ་ལ་འཚོ་བའི་གྲོན་དངུལ་ངེས་ཅན་ཞིག་གསབ་སྣོན་བྱེད་པ་ལ་ཟེར།གསབ་སྣོན་ཚད་གཞི་དེ་སྤྱི་ལོ2013ལོའི་སྟོན་གྱི་སློབ་དུས་ནས་སློབ་མ་རེ་ལ་ལོ་རེར་སྒོར1700ལ་འཕར་ཡོད།གཉིས།སློབ་མའི་ཟས་བཅུད་ལེགས་བསྒྱུར་གྱི་འཆར་གཞི།འགན་བབས་སློབ་གསོའི་དུས་རིམ་གྱི་སློབ་མ་རེ་ལ་ཉིན་རེར་སྒོར3ཡི་ཟས་བཅུད་ལེགས་བསྒྱུར་གསབ་སྣོན་བྱས་ཤིང་།ལོ་གཅིག་ལ་ཉིན200ལྟར་རྩིས།ཟས་བཅུད་འདོན་སྤྲོད་བྱེད་ཐབས་གཙོ་བོ་རིགས་གཉིས་ཡིན་ཏེ།རིགས་གཅིག་ནི་སློབ་གྲྭའི་ཟས་ཁང་གིས་ཟས་རིགས་འདོན་སྤྲོད་བྱེད་པ་དང་།རིགས་ཤིག་ནི་སྒོ་ང་དང་།འོ་མ།སིལ་ཏོག་སོགས་བཅུད་ལྡན་ཟས་རིགས་འདོན་སྤྲོད་བྱེད་པ་ཡིན།སྤྱི་ལོ2014ལོའི་དཔྱིད་ཀའི་སློབ་དུས་ནས་བཟུང་སྟེ་གཙོ་བོ་ཟས་ཁང་གིས་ཟས་རིགས་འདོན་སྤྲོད་བྱེད་པ་ཡིན།གསུམ།ས་མཐོ་གནམ་གྲང་གི་ས་ཁུལ་གྱི་སློབ་གྲྭར་དྲོད་ལེན་གྲོན་དངུལ་གསབ་སྣོན་གྱི་སྲིད་ཇུས།ཁུལ་ཡོངས་ཀྱི་མཚོ་འཕགས་སྨི2500ཡན་ཆས་ཀྱི་འགན་བབས་སློབ་གསོའི་དུས་རིམ་གྱི་སློབ་གྲྭ་ཆུང་འབྲིང་ལ་དྲོད་ལེན་གྲོན་དངུལ་གསབ་སྣོན་བྱེད་ཅིང་།སློབ་མ་རེ་ལ་ལོ་རེར་སྒོར200ཡིན།གཙོ་བོར་སློབ་གྲྭའི་དྲོད་ལེན་སྒྲིག་ཆས་དང་རྒྱུ་ཆ་སོགས་ཉོ་བར་བཀོད་པ་དང་།དྲོད་ལེན་སྒྲིག་ཆས་བཀོལ་སྤྱོད་དང་སྲུང་སྐྱོང་བྱེད་པ་ལའང་བཀོད་དེ།དགུན་དུས་སློབ་མ་ཚོ་མི་འཁྱག་པར་ཁག་ཐེག་བྱ་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1