སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་བོད་རིགས་རི་མོ་བ་ཕེ་ཧུང་པོ་ཡིས་གསར་རྩོམ་བྱས་པའི་བརྩམས་ཆོས།
ཉེ་སྔོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་གནས་པུའུ་དང་། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རྒྱང་བསྒྲགས་བརྙན་འཕྲིན་སྤྱི་ཁྱབ་ཅུས། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་2014ལོའི་རིག་གནས་བཤམ་སྟོན་འདུ་ཚོགས་ཀྱི་ཀྲུང་གོའི་རིག་གནས་དང་དཔལ་འབྱོར་མཉམ་འདྲེས་ཀྱི་གྲུབ་འབྲས་ལ་བལྟ་བ་ཞེས་པའི་ཀྲུང་གོའི་རྒྱལ་ཁབ་ཀྱི་ཡིག་རིས་མཁས་པའི་བརྩམས་ཆོས་འགྲེལ་སྟོན་ཐོག་ཏུ། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་བོད་རིགས་རི་མོ་བ་ཕེ་ཧུང་པོ་ཡིས་གསར་རྩོམ་བྱས་པའི་བརྩམས་ཆོས་《གཡུ་འབྲུག་གི་ང་རོ།》སོགས་བདམས་ཐོན་བྱུང་ཡོད་པ་མ་ཟད། སྤྱི་ཟླ་12པའི་ཚེས་11ནས་ཚེས་14ཉིན་བར་པེ་ཅིང་ཅི་ཏེན་མཛེས་རྩལ་ཁང་དུ་འགྲེམ་སྟོན་བྱ་རྒྱུ་རེད། །
སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་བོད་རིགས་རི་མོ་བ་ཕེ་ཧུང་པོ་ཡིས་གསར་རྩོམ་བྱས་པའི་བརྩམས་ཆོས།