ཟླ་དང་པོའི་ཚེས18ཉིན་ནས་བཟུང་། ཧོ་པེ་ཞིང་ཆེན་གྱི་ཧྲི་ཅ་ཀྲོང་ཞིན་ལེ་གྲོང་ཁྱེར(河北省石家庄新乐市)གྱི་ས་ཁོངས་ཧྲིལ་པོ་དང་ཞིན་ཐའེ་ནན་ཀོང་གྲོང་ཁྱེར(邢台南宫市)གྱི་ས་ཁོངས་ཧྲིལ་པོ་ཉེན་ཁ་ཆེ་བའི་ས་ཁུལ་གྲས་སུ་བཞག་པ་དང་། ཟླ་དང་པོའི་ཚེས18ཉིན་གྱི་ཆུ་ཚོད23ནས་བཟུང་། ཅི་ལིན་ཞིང་ཆེན་ཐུང་ཧྭ་གྲོང་ཁྱེར་ཏུང་ཁྲང་ཆུས (吉林省通化市东昌区)ཀྱི་ས་ཁོངས་ཧྲིལ་པོ་ཉེན་ཁ་འབྲིང་བའི་ས་ཁུལ་གྱི་གྲས་སུ་བཞག ཟླ་དང་པོའི་ཚེས19ཉིན་གྱི་ཆུ་ཚོད12པར་རྒྱལ་ཡོངས་སུ་ཁྱོན་བསྡོམས་ཉེན་ཁ་ཆེ་བའི་ས་ཁུལ4དང་ཉེན་ཁ་འབྲིང་བའི་ས་ཁུལ62ཡོད་པ་རེད། རྒྱུན་དུ་ལག་པ་བཀྲུ་བ་དང་ཁ་རས་བརྒྱབ་སྟེ་ཚོད་འཛིན་ནན་པོ་བྱས་ནས་མི་སྒེར་གྱི་འགོག་སྲུང་ལས་དོན་ཡག་པོ་བསྒྲུབ་དགོས།