རིམས་ནད་དང་འབྲེལ་ཡོད་དངོས་རྫས་ཀྱི་གནོད་པ་སྔོག་འགོག་བྱེད་བཞིན་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-22



     ཀྲུང་གོ་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་1ཚེས་20ཉིན། ནོར་ཤ་ལུག་ཤ་ཐོན་སྐྱེད་འབེལ་བའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དང་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ཉེ་ཆར་ཉིང་སྐྱུར་ཞིང་དཔྱད་ཚད་ལེན་བྱས་འབྲས་ལས་གདགས་གཤིས་མངོན་པའི་ནང་འདྲེན་འཁྱགས་ཤ་སླེབས་ཡོད་པ་རེད། ཚེས་20ཉིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་དུ་ཉིང་སྐྱུར་དཔེ་སྒྲུག་སྒྲིག་གཞི་སྣོན་འཛུགས་བྱས་ནས་“དངོས་རྫས་ནས་མིར་འགོས་པའི”གནས་ཚུལ་མི་ཡོང་བའི་སྔོན་འགོག་གཟབ་ནན་བྱེད་བཞིན་ཡོད།
   2020ལོར། ནང་སའི་མཐོ་སྒང་དུ་གནས་པའི་ཡུལ་ཤུལ་ཁུལ་དུ་ཏོག་གསར་གློ་ཚད་རིམས་ནད་གཏན་འཁེལ་བྱས་པའི་ནད་དཔེ་བྱུང་མྱོང་མེད། ཡུལ་ཤུལ་ཁུལ་གཞུང་ཕྱོགས་ཀྱིས་ཟླ་འདིའི་ཚེས་17ཉིན་གནས་འཕྲིན་སྤེལ་གསལ། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ནས་བརྡ་ཁྱབ་འབྱོར་བ་སྟེ། རིམས་ནད་དང་འབྲེལ་བའི་དངོས་རྫས་ཁག་གཉིས(ཁྱོན་བསྡོམས་སྟོང་ཁེ་7174.55 ཟིན་པའི་ཨ་ཀེན་ཐིང་ནས་ནང་འདྲེན་བྱས་པའི་ནོར་ཤ)ཡུལ་ཤུལ་ཁུལ་དུ་སླེབས་ཡོད་ཅིང་། ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད་རིམས་ནད་དང་འབྲེལ་ཡོད་ནོར་ཤའི་ཕྱི་ཐུམ་ཤོག་སྒམ་ཕྱི་ངོས་ཀྱི་ཉིང་སྐྱུར་ཞིབ་དཔྱད་བྱས་འབྲས་ལས་གདགས་གཤིས་མངོན་ཡོད་པས། རིམས་ནད་དང་འབྲེལ་ཡོད་དངོས་རྫས་དབོར་འདྲེན་དང་འཇོག་ལེན། ཕྱིར་འཚོང་བཅས་ བྱེད་མཁན་མི་མང་པོ་ལོགས་སུ་བཀར་ཡོད་པ་མ་ཟད། ད་དུང་ཉིང་སྐྱུར་ཞིབ་དཔྱད་ཐེངས་གཉིས་བྱས་འབྲས་ཚང་མ་ལས་སྲིབས་གཤིས་མངོན་ཡོད།
གསར་འགོད་པས་ཚེས་20ཉིན་ཡུལ་ཤུལ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་གཏན་འཁེལ་བྱུང་དོན། སྒྲིག་གཞི་གཞན་དུ་གྲལ་སྒྲིག་མཁན་མང་བས་ཕན་ཚུན་འགོས་རེས་ཀྱི་ཉེན་ཁ་ཇེ་ཆུང་དུ་གཏོང་ཆེད། ཉིན་དེའི་ཆུ་ཚོད་9པ་ཙམ་ནས། ཡུལ་ཤུལ་ཁུལ་གྱིས་ཡུལ་ཤུལ་གྲོང་ཁྱེར་ནང་ལོགས་སུ་ཉིང་སྐྱུར་དཔེ་སྒྲུག་སྒྲིག་གཞི་5སྣོན་འཛུགས་བྱས་ཡོད་པ་རེད།  
   ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱིས་ཚེས་18ཉིན་གནས་འཕྲིན་སྤེལ་གསལ། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་འབྲེལ་ཡོད་བརྡ་ཁྱབ་ལ་གཞིགས་ནས། ཀན་ལྷོ་ཁུལ་གྱིས་ནང་འདྲེན་བྱས་པའི་ནོར་ཤའི་ཕྱི་ཐུམ་སྣོད་ཆས་ཀྱི་དངོས་དཔེ་2ལ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱས་པའི་མཇུག་འབྲས་ལས་གདགས་གཤིགས་མངོན་ཡོད་པས། ས་གནས་དེས་འཕྲལ་མར་རིམས་ནད་དང་འབྲེལ་ཡོད་ནང་འདྲེན་ནོར་ཤ་ཚང་མ་བཀག་ཉར་བྱས་པ་དང་། དངོས་རྫས་ལ་ཐུག་མྱོང་མཁན་ཚང་མ་གཅིག་བསྡུས་ཀྱིས་ལོགས་སུ་བཀར་བ། དེ་དག་དང་འབྲེལ་བ་དམ་པོ་བྱེད་མྱོང་མཁན་ཚང་མ་རྩད་ཞིབ་བྱེད་བཞིན་ཡོད། 
   མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་བྱང་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉིའུ་ཧའེ་ཅུན་གྱིས་ངོ་སྤྲོད་བྱས་དོན། ད་ལྟ་ཉིན་རེར་འཁྱགས་འབྲེལ་ཟས་རིགས་ཏུན་500ཙམ་ཟི་ལིང་གྲོང་ཁྱེར་གྱི་ནང་འདྲེན་འཁྱགས་འབྲེལ་ཟས་རིགསལྟ་སྐུལ་དོ་དམ་སྤྱི་ཁྱབ་མཛོད་ཁང་དུ་སླེབས་ཀྱི་ཡོད། “རླངས་འཁོར་ཧྲིལ་པོ་མཛོད་ཁང་དུ་ཡོང་ནས”ཐོན་རྫས་མར་བླངས་རྗེས་དུག་སེལ་བ་དང་དཔེ་སྒྲུག་ཞིབ་དཔྱད་ཚད་ལེན་བྱེད་པ་དང་། གསོག་ཉར་དུས་ཡུན་ངེས་ཅན་ཞིག་བྱས་རྗེས་ཞིབ་དཔྱད་ཚད་ལོན་བྱུང་ན། 《མཛོད་འདོན་དཔང་ཡིག》སོགས་སྤྲད་ཡོད་པ་དང་། གཞི་ནས་དངོས་རྫས་འདོན་འཇུག་བྱས་ཚར་རྗེས་ཕྱིར་ཐོན་ཆོག་གི་ཡོད།(http://tibet.people.com.cn/15835894.html)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1