ཞི་ཅིན་ཕིང་གིས་པེ་ཅིང་དང་ཧོ་པེ་ལ་རྟོག་ཞིབ་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་ཚགས། སྤེལ་དུས། 01-22


ཞི་ཅིན་ཕིང་གིས་པེ་ཅིང་དང་ཧོ་པེར་རྟོག་ཞིབ་གནང་བ་དང་པེ་ཅིང་གི་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་གྲ་སྒྲིག་ལས་དོན་གྱི་སྙན་སེང་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ནན་བཤད་གནང་དོན།

གདེང་ཚོད་བརྟན་པོ་དང་། འབད་འབུངས་ཡར་བརྩོན། ཡག་ཐོག་ཡག་བརྩེགས། དཀའ་ངལ་ལས་རྣམ་པར་རྒྱལ་བ་བཅས་བྱས་ཏེ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས།


■ པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཡག་པོ་གཉེར་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་དང་ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བཞག་པའི་བརྗིད་ཆེའི་དམ་བཅའ་ཡིན། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབ་པའི་ལས་འགན་གཟི་བརྗིད་ལྡན་པ་ཞིག་རེད་ལ་དོན་སྙིང་གལ་ཆེན་ཡང་ལྡན་ཡོད། གདེང་ཚོད་བརྟན་པོ་དང་། འབད་འབུངས་ཡར་བརྩོན། ཡག་ཐོག་ཡག་བརྩེགས། དཀའ་ངལ་ལས་རྣམ་པར་རྒྱལ་བ་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་ནན་ཏན་བྱེད་པ་དང་། ལྗང་མདོག་དང་། མཉམ་སྤྱོད། སྒོ་དབྱེ། སྤྱོད་གཙང་བཅས་ཀྱི་ཐོག་ནས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུ་དེ་གྲ་སྒྲིག་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པར་བྱེད་པ། གྲ་སྒྲིག་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་བཅས་བྱས་ནས་འཛམ་གླིང་ལ་ངོ་མཚར་ཆེ་བ་དང་། སྤྱིར་བཏང་མིན་པ། ཁྱད་དུ་འཕགས་པའི་ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་ཧུར་ཐག་གཉེར་དགོས།

■ ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་གལ་ཆེན་ཞིག་ཡིན། ལུས་རྩལ་སྟོབས་ཆེན་རྒྱལ་ཁབ་ཀྱི་རྨང་གཞི་དེ་མང་ཚོགས་ལུས་རྩལ་ལ་ཐུག་ཡོད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་གཉེར་ནས་རང་རྒྱལ་གྱི་གངས་འཁྱག་ལུས་རྩལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ལུས་རྩལ་རྣམ་གྲངས་མི་འདང་བ་དེ་གསབ་པ་དང་རྣམ་གྲངས་ཞན་པ་དེ་སྟོབས་ཆེར་བཏང་སྟེ་རྩལ་འགྲན་ལུས་རྩལ་སྟོབས་ཆེ་བ་དང་། མང་ཚོགས་ལུས་རྩལ་སྟོབས་ཞན་པ། “དབྱར་དྲག་དགུན་ཞན” “འཁྱགས་དྲག་གངས་ཞན”བཅས་ཀྱི་གནད་དོན་རིམ་བཞིན་ཐག་གཅོད་བྱས་ནས་དུས་རབས་གསར་པའི་ལུས་རྩལ་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།


        ཟླ་1ཚེས་18ཉིན་ནས་ཚེས་20ཉིན་བར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་དང་ཧོ་པེར་རྟོག་ཞིབ་གནང་བ་དང་འབྲེལ། པེ་ཅིང་གི་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་གྱི་སྙན་སེང་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། འདི་ནི་ཚེས་20ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་པེ་ཅིང་གི་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་གྱི་སྙན་སེང་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།
        ཟླ་1ཚེས་18ཉིན་ནས་ཚེས་20ཉིན་བར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་དང་ཧོ་པེར་རྟོག་ཞིབ་གནང་བ་དང་འབྲེལ། པེ་ཅིང་གི་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་གྱི་སྙན་སེང་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། འདི་ནི་ཚེས་18ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་པེ་ཅིང་གྲོང་ཁྱེར་ཧའེ་ཏེན་ཆུས་སུ་གནས་པའི་རྒྱལ་སའི་ལུས་རྩལ་ཁང་དུ་རྒྱལ་ཁབ་ཀྱི་གར་རྩེད་འཁྱགས་ཤུད་རུ་ཁག་དང་རྒྱུག་ཐུང་འཁྱགས་ཤུད་རུ་ཁག་གི་ལུས་རྩལ་པ་དང་རྩལ་འཁྲིད་པ་སོགས་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ།
        འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་དང་ཧོ་པེར་རྟོག་ཞིབ་གནང་བ་དང་པེ་ཅིང་གི་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་གྱི་སྙན་སེང་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ། གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཡག་པོ་གཉེར་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་དང་ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བཞག་པའི་བརྗིད་ཆེའི་དམ་བཅའ་ཡིན། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབ་པའི་ལས་འགན་གཟི་བརྗིད་ལྡན་པ་ཞིག་རེད་ལ་དོན་སྙིང་གལ་ཆེན་ཡང་ལྡན་ཡོད། གདེང་ཚོད་བརྟན་པོ་དང་། འབད་འབུངས་ཡར་བརྩོན། ཡག་ཐོག་ཡག་བརྩེགས། དཀའ་ངལ་ལས་རྣམ་པར་རྒྱལ་བ་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་ནན་ཏན་བྱེད་པ་དང་། ལྗང་མདོག་དང་། མཉམ་སྤྱོད། སྒོ་དབྱེ། སྤྱོད་གཙང་བཅས་ཀྱི་ཐོག་ནས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུ་དེ་གྲ་སྒྲིག་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པར་བྱེད་པ། གྲ་སྒྲིག་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་བཅས་བྱས་ནས་འཛམ་གླིང་ལ་ངོ་མཚར་ཆེ་བ་དང་། སྤྱིར་བཏང་མིན་པ། ཁྱད་དུ་འཕགས་པའི་ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་ཧུར་ཐག་གཉེར་དགོས་ཞེས་ནན་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས་ལུས་རྩལ་པ་དང་རྩལ་འཁྲིད་པ་ཡོངས་དང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ནང་ཞུགས་མཁན་འཛུགས་སྐྲུན་པ་དང་། དོ་དམ་པ། ལས་དོན་མི་སྣ་བཅས་ཡོངས་ལ་བླ་ན་མེད་པའི་གུས་འདུད་དང་ཐུགས་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ད་དུང་ཚང་མར་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཡང་ཞུས་པ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་སྙན་སེང་ཚོགས་འདུར་ཞུགས་པ་རེད།
        དགུན་གཞུང་དུས་ཚིགས་སུ་ཀྲུང་ཧྭའི་བྱང་རྒྱུད་ཀྱི་ས་གཞི་ཆེན་པོར་ནམ་མཁའ་སྔོ་ཞིང་དྭངས་པ་དང་རི་གྲོང་ཁ་བས་བཀླུབས་ཤིང་། ཟླ་1ཚེས་18དང་ཚེས་19ཉིན་ཞི་ཅིན་ཕིང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཚའེ་ཆི་དང་ཧྲི་ཀྲང་ཁྲེན་ཅེ་ཉིང་། ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་ཏུང་ཧྥུང་བཅས་ཀྱི་ཕེབས་རོགས་འོག་གྲང་ངར་ལ་མ་འཛེམ་པར་སྔ་རྗེས་སུ་ཧའེ་ཏེན་དང་། ཡན་ཆིང་། ཀྲང་ཅ་ཁའུ་སོགས་ཀྱི་ལུས་རྩལ་ཐང་དང་། སྦྱོང་བརྡར་རྟེན་གཞི། འགྲིམ་འགྲུལ་ལྟེ་གནས་སོགས་སུ་ཕེབས་ནས་ས་ཆ་དངོས་སུ་པེ་ཅིང་གི་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།
        ཚེས་18ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་ཐོག་མར་པེ་ཅིང་གྲོང་ཁྱེར་ཧའེ་ཏེན་ཆུས་སུ་གནས་པའི་རྒྱལ་སའི་ལུས་རྩལ་ཁང་དུ་ཕེབས་ནས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་རྣམས་ཀྱི་གནས་ཚུལ་དང་། འགྲན་ཞུགས་འགྲན་གྲབས་དང་མང་ཚོགས་རང་བཞིན་གྱི་གངས་འཁྱག་ལུས་རྩལ་སྤེལ་ཚུལ་གྱི་ངོ་སྤྲོད་གསན་རྗེས། གྲ་སྒྲིག་ལས་དོན་ཁག་ལ་ཐོབ་པའི་འཕེལ་རིམ་ལ་ཁས་ལེན་གནང་བ་རེད།
        རྒྱལ་སའི་ལུས་རྩལ་ཁང་ནི་རྒྱལ་ནང་གི་ཁང་ནང་གི་མི་ཐབས་འཁྱགས་ཤུད་ར་བ་དང་པོ་དེ་ཡིན་ཞིང་། བསྐྱར་སྐྲུན་རྒྱས་སྐྲུན་བྱས་པ་བརྒྱུད་ད་ཆ་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱུག་ཐུང་འཁྱགས་ཤུད་དང་གར་རྩེད་འཁྱགས་ཤུད་འགྲན་བསྡུར་གྱི་སྦྱོང་བརྡར་ཆ་རྐྱེན་ལྡན་ཡོད། ཞི་ཅིན་ཕིང་སྦྱོང་བརྡར་ར་བའི་གམ་དུ་ཕེབས་ནས་འཁྱགས་ཤུད་ར་བ་སྒྱུར་བཀོད་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་དེ་ནས་རྒྱལ་ཁབ་གར་རྩེད་འཁྱགས་ཤུད་རུ་ཁག་དང་རྒྱུག་ཐུང་འཁྱགས་ཤུད་རུ་ཁག་གི་ལུས་རྩལ་པ་དང་རྩལ་ཁྲིད་པའི་འཐུས་མི་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་རེད། ཞི་ཅིན་ཕིང་གིས་ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་གལ་ཆེན་ཞིག་ཡིན། ལུས་རྩལ་སྟོབས་ཆེན་རྒྱལ་ཁབ་ཀྱི་རྨང་གཞི་དེ་མང་ཚོགས་ལུས་རྩལ་ལ་ཐུག་ཡོད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་གཉེར་ནས་རང་རྒྱལ་གྱི་གངས་འཁྱག་ལུས་རྩལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ལུས་རྩལ་རྣམ་གྲངས་མི་འདང་བ་དེ་གསབ་པ་དང་རྣམ་གྲངས་ཞན་པ་དེ་སྟོབས་ཆེར་བཏང་སྟེ་རྩལ་འགྲན་ལུས་རྩལ་སྟོབས་ཆེ་བ་དང་། མང་ཚོགས་ལུས་རྩལ་སྟོབས་ཞན་པ། “དབྱར་དྲག་དགུན་ཞན” “འཁྱགས་དྲག་གངས་ཞན”བཅས་ཀྱི་གནད་དོན་རིམ་བཞིན་ཐག་གཅོད་བྱས་ནས་དུས་རབས་གསར་པའི་ལུས་རྩལ་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དེང་རབས་རྩལ་འགྲན་ལུས་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་བར་གཅིག་ནས་ངར་ཤུགས་ལྡན་དགོས་ལ། གཉིས་ནས་རྩལ་ནུས་ཀྱང་ལྡན་དགོས། ལུས་རྩལ་པར་རྒྱལ་ཁབ་ཆེད་དུ་གཟི་བརྗིད་གཏོད་པ་དང་འབྲས་བཟང་གཏོད་ཕོད་པའི་བློ་སྟོབས་ལྡན་དགོས། དུས་རྟག་ཏུ་སྦྱོང་བརྡར་ཧུར་ཐག་བྱེད་པ་དང་། ལག་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ། ཕྱི་རྒྱལ་གྱི་སྔོན་ཐོན་འདུ་ཤེས་དང་ལག་རྩལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་བཅས་བྱས་ནས་སྦྱོང་བརྡར་དང་འགྲན་བསྡུར་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།
        ཚེས་18ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་པེ་ཅིང་གྲོང་ཁྱེར་ཡན་ཆིང་ཆུས་རྒྱལ་ཁབ་རི་མཐོའི་གངས་ཤུད་ལྟེ་གནས་སུ་ཕེབས་ནས་བརྟག་ཞིབ་གནང་བ་རེད། རྒྱལ་ཁབ་རི་མཐོའི་གངས་ཤུད་ལྟེ་གནས་སུ་གངས་ཤུད་ལམ་བུ་7ཇུས་འགོད་འཛུགས་སྐྲུན་བྱས་ཡོད། འགྲན་བསྡུར་སྐབས་སུ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་རི་མཐོའི་གངས་ཤུད་རྣམ་གྲངས་ཀྱི་འགྲན་བསྡུར་ཚང་མ་གཉེར་འགན་འཁུར་རྒྱུ་རེད། ཞི་ཅིན་ཕིང་འབྲེང་འཁོར་ལ་བཞུགས་ཏེ་གངས་ཤུད་ལམ་བུའི་དཀྱིལ་གྱི་སྐྱོར་སྟེགས་ཐོག་ཕེབས་ནས་རྒྱལ་ཁབ་རི་མཐོའི་གངས་ཤུད་ལྟེ་གནས་འཛུགས་སྐྲུན་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གིས་ལྗང་མདོག་ཨོ་རྩལ་འགྲན་ཚོགས་གཉེར་བའི་འདུ་ཤེས་འབུར་དུ་ཐོན་པ་བྱས་ཏེ་ལུས་རྩལ་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་དེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱེད་པ་དང་ལུས་རྩལ་སྒྲིག་བཀོད་རང་བྱུང་མཛེས་ལྗོངས་དང་ཞི་མཐུན་མཉམ་གནས་ཡོང་བ་བྱས་ཏེ་མི་ཚོས་གཅིག་ནས་གངས་འཁྱག་ལུས་རྩལ་གྱི་འཛད་མེད་ཉམས་འགྱུར་ལོངས་སྤྱོད་ཐུབ་པ་དང་གཉིས་ནས་རང་བྱུང་ཁམས་ཀྱི་སྣོད་བཅུད་མཛེས་ལྗོངས་ནང་རོལ་གང་ཐུབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
        རྩལ་འགྲན་མཇུག་སྒྲིལ་ཁུལ་དུ་ཞི་ཅིན་ཕིང་གིས་ལྟེ་གནས་ཀྱི་འགོག་སྲུང་དྲ་བ་སྒྲིག་སྦྱོར་དང་། གངས་ཤུད་ལམ་བུར་སྐོར་བཤེར། ལུས་རྩལ་པར་རོགས་སྐྱོབ་སོགས་ཀྱི་འགྲན་རའི་འགན་སྲུང་ལས་དོན་གྱི་དཔེ་སྟོན་དང་རི་མཐོའི་གངས་ཤུད་རྩལ་འགྲན་འགྲན་བསྡུར་གྱི་སྦྱོང་བརྡར་གནས་ཚུལ་ལ་གཟིགས་པ་རེད། ཞི་ཅིན་ཕིང་གིས་བདེ་འཇགས་ནི་ལུས་རྩལ་འགྲན་བསྡུར་ཆེ་གྲས་ཀྱིས་ངེས་པར་དུ་བརྟན་སྲུང་བྱེད་དགོས་པའི་མཐའ་ཚད་དེ་ཡིན། རི་མཐོའི་གངས་ཤུད་ནི“དཔའ་ངར་ཅན་གྱི་ལུས་རྩལ”ཡིན་པས་ཕྱོགས་ཁག་གི་བདེ་འཇགས་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་། ཚོགས་པ་དོ་དམ་དང་། སྐྱོབ་སྲུང་སྟོབས་ཤུགས། སྒྲིག་བཀོད་སྲུང་སྐྱོང་དཔུང་ཁག་བཅས་ཀྱི་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་པ། རིམས་འགོག་དང་། མེ་ཟོན། ལས་འཛོལ་འགོག་ཟོན་སོགས་ཉེན་ཁ་འགོག་ཟོན་གྱི་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། འཕྲལ་སྡོམ་ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གཏན་ནས་མི་འཕྱུགས་པའི་འགན་ལེན་བྱེད་དགོས། ཚང་མས་ཚན་རིག་དང་མཐུན་པའི་སྒོ་ནས་སྦྱོང་བརྡར་བྱེད་པ་དང་། བདེ་འཇགས་ལ་ཡིད་གཟབ་བྱེད་པ། གཟུགས་གཞིར་གཅེས་སྤྲས་བྱེད་པ། ཆུ་ཚད་མཐོ་རུ་གཏོང་བ། རང་ཡུལ་དུ་འགྲན་ཞུགས་བྱེད་པའི་ལེགས་ཆ་འདོན་སྤེལ་བྱེད་པ་བཅས་ཀྱི་ཐོག་ནས་རི་མཐོའི་གངས་ཤུད་རྣམ་གྲངས་ཐད་བྱ་དགའ་རག་མྱོང་མེད་པའི་ཚོད་འཛིན་ལས་ཚད་བརྒལ་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
        དེ་རྗེས། ཞི་ཅིན་ཕིང་རྒྱལ་ཁབ་གངས་འཁོར་དང་གངས་གྲུ་ལྟེ་གནས་སུ་ཕེབས་ཤིང་། ལམ་བར་དུ་འགྲན་ལམ་གྱི་འགོ་འཛུགས་ཁུལ་དང་མཇུག་སྒྲིལ་ཁུལ་དུ་ཕེབས་ནས་གངས་འཁོར་དང་གངས་གྲུའི་ལུས་རྩལ་པ་འགྲན་འགོ་ཚུགས་པ་ནས་གདོང་མཆོང་བྱེད་པའི་བར་གྱི་སྦྱོང་བརྡར་གྱི་བརྒྱུད་རིམ་ཧྲིལ་པོར་གཟིགས་ཞིབ་གནང་བ་རེད། རྒྱལ་ཁབ་གངས་འཁོར་དང་གངས་གྲུ་རུ་ཁག་གི་ལུས་རྩལ་པ་དང་། ཀྲུང་ཕྱིའི་རྩལ་འཁྲིད་པ། ཡན་ཆིང་འགྲན་ཁུལ་གྱི་འཁོར་རྒྱུག་འགན་ལེན་ཚོགས་པ། འཛུགས་སྐྲུན་པ་བཅས་ཀྱི་འཐུས་མིར་སྤྱི་ཁྱབ་ཧྲུའུ་ཅིས་སྐད་གསང་མཐོན་པོས་ཡག་པོ་འདུག་ཅེས་གསུངས་ཤིང་། དེ་ནས་ཞི་ཅིན་ཕིང་གིས་ཚང་མར་འཚམས་འདྲི་གནང་སྟེ་སྦྱོང་བརྡར་ཧུར་ཐག་བྱེད་པ་དང་ངལ་གསོ་ཡང་ཡག་པོ་རྒྱག་དགོས་པའི་སྐུལ་མ་བཏང་གནང་བ་རེད།

        ཞི་ཅིན་ཕིང་གིས། རང་རྒྱལ་གྱི་གངས་འཁྱག་ལུས་རྩལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། རྒྱ་ཆེའི་གངས་འཁྱག་ལུས་རྩལ་པར་ཐོབ་དཀའ་བའི་མི་ཚེའི་གོ་སྐབས་གཏོད་པ་ཞིག་ཀྱང་རེད། མིག་སྔར། རང་རྒྱལ་གྱི་རིམས་ནད་ཕྱི་ནས་མ་འགོས་པ་དང་ནང་དུ་བསྐྱར་ལོག་སྔོན་འགོག་གི་གནོན་ཤུགས་སྔར་བཞིན་ཆེན་པོ་ཡོད་པས་ཐོག་མཐའ་བར་གསུམ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྩ་བ་དེ་དམ་པོར་བཟུང་བ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་ལག་བསྟར་ནན་པོ་བྱེད་པ། བརྒྱུད་རིམ་ཧྲིལ་པོའི་བཀག་སྡོམ་ལྷུ་ཚིགས་ཀྱི་དོ་དམ་འགྲོ་ལུགས་ལེགས་སུ་གཏོང་བ་བཅས་བྱས་ནས་བདེ་འཇགས་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
        ཅིང་ཀྲང་མྱུར་བགྲོད་ལྕགས་ལམ་གྱི་ཐའེ་ཙེ་ཁྲེང་བབས་ཚུགས་དེ་ཀྲང་ཅ་ཁའུ་ཡི་འགྲན་ཁུལ་གྱི་ལྟེ་བའི་ཁུལ་དུ་གནས་ཡོད། དེ་ནི་འཛམ་གླིང་ཐོག་ཨོ་རྩལ་འགྲན་རར་ཐད་ཀར་ཤར་གཏོང་བྱས་པའི་མྱུར་བགྲོད་ལྕགས་ལམ་ཐོག་མ་དེ་ཡིན་པ་དང་ལོ་གཅིག་གོང་ནས་དངོས་སུ་གཉེར་སྐྱོང་ཐུབ་ཡོད། ཚེས་19ཉིན། ཞི་ཅིན་ཕིང་མེ་འཁོར་ལ་བཞུགས་ཏེ་ཅིང་ཀྲང་མྱུར་བགྲོད་ལྕགས་ལམ་བརྒྱུད་ཐའེ་ཙེ་ཁྲེང་བབས་ཚུགས་སུ་ཕེབས་འབྱོར་ཟིན་པ་དང་། བབས་ཚུགས་ཀྱི་ལུས་རྩལ་པའི་ཞབས་ཞུ་ཚོམས་ཆེན་དུ་ཕེབས་ནས་བྱེ་གཞོང་དང་ཟུང་འབྲེལ་གྱིས་ཅིང་ཀྲང་མྱུར་བགྲོད་ལྕགས་ལམ་དང་དེ་བཞིན་ཐའེ་ཙེ་ཁྲེང་བབས་ཚུགས་འཛུགས་སྐྲུན་གྱི་སྤུས་ལེགས་ལས་གྲྭ་དང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཞབས་ཞུ་འགན་ལེན་གྱི་འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གིས། ཅིང་ཀྲང་མྱུར་བགྲོད་ལྕགས་ལམ་གྱིས་འགྲན་ཁུལ་ཆེན་པོ་གསུམ་སྦྲེལ་མཐུད་བྱེད་པའི་འགན་འཁྲི་ལྕི་པོ་འཁུར་བཞིན་ཡོད་པས་གཉེར་སྐྱོང་ཞབས་ཞུ་དང་། ལག་རྩལ་འགན་ལེན། བདེ་འཇགས་འགན་ལེན་སོགས་དུས་ཚོད་དམ་འཛིན་གྱིས་ཚོད་ལྟ་བྱས་ཏེ་མི་འདང་ས་དུས་ཐོག་ཏུ་ཤེས་པ་དང་སྐྱོན་ཆ་དུས་ཐོག་ཏུ་སེལ་ནས་གནད་སྨིན་ཅན་དང་ཞིབ་ཚགས་ཅན་གྱི་དོ་དམ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས། དགུན་དུས་ཨོ་རྩལ་འགྲན་ཚོགས་རིང་བདེ་འཇགས་དང་ནུས་ཆེའི་ངང་འཁོར་རྒྱུག་ཐུབ་རྒྱུར་ཉམས་མྱོང་གསོག་འཇོག་དང་གྲ་སྒྲིག་གང་ལེགས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
        ཐའེ་ཙེ་ཁྲེང་བབས་ཚུགས་ནས་ཞལ་གྱེས་རྗེས་ཞི་ཅིན་ཕིང་རྒྱལ་ཁབ་མཆོང་སྟེགས་གངས་ཤུད་ལྟེ་གནས་སུ་ཕེབས་ནས་བརྟག་ཞིབ་གནང་བ་རེད། རྒྱལ་ཁབ་མཆོང་སྟེགས་གངས་ཤུད་ལྟེ་གནས་ནི་རང་རྒྱལ་གྱི་མཆོང་སྟེགས་གངས་ཤུད་སྤྱོད་སྒོ་གཙོ་བོར་བྱས་པའི་ལུས་རྩལ་ཁང་དང་པོ་དེ་ཡིན་པ་དང་སྐྲུན་དངོས་གཙོ་བོའི་ཇུས་འགོད་བློ་སྐྱེད་དེ་ཀྲུང་གོའི་སྲོལ་རྒྱུན་གྱི་རྒྱན་ཆ“བདེ་ལེགས”ལས་བྱུང་བ་ཞིག་རེད། ཞི་ཅིན་ཕིང་གིས་རྒྱལ་ཁབ་མཆོང་སྟེགས་གངས་ཤུད་ལྟེ་གནས་ཀྱི་རྩེ་ཐོག་བར་ཁྱམས་སུ་ཕེབས་ཏེཀྲང་ཅ་ཁའུ་ཡི་འགྲན་ཁུལ་སྤྱི་ཡོངས་ཀྱི་འཛུགས་སྐྲུན་གནས་ཚུལ་གྱི་ངོ་སྤྲོད་གསན་པ་དང་ཀྲང་ཅ་ཁོའུ་ཡི་འགྲན་ཁུལ་གྱི་གནའ་བོའི་སྦྱར་སྡོང་ལུས་རྩལ་ཁང་གི་རྣམ་པར་གཟིགས་གནང་བ་དང་། དེ་རྗེས་མཆོང་སྟེགས་གངས་ཤུད་མཇུག་འགྲིལ་ཁུལ་གྱི་གཟིགས་སྟེགས་སུ་ཕེབས་ཏེ་མཆོང་སྟེགས་གངས་ཤུད་ལུས་རྩལ་པའི་སྦྱོང་བརྡར་དཔེ་སྟོན་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད། ཞི་ཅིན་ཕིང་གིས། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ར་སྒྱུར་བཀོད་འཛུགས་སྐྲུན་ཐད་ཀྲུང་གོའི་གཞི་རྒྱུ་མང་པོ་བསྣན་ནས་ང་ཚོའི་རིག་གནས་ཀྱི་གདེང་ཚོད་མངོན་ཡོད། ང་ཚོས་དགུན་དུས་ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་གཉེར་དགོས་པ་མ་ཟད། ད་དུང་ཁྱད་ཆོས་ལྡན་པ་དང་། ངོ་མཚར་ཆེ་བ། ཁྱད་དུ་འཕགས་པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཤིག་ཀྱང་གཉེར་དགོས་ཞེས་གསུངས་པ་རེད།
        རྒྱལ་ཁབ་དགུན་དུས་རྣམ་གྲངས་གཉིས་ལྟེ་གནས་ཀྱི་གཟིགས་སྟེགས་སུ་ཞི་ཅིན་ཕིང་གིས་དགུན་དུས་རྣམ་གྲངས་གཉིས་ཀྱི་ཐང་གཤོངས་གངས་ཤུད་དང་ཚ་ཁ་འགྲན་བསྡུར་གྱི་ལུས་རྩལ་པའི་རྒྱུག་མཐུད་སྦྱོང་བརྡར་གནས་ཚུལ་ལ་གཟིགས་པ་དང་ཆབས་ཅིག རྒྱལ་ཁབ་དགུན་དུས་རྣམ་གྲངས་གཉིས་དང་མཆོང་སྟེགས་གངས་ཤུད་རུ་ཁག་གི་ལུས་རྩལ་པ་དང་། རྩལ་ཁྲིད་པ། ཀྲང་ཅ་ཁའུ་ཡི་འགྲན་ཁུལ་འཁོར་རྒྱུག་འགན་ལེན་ཚོགས་པ། འཛུགས་སྐྲུན་པའི་འཐུས་མི་བཅས་ལ་འཚམས་འདྲི་ཡང་གནང་བ་རེད། ཞི་ཅིན་ཕིང་གིས་བྱམས་བརྩེའི་ངང་ཚང་མར་ད་ཐེངས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་གྲ་སྒྲིག་གནས་ཚུལ་ལ་རྟོག་ཞིབ་བྱེད་པར་ཡོང་བ་ཡིན་ལ། ལྕགས་གླང་ལོའི་དཔྱིད་གསར་དུས་ཆེན་གོང་དུ་ཚང་མར་ལྟ་བར་ཡོང་བ་ཡིན། ཚང་མས་གྲུབ་འབྲས་ཐོབ་པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་གཉེར་རྒྱུར་འབད་བརྩོན་བྱེད་པ་དང་། ལུས་རྩལ་པས་སྦྱོང་བརྡར་ཧུར་ཐག་བྱེད་པ། འཛུགས་སྐྲུན་ཚན་པ་དང་འཛུགས་སྐྲུན་པ། འགན་ལེན་ཚོགས་པ་བཅས་ཀྱིས་དོ་དོ་ཏན་ཏན་བཅས་བྱས་ནས་འཛམ་གླིང་ཐོག་རྩེར་སོན་གྱི་སྤུས་ལེགས་ལས་གྲྭ་ཁག་གཅིག་གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད་པས། ཚང་མའི་འབད་འཐབ་ཀྱི་སྙིང་སྟོབས་དང་ལེགས་སྐྱེས་ཀྱི་སྙིང་སྟོབས་ཧ་ལས་དགོས་པ་ཞིག་འདུག་ཅེས་གསུངས་པ་རེད། ཞི་ཅིན་ཕིང་གིས། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ར་ཚང་མའི་འཛུགས་སྐྲུན་ལོ་གཅིག་སྔ་བསྣུར་དུ་ལེགས་སྒྲུབ་བྱས་པ་དང་། རང་རྒྱལ་གྱི་གངས་འཁྱག་རྣམ་གྲངས་མང་པོ་ཞིག་ལོ་གཉིས་ལྷག་ཙམ་རིང་མེད་པ་ནས་ཡོད་པའི་བར་མངོན་འགྱུར་བྱུང་བ། རྣམ་གྲངས་ཁག་གཅིག་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་བཅས་ཀྱི་ཐོག་ནས་ཏང་གི་འགོ་ཁྲིད་དང་། རྒྱལ་ཡོངས་སྒྲིག་སྲོལ། སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་སྒྲུབ་པའི་ལམ་ལུགས་བཅས་ཀྱི་ལེགས་ཆ་གང་ལེགས་མངོན་ཡོད།
        ཚེས་20ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་གྲ་སྒྲིག་ལས་དོན་གྱི་སྙན་སེང་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཚའེ་ཆི་དང་། ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་ཏུང་ཧྥུང་། ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཀོའུ་ཀྲུའུ་ཝུན། ཀྲུང་གོ་དབང་སྐྱོན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀྲང་ཧའེ་ཏི་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་ནས་གྲ་སྒྲིག་གནས་ཚུལ་སྙན་སེང་ཞུས་པ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་ལ་བསམ་འཆར་དང་གྲོས་འགོ་ཡང་བཏོན་པ་རེད།
        ཚང་མའི་གཏམ་བཤད་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ནི་རང་རྒྱལ་གྱི“ལོ་ལྔ་ཚན་བཅུ་བཞི་པའི”དུས་འགོར་སྤེལ་བའི་མཚོན་བྱེད་རང་བཞིན་གྱི་བྱེད་སྒོ་གལ་ཆེན་ཞིག་རེད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་གཉེར་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ནས་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབ་པའི་འགན་འཁྲི་འཁུར་སེམས་དང་། ལས་འགན་བསྒྲུབ་སེམས། ཁ་ཚ་དགོས་གཏུགས་ཀྱི་སེམས་པ་བཅས་ཟབ་ཏུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས་ལོ་ལྔའི་རིང་། དགུན་དུས་ཨོ་རྩལ་འགྲན་ཚོགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་སྤྱི་འདོམས་བཀོད་འདོམས་འོག དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་ཞིབ་ཕྲའི་སྒྲིག་འཛུགས་བྱས་པ་དང་། ཕྱོགས་ཁག་གིས་མཉམ་ལས་ཧུར་ཐག་བྱས་པ། རྒྱལ་སྤྱིའི་ལུས་རྩལ་རྩ་འཛུགས་དང་གཞོགས་འདེགས་དམ་ཟབ་བྱས་པ། གྲ་སྒྲིག་ལས་དོན་ཁག་ཡག་པོ་བསྒྲུབས་པས་ད་ལྟ་བློ་ཡིད་ཚིམ་པའི་གྲུབ་འབྲས་ཐོབ་ཡོད། དེ་དང་དུས་མཚུངས་སུ་ཆུ་མ་ཤོར་གོང་ནས་རགས་རྒྱག་པ་དང་། ཚན་རིག་དང་མཐུན་པའི་ཞིབ་འཇུག་བརྡར་གཅོད་བྱེད་པ། སྔོན་ཇུས་ཡག་པོ་འདིང་བ། ལས་དོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། གྲ་སྒྲིག་ལས་དོན་ཁག་ཡག་ཐོག་ཡག་བརྩེགས་བྱེད་པ་དང་། དུས་བབ་གསར་པ་དང་ཟུང་འབྲེལ་བྱེད་པ། ལས་དོན་ཁག་ལ་སླར་ཡང་ཇུས་འགོད་དང་ལེགས་སྒྲིག་བཅས་བྱས་ནས་གྲ་སྒྲིག་ལས་དོན་གྱི་གཙོ་གནད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་པ་དང་འགྲན་བསྡུར་སྒྲིག་འཛུགས་ཡག་པོ་བྱེད་པའི་ཐོག་འཇོག་དགོས། “ཧྲག་བསྡུས། བདེ་འཇགས། ངོ་མཚར”བཅས་ཀྱི་འགྲན་བསྡུར་གཉེར་བའི་བླང་བྱ་འབུར་དུ་ཐོན་པ་བྱས་ཏེ་ཕྱོགས་ཡོངས་ནས་ཉེན་ཁ་སྣ་ཚོགས་འགོག་སེལ་བྱེད་པ་དང་། འགྲན་བསྡུར་སྒྲིག་འཛུགས་དང་། འགྲན་བསྡུར་སྤེལ་རིང་གི་ཞབས་ཞུ། ཚན་རྩལ་བཀོལ་སྤྱོད། རིག་གནས་བྱེད་སྒོ་སོགས་གྲ་སྒྲིག་ལས་དོན་ཁག་ཞིབ་ཚགས་ངང་ཡག་པོ་བསྒྲུབས་ནས་རིམས་ནད་ཀྱི་ཉེན་ཁ་ཆུང་དུ་གཏོང་གང་ཐུབ་བྱེད་དགོས་ཞེས་གསུངས་པ་རེད།
        ཞི་ཅིན་ཕིང་གིས། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་གྲ་སྒྲིག་ལས་དོན་དེ་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས། དུས་བཀག་ལྟར་འགྲན་བསྡུར་སྤེལ་ཐུབ་པའི་དམིགས་ཚད་ལ་དམིགས་ཏེ་ལས་དོན་ཁག་དོན་འཁྱོལ་ཐུབ་རྒྱུར་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ། གཅིག་ནས་འགྲན་ར་འཛུགས་སྐྲུན་དང་དོ་དམ་ཡག་པོ་བྱས་ནས་ཚད་གཞི་ལྟར་འགྲན་ར་དང་སྒྲིག་ཆས་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་དང་། རྩལ་འགྲན་མིན་པའི་འགྲན་ར་འཛུགས་སྐྲུན་དུས་བཀག་ལྟར་ལེགས་སྒྲུབ་བྱེད་པ། རིགས་ཁག་གི་ལྷན་སྦྱར་སྒྲིག་བཀོད་སྣ་ཚོགས་དང་འགོག་མེད་ཁོར་ཡུག་འཛུགས་སྐྲུན་ལ་དུས་གཅིག་ཏུ་སྐུལ་འདེད་གཏོང་བ། རིགས་ཁག་གི་འགྲན་རའི་དགོས་ངེས་ཀྱི་རིམས་ནད་ལྟ་ཞིབ་ཚད་ལེན་དང་། ལོགས་འཇོག འཕྲལ་སྡོམ་ཐག་གཅོད་བཅས་ཀྱི་སྒྲིག་བཀོད་དམིགས་སའི་རང་བཞིན་གྱི་སྒོ་ནས་མང་དུ་གཏོང་བ། འགྲན་རའི་འཁོར་རྒྱུག་དོ་དམ་ལས་དོན་ཡག་པོ་སྒྲུབ་པ། འགྲན་བསྡུར་གོང་གི་ཚོད་ལྟའི་བྱེད་སྒོ་སྣ་ཚོགས་ལ་དམ་འཛིན་ཡག་པོ་བྱེད་དགོས། གཉིས་ནས་འགྲན་བསྡུར་སྤེལ་རིང་གི་འཁོར་རྒྱུག་ལས་དོན་ཡག་པོ་སྒྲུབ་པ་དང་ལས་ཆོད་ཆེ་ཞིང་ནུས་པ་ལྡན་པའི་འགྲན་བསྡུར་སྤེལ་རིང་གི་འཁོར་རྒྱུག་བཀོད་འདོམས་མ་ལག་འཛུགས་པ། ས་ཁོངས་བརྒལ་བ་དང་ཁྱབ་ཁོངས་བརྒལ་བའི་བཀོད་འདོམས་བཀོད་གཏོང་དང་འཕྲལ་སྡོམ་འགན་ལེན་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། འགྲན་བསྡུར་སྤེལ་རིང་གི་འཁོར་རྒྱུག་བདེ་འཇགས་དང་ནུས་ཆེ་ཡོང་བའི་འགན་ལེན་བྱེད་དགོས། གསུམ་ནས་འགྲན་ཚོགས་ཀྱི་ཞབས་ཞུ་འགན་ལེན་ལ་སྐུལ་འདེད་བཏང་ནས“འགྲན་ཁུལ་གསུམ་དང་། ཚད་གཞི་གཅིག”གི་རྩ་དོན་གཞིར་བཟུང་། ཞག་སྡོད་དང་། བཟའ་བཏུང་། འགྲིམ་འགྲུལ། སྨན་བཅོས། བདེ་སྲུང་སོགས་འགྲན་ཚོགས་ཀྱི་ཞབས་ཞུ་འགན་ལེན་ལས་དོན་ཁག་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་དགོས། བཞི་ནས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་སོགས་རྒྱལ་སྤྱིའི་ལུས་རྩལ་རྩ་འཛུགས་དང་མཐུན་སྦྱོར་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ཏེ། ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་འགན་ལེན་ཡག་པོ་བྱེད་དགོས། ལྔ་ནས་གངས་འཁྱག་ལུས་རྩལ་གྱི་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་བ་དང་། སྲིད་ཇུས་ཀྱིས་ཁྲིད་སྟོན་དང་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། གཞོན་ནུ་ལོ་ཆུང་དེ་བས་མང་བ་གངས་འཁྱག་ལུས་རྩལ་ཁྲོད་ཞུགས་རྒྱུར་སྐུལ་མ་གཏོང་བ་བཅས་བྱས་ནས་མང་ཚོགས་དེ་བས་མང་བ་གངས་འཁྱག་ར་བར་འགྲོ་རྒྱུར་སྐུལ་ཁྲིད་བྱེད་དགོས། དྲུག་ནས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་འགྲིམ་འགྲུལ་དང་། ཁོར་ཡུག ཐོན་ལས། སྤྱི་པའི་ཞབས་ཞུ་སོགས་ཁྱབ་ཁོངས་སུ་གྲུབ་འབྲས་དེ་བས་མང་པོ་ཐོབ་རྒྱུར་འབད་བརྩོན་བྱེད་དགོས། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ར་འགྲན་བསྡུར་རྗེས་ཀྱི་བེད་སྤྱོད་ཐད་ཇུས་འགོད་ཧུར་ཐག་བྱས་ནས་འགྲན་བསྡུར་གལ་ཆེན་སྤེལ་བ་དང་དམངས་ཡོངས་ལུས་སྦྱོང་བྱེད་པ་དང་ཟུང་འབྲེལ་བྱས་ཏེ་ཅིང་ཀྲང་ལུས་རྩལ་རིག་གནས་དང་ཡུལ་སྐོར་ཁུལ་མགྱོགས་མྱུར་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་སྤྱི་འདོམས་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་ནས་གྲ་སྒྲིག་ལས་དོན་ཁྲོད་འཕྲད་པའི་གནད་དོན་གལ་ཆེན་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས། ཁོངས་མིའི་ཚན་པ་ཁག་གིས་འགན་ནུས་ཧུར་ཐག་བསྒྲུབས་ཏེ་སྤུས་ཚད་མཐོ་པོའི་སྒོ་ནས་ལས་དོན་གྱི་ལས་འགན་ཁག་ལེགས་སྒྲུབ་བྱེད་དགོས། ཆེད་དོན་མཐུན་སྦྱོར་ཚོགས་ཆུང་ཁག་གིས་རང་འགུལ་ངང་འགན་འཁྲི་འཁུར་བ་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ས་ཁུལ་བརྒལ་བ་དང་། སྡེ་ཚན་བརྒལ་བ། རིམ་པ་བརྒལ་བ་བཅས་ཀྱི་དཀའ་གནད་གཙོ་བོ་སྤྱི་འདོམས་ཐག་གཅོད་ཡག་པོ་བྱེད་དགོས། པེ་ཅིང་གྲོང་ཁྱེར་དང་ཧོ་པེ་ཞིང་ཆེན་གྱིས་གཙོ་གཉེར་གྲོང་ཁྱེར་གྱི་འགན་འཁྲི་དོན་འཁྱོལ་བྱས་ནས་དུས་བཀག་ལྟར་སྤུས་ཚད་ལྡན་པའི་སྒོ་ནས་ལས་འགན་ཁག་ལེགས་སྒྲུབ་བྱེད་དགོས། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་འགན་འཁྲི་ཡག་པོ་སྒྲུབ་པ་དང་། སྒྲིག་སྲོལ་ལམ་ལུགས་ཁག་ལག་བསྟར་ནན་པོ་བྱེད་པ། སྔོན་རྩིས་དོ་དམ་ནན་པོ་བྱེད་པ། ཨོ་རྩལ་འགྲན་ཚོགས་གཉེར་བའི་མ་གནས་ཚོད་འཛིན་བྱེད་པ། ཧུར་བསྲི་གྲོན་ཆུང་དང་རུལ་སུངས་མི་ཐོན་པ་བཅས་བྱས་ཏེ། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་གངས་འཁྱག་ལྟར་དྭངས་གཙང་ལྷད་མེད་གཅིག་ཏུ་གཉེར་དགོས་ཞེས་གསུངས་པ་རེད།
        ཧན་ཀྲེང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་ཁོང་དུ་ཆུད་པ་དང་། ཡིད་ཆེས་བརྟན་དུ་དང་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། “ཧྲག་བསྡུས་དང་། བདེ་འཇགས། ངོ་མཚར”བཅས་ཀྱི་ཐོག་ནས་འགྲན་བསྡུར་གཉེར་བའི་བླང་བྱ་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ། དུས་བཀག་ལྟར་འགྲན་བསྡུར་གཉེར་ཐུབ་པའི་དམིགས་ཚད་ཕྱོགས་སུ་བརྟན་པོའི་ངང་སྐྱོད་དགོས། ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་གྲ་སྒྲིག་ལས་དོན་ཁག་ལ་དམ་འཛིན་བྱས་ནས་འགྲན་ར་འཛུགས་སྐྲུན་དང་། འགྲན་བསྡུར་སྤེལ་རིང་གི་འཁོར་རྒྱུག འགྲན་བསྡུར་སྤེལ་རིང་གི་ཞབས་ཞུ་འགན་ལེན། དགུན་དུས་ཨོ་རྩལ་འགྲན་ཚོགས་གྲ་སྒྲིག་སོགས་གཙོ་གནད་ལས་འགན་ལ་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བསྲུངས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ཨང་དང་པོ་འཇོག་པ་དང་། ཉེན་ཁའི་འགྲན་སློང་སྣ་ཚོགས་ལ་དམིགས་པ། ལས་ཀའི་ཇུས་གཞི་དང་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ། ཁ་གཏད་གཅོག་ཐབས་ནུས་ལྡན་ངང་སྤྱོད་པ་བཅས་བྱས་ཏེ་གཏན་ནས་མི་འཕྱུགས་པ་བྱེད་དགོས། འགྲན་བསྡུར་སྟབས་བདེ་རུ་གཏོང་བའི་ལས་དོན་ཡག་པོ་བསྒྲུབས་ཏེ། དོན་དངོས་དང་བསྟུན་ནས་དགོས་མཁོ་མེད་པའི་ལྷུ་ཚིགས་དང་། བྱེད་སྒོ མི་སྣའི་གྲངས་འབོར་ཉུང་དུ་གཏོང་བ་དང་འབྲེལ་ཡོད་ཀྱི་བྱ་ཐབས་ཞིབ་ཚགས་དང་འཐུས་སྒོ་ཚང་དུ་གཏོང་དགོས། ཚོད་ལྟའི་བྱེད་སྒོ་ཁག་བབ་བསྟུན་བཀོད་སྒྲིག་ཡག་པོ་བྱས་ཏེ་གྲ་སྒྲིག་ལས་དོན་ལ་ཕྱོགས་ཡོངས་ནས་ཞིབ་དཔྱད་དང་། ལེགས་སུ་དང་། འཐུས་སྒོ་ཚང་དུ་གཏོང་དགོས། མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། རང་འགུལ་ངང་འགན་འཁྲི་དོན་འཁྱོལ་བྱེད་པ། ལས་ཀའི་མཉམ་ཤུགས་ཆགས་པ་བཅས་བྱས་ནས་ཐུན་མོང་ཐོག་གྲ་སྒྲིག་ལས་འགན་ཁག་ཡག་པོ་སྒྲུབ་དགོས་ཞེས་གསུངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1