༄༅།། ཏོག་གསར་ནད་དུག་གི་གཟུགས་དབྱིབས་ངོ་མ་འདི་འདྲ་ཞིག་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 01-25



     2021ལོའི་ཟླ་1ཚེས་21ཉིན། ཆིང་ཧྭ་སློབ་ཆེན་ཚེ་སྲོག་སློབ་གླིང་ལི་སའེ་ཚོད་ལྟ་ཁང་དང་KAUSTསློབ་ཆེན་གྱི་Ivan Violaཚོགས་པ། ཨོ་སི་ཁྲུ་རི་ཡའི་ཞིབ་འཇུག་མི་སྣ་བཅས་ཀྱི་མཉམ་འབྲེལ་ཐོག་ཏོག་གསར་ནད་དུག་གི་བརྙན་པར་གསལ་པོ་ཁྱབ་བསྒྲགས་བྱས་ཡོད།

     ཞིབ་འཇུག་རུ་ཁག་གིས་མ་དཔེ་ལེན་པ་དང་བཤར་འབེབས། ཨང་ཀི་ཅན་དུ་བསྒྱུར་བ་བཅས་བརྒྱུད་དེ་ཏོག་གསར་ནད་དུག་གི་རིལ་རྡོག་ཆ་ཚང་ཞིག་གི་3Dབརྙན་རིས་སུ་བཏབ་ཡོད་པ་དང་། འཁྱག་གཏོང་གློག་རྡུལ་ཕྲ་ཤེལ་ཆད་རིམ་བཤར་འབེབས་ལག་རྩལ་གྱིས་མི་རྣམས་ལ་ཏོག་གསར་ནད་དུག་གི་གཟུགས་དབྱིབས་ངོ་མ་མཐོང་དུ་བཅུག་ཡོད།

     འདི་ནིSARS-CoV-2ནད་དུག་གི་རིལ་རྡུལ་གྱི་3Dརི་མོ་ཡིན་ཏེ། 3Dབརྙན་རིས་འདིའི་ཁྲོད་དུ་ནད་དུག་རིལ་བུ་རྐྱང་བ་ཡང་གསལ་པོར་མཐོང་ཐུབ།

     དེའི་གོང་2020ལོའི་ཟླ་9ཚེས་15ཉིན་རྒྱལ་སྤྱིའི་དབང་གྲགས་རིག་གཞུང་དུས་དེབ་《ཕྲ་ཕུང་》གི་གློག་རྡུལ་པར་མའི་ཐོག་ཆིང་ཧྭ་སློབ་ཆེན་ཚེ་སྲོག་སློབ་གླིང་ལི་སའེ་དཔྱད་གཞི་ཚོགས་ཆུང་དང་ཀྲེ་ཅང་སློབ་ཆེན་གསོ་རིག་སློབ་གླིང་ཞོར་གཏོགས་སྨན་ཁང་དང་པོའི་འགོས་ནད་སྨན་བཅོས་ཚན་ཁག་གི་རྒྱལ་ཁབ་རིམ་པའི་གཙོ་གནད་ཚོད་ལྟ་ཁང་གི་ཡོན་ཧྲི་ལི་ལན་ཅོན་གྱི་ཞིབ་འཇུག་ཚོགས་ཆུང་བཅས་ཀྱིས་མཉམ་ལས་བྱས་པའི་གྲུབ་འབྲས་ཏེ། ཁོང་ཚོས་འཁྱག་གཏོང་གློག་ཤེལ་བཀོལ་ནས་ཆད་རིམ་བརྙན་གྲུབ་ཆ་སྙོམས་བསྐྱར་སྒྲིག་ལག་རྩལ་གྱིས་ཏོག་གསར་ནད་དུག་(SARS-CoV-2)གི་3Dཆགས་ཚུལ་ལ་ཞིབ་འགྲེལ་བྱས་ཡོད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1