བསྟོད་གླུ་ཁྱེད་ལ་འབུལ་།
པདྨ་ཚེ་རིང། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-25
ཐོག་མའི་བསམ་འདུན་མ་བརྗེད་པར། །
འགན་འཁྲི་ཡིད་ལ་བརྟན་པོར་བཟུང་། །
རིམ་འགྱུར་བརྗེ་སྤོར་བྱས་པའི་ཁྲོད། །
མངོན་འགྱུར་གསེར་གྱི་ཉི་མ་ཤར། །
རླབས་ཆེན་དབུ་ཁྲིད་གུང་ཁྲན་ཏང་། །
མི་དམངས་དཔའ་ངར་ཆེར་སྐྱེད་ཀྱིས། །
དཀའ་སྡུག་གྲངས་མེད་དང་དུ་བླངས། །
ངོ་མཚར་སྟོབས་ལྡན་གསར་དུ་སྐྲུན། །
སྔར་མའི་ནག་ནོག་སྤྱི་ཚོགས་ནས། །
ད་ལྟའི་སྟོབས་འབྱོར་རྒྱས་པའི་བར། །
དཔའ་བོ་གྲངས་མེད་ཚེ་སྲོག་ཕུལ། །
བདེ་སྐྱིད་དཔལ་ལ་རོལ་བར་བགྱིས། །
ཏང་ནི་དམར་མདངས་ཉི་མ་སྟེ། །
ང་ཚོ་བཞད་ཉེར་མེ་ཏོག་ཡིན། །
ཏང་གི་ལྷད་མེད་ཉི་འོད་འོག །
ལང་ཚོའི་རི་མོ་འོད་སྟོང་འབར། །
ངལ་བ་རབ་དང་རིམ་པ་བརྒྱུད། །
སྤྱི་མཐུན་རྒྱལ་ཁབ་མཚན་གསོལ་ཐོབ། །
མི་མང་འགྱེལ་བའི་ལུས་ལ་བརྟེན། །
ཉམས་པར་མེད་པའི་དར་ཆ་མངོན། །
གསལ་གསལ་མེ་ལོང་རང་གཟུགས་གསལ། །
འདས་པའི་གཏམ་རྒྱུད་དེང་དོན་རྟོགས། །
ལོ་རྒྱུས་ཕྱིར་མིག་ལྟ་བ་ནི། །
སྔར་ལྷག་མདུན་སྐྱོད་བྱེད་ཆེད་ཡིན། །
བདེ་སྐྱིད་ཉི་གཞོན་དབྱིངས་ནས་ཤར། །
རེ་བའི་གྲུ་གཟིངས་རླབས་ནས་རྒྱུགས། །
དར་ལ་བབས་པའི་གཞོན་ནུ་ཚོ། །
མེས་རྒྱལ་འཛུགས་སྐྲུན་ང་ཚོའི་འགན། །
མེས་རྒྱལ་སྟོབས་འབྱོར་ཟླ་ལྟར་རྒྱས། །
མི་དམངས་འཚོ་བ་བདེ་ཞིང་སྐྱིད། །
གོ་ལ་མཛེས་པའི་རྒྱན་ཆགས་པའི། །
ཀྲུང་གོ་གསར་པ་ཨེ་མ་རྨད། །