བོད་ཀྱི་རིག་དངོས་ཧྲའན་ཞིར་འགྲེམས་སྟོན་བྱ་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-29



    ཟླ་1ཚེས་26ཉིན། ཆིན་གོང་མའི་བང་སོ་རྟེན་རྫས་བཤམས་མཛོད་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། 2021ལོའི་ཟླ་1ཚེས་28ཉིན་ནས་ཟླ་10ཚེས་28ཉིན་བར། ཧྲའན་ཞི་ཞིང་ཆེན་རིག་དངོས་ཅུས་དང་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱིས་གཙོ་གཉེར་བྱས་ཤིང་། ཆིན་གོང་མའི་བང་སོ་རྟེན་རྫས་བཤམས་མཛོད་ཁང་དང་། བོད་ལྗོངས་ནོར་བུ་གླིང་ཁའི་དོ་དམ་ཁྲུའུ། བོད་ལྗོངས་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་བཅས་ཀྱིས་རོགས་གཉེར་བྱེད་པའི“མིག་གི་དགའ་སྟོན། ——བོད་ཀྱི་རིག་དངོས་རྩ་ཆེན་འགྲེམས་སྟོན”དེ་ཆིན་གོང་མའི་བང་སོ་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱ་རྒྱུ་རེད། 


   ཐེངས་འདིའི་འགྲེམས་སྟོན་ལ་ནོར་བུ་གླིང་ཁའི་དོ་དོམ་ཁྲུའུ་དང་པོ་ཏ་ལའི་དོ་དམ་ཁྲུའུ་ཡིས་ཉར་ཚགས་བྱས་པའི་རིག་དངོས་རྩ་ཆེན་100ཙམ་མཉམ་དུ་བསྡུས་པ་དང་། རིག་དངོས་འདི་དག་ཁྲོད་ཀྱི་མང་ཤོས་ནི་རིག་དངོས་འགྲེམས་སྟོན་དུ་འགྲེམས་ཐེངས་དང་པོ་རེད། འགྲེམས་རྫས་དག་བཙན་པོའི་དུས་སྐབས་ནས་ཀྲུང་གོ་གསར་པའི་བར་གྱི་རིག་དངོས་ཡིན་པས། སྒྱུ་རྩལ་གྱི་རིན་ཐང་དང་ལོ་རྒྱུས་ཀྱི་རིན་ཐང་ཆེན་པོ་ལྡན་ཞིང་། ལོ་ངོ་སྟོང་ཕྲག་རིང་གི་བོད་ཀྱི་རིག་གནས་སྒྱུ་རྩལ་གྱི་ཉིང་བཅུད་མཚོན་ཡོད། 


    ལོ་རྒྱུས་ཀྱི་བརྒྱུད་རིམ་རིང་མོའི་ཁྲོད་དུ་མཐོ་སྒང་གི་དམིགས་བསལ་གྱི་རང་བྱུང་ས་ཁམས་ཁོར་ཡུག་གི་ཆ་རྐྱེན་འོག བོད་ཀྱི་མེས་པོ་ཚོས་ས་ཁོངས་དང་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པའི་མཚར་མདངས་རྣམ་པར་བཀྲ་བའི་རིག་གནས་གསར་གཏོད་བྱས་ཡོད། ངོ་མཚར་ཆེ་བའི་རྒྱུན་གནས་རིག་དངོས་རྩ་ཆེན་རེ་རེ་ཡིས། མེས་པོའི་གཏམ་རྒྱུད་བརྗོད་བཞིན་ཡོད་ལ། མིའི་རིགས་ཀྱི་ཕུལ་བྱུང་གི་རིག་གནས་རྒྱུད་འཛིན་བྱས་ཡོད། རྒྱལ་རབ་རིམ་བྱུང་གི་ཀྲུང་དབྱང་སྲིད་གཞུང་ནས་གནང་བའི་དངོས་རྫས་དག་གིས་བོད་ལྗོངས་དང་མེས་རྒྱལ་ནང་སའི་བར་གྱི་འབྲེལ་བ་དམ་ཟབ་ཡིན་པའི་ལོ་རྒྱུས་བདེན་དཔང་བྱས་ཡོད། (http://tibet.people.com.cn/15836440.html)








དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1