སྲིད་གྲོས་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་མཇུག་སྒྲིལ་གྲོས་ཚོགས་ཁ་སང་ཕྱི་དྲོར་ཅིན་ཉུའུ་མགྲོན་ཁང་དུ་སྤེལ།
ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཕིང་ཆིང་ཧྭ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ལས་ཚབ་འགོ་འཛིན་ཧོང་ཆང་བཅས་གདན་ཞུས་ལྟར་གྲོས་ཚོགས་ཐོག་ཞུགས་པར་མ་ཟད། ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས་པ་དང་། ཁི་ཙིང་ཕིང་གིས་མཇུག་སྒྲིལ་གྲོས་ཚོགས་ལ་གཙོ་སྐྱོང་གནང་།
མཇུག་སྒྲིལ་མཛད་སྒོ་དེ་གྲོས་རིམ་ཁག་གཉིས་ལ་དབྱེ་ཡོད་པ་དང་། གྲོས་ཚོགས་ཐོག་《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་ཆོད་དོན་》དང་། 《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པའི་གྲོས་གཞི་ལ་ཞིབ་བཤེར་བྱེད་པའི་ལས་ཀའི་སྐོར་གྱི་སྙན་ཞུ་》ལ་གྲོས་འཆམ་བྱུང་བ་རེད།
དུས་ཡུན་ཉིན་བཞིའི་རིང་ལ། སི་ཁྲོན་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོ། ལས་རིགས་སོ་སོ། མི་རིགས་ཁག་ནས་ཡོང་བའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་འགན་ནུས་སྒྲུབ་པ་དང་ཐབས་འདོན་ཇུས་འབུལ་བྱས་ནས། ཐེངས་འདིའི་གྲོས་ཚོགས་བདེ་བླག་ངང་མཇུག་སྒྲིལ་བར་ནུས་པ་གལ་ཆེན་ཐོན་ཡོད། དུས་རིམ་གསར་པའི་ནང་འགན་འཁྲི་གསར་པ་ཡོད་པ་དང་། འཕེལ་རིམ་གསར་པའི་ཁྲོད་བྱས་རྗེས་གསར་པ་འཇོག་དགོས། ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་རིང་། སི་ཁྲོན་ཞིང་ཆེན་གྱི་སྲིད་གྲོས་ཨུ་ཡོན་ཚོས་བློ་སེམས་གཅིག་མཐུན་དང་གསར་གཏོད་གསར་སྐྲུན་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་ཕྱོགས་ཡོངས་ནས་འཛུགས་སྐྱོང་ཐུབ་པར་ཡིད་ཆེས་བརྟན་པོ་བཅངས་ཡོད་པ་རེད།