ཞི་ཅིན་ཕིང་ཀོས་ཀྲོའུ་རུ་རྟོག་ཞིབ་གནང་བར་ཕེབས་ཏེ་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ལོ་སར་གྱི་བཀྲ་ཤིས་སྨོན་འདུན་ཞུས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཞིན་ཧྭ་དྲ་བ། སྤེལ་དུས། 02-05



        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལོ་སར་གྱི་སྔ་རོལ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀོས་ཀྲོའུ་རུ་བྱ་བར་རྟོག་ཞིབ་གནང་བ་མ་ཟད་གཞི་རིམ་གྱི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་བྱས། ཚེས3ཉིན་གྱི་ཕྱི་དྲོར་ཁོང་པི་ཅེ་གྲོང་ཁྱེར་ཆན་ཞི་རྫོང་དུ་ཕེབས་ནས་ཝུའུ་ཅང་གཙང་བོའི་ལིའུ་ཁྲུང་གཙང་འགྲམ་གྱི་སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་བྱས་པ་དང་། ཞིན་རེན་མའོ་རིགས་ཤང་གི་ཧྭ་ཝུའུ་གྲོང་ཚོའི་ཡུལ་མི་རྣམས་ལ་གཟིགས་སྐོར་བྱས། དེ་ནས་གྲོང་ཚོའི་རིག་གནས་ཐང་ཆེན་དུ་ཞི་ཅིན་ཕིང་གིས་གྲངས་ཉུང་མི་རིགས་ཀྱི་ལོ་སར་ལ་རོལ་བའི་དམངས་སྲོལ་བྱ་འགུལ་ནང་ཞུགས་པའི་མང་ཚོགས་དང་བསམ་བློ་བརྗེ་རེས་བྱས་པ་མ་ཟད་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་གོ་སར་གྱི་བཀྲ་ཤིས་སྨོན་འདུན་ཞུས།











དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1