ཟུང་ཆུ་རྫོང་གིས་ཞིང་པ་ཞོར་ལས་བ་111ལས་གནས་སུ་བསྐྱལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་སྐད་བརྙན་འཕྲིན་ཁང་། སྤེལ་དུས། 03-01



        ཉེ་ཆར། རྔ་བ་ཁུལ་ཟུང་ཆུ་རྫོང་གི་ཞིང་པ་ཞོར་ལས་བ་ལས་གནས་སུ་ཕྱིར་ལོག་པའི་ཆེད་གཏོང་རླངས་འཁོར་གྱིས་ཞོར་ལས་བ་ལས་གནས་སུ་སྐྱེལ་བའི་འགོ་བརྩམས། ཞིང་པ་ཞོར་ལས་བ111རིན་པ་མི་དགོས་པར་བོད་ལྗོངས་དང་ཀྲེ་ཅང་གི་ལས་གནས་སུ་བསྐྱལ་ཡོད་པ་རེད།
        ཟུང་ཆུ་རྫོང་འགྲུལ་སྐྱེལ་ས་ཚིགས་ཀྱི་དཔོན་པོ་སུན་རུན་ཕེང་གིས་གསར་འགོད་པར“དེ་རིང་ཟུང་ཆུ་རྫོང་རླངས་འཁོར་བབས་ཚུགས་ཀྱིས་ཆེད་མངགས་རླངས་འཁོར་3ཀྲེ་ཅང་དུ་བཏང་ཡོད། བོད་ལྗོངས་སུ་སྐྱོད་མཁན་གྱི་ཞིང་པ་ཞོར་ལས་བ་ཚང་མ་རྫོང་སྲིད་གཞུང་གིས་རིན་མེད་ངང་བསུ་སྐྱེལ་བྱེད་རྒྱུ་ཡིན”ཟེར།
        དཔྱིད་གསར་དུས་ཆེན་གྱི་སྔ་རྗེས་

        ཤེས་རྟོགས་བྱུང་བར་གཞིགས་ན། ཟུང་ཆུ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་དང་། རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས། རྫོང་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་སོགས་ཚན་པས་མཉམ་སྡེབ་བྱས་ཏེ་གཅིག་སྡུད་ཀྱིས་ཐོ་འགོད་དང་གཅིག་སྡུད་ལས་སྒྲུབ་སོགས་བྱེད་ཐབས་སྤྱད་དེ་ཕྱིར་སྐྱོད་འགྲོ་ལུགས་སྟབས་བདེ་རུ་བཏང་བ་དང་ཕྱིར་སྐྱོད་བཀོད་སྒྲིག་དང་། སྐྱེལ་འདྲེན་ནུས་པ་བཀོད་གཏོང་། བདེ་འཇགས་འགན་ལེན། འགྲོ་ལམ་ཤར་བགྲོད་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1