བོད་ཀྱི་ཐམ་གའི་སྒྱུ་རྩལ་ལ་ལོ་རྒྱུས་ཡུན་རིང་ལྡན་ལ་ནང་དོན་ཕུན་སུམ་ཚོགས་པོ་ཡོད་ཅིང་། དེ་ནི་ཀྲུང་གོའི་ཐམ་གའི་ལོ་རྒྱུས་ཐོག་གི་ཡིད་དབང་ཤིན་ཏུ་འཕྲོག་པའི་འཕགས་ནོར་ཞིག་རེད། རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་གནའ་བོའི་ཐམ་གའི་ནང་དོན་ཕུན་སུམ་ཚོགས་ལ་སྤྱོད་རྒྱ་ཆེ་ཞིང་། དེའང་གཙོ་བོ་ཆབ་སྲིད་དང་། ཆོས་ལུགས། དཔལ་འབྱོར། རིག་གནས་སོགས་ཕྱོགས་མང་པོའི་ཐད་ལ་སྤྱོད་ཀྱི་ཡོད། མིག་སྔར། མིང་རྒྱལ་རབས་ཀྱི“ཀུན་མཁྱེན་ཡང་དག་པ་རིག་པ་ཐེག་ཆེན་ཆོས་རྗེའི་ཐམ་ག”སོགས་རྩ་ཆེའི་གཅེས་ནོར་དེ་དག་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དང་ཕོ་བྲང་པོ་ཏ་ལའི་དབྱིག་མཛོད་ཁང་སོགས་སུ་ཉར་ཚགས་བྱས་ཡོད།