འབྱུང་འཕྲོད་འཕེལ་རྒྱས་ནི་གསེར་རི་དངུལ་རི་ཡིན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-02






འབྱུང་འཕྲོད་འཕེལ་རྒྱས་ནི་གསེར་རི་དངུལ་རི་ཡིན།

        པར་གོང་མ་ནི་ལོ་རབས་བརྒྱད་ཅུ་པའི་སྐབས་བླངས་པའི་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཨན་ཆིས་རྫོང་ཐེན་ཕིང་གྲོང་རྡལ་རེད། པར་འོག་མ་ནི2018ལོའི་སྤྱི་ཟླ4པའི་ཚེས24ཉིན་ཡུལ་སྐོར་བ་ཚོས་གྲོང་སྡེ་གསར་པའི་ནང་འདྲ་པར་ལེན་བཞིན་པའི་ཚུལ་རེད། 

        2005ལོའི་སྤྱི་ཟླ8པའི་ཚེས15ཉིན། ཀྲེ་ཅང་ཞིང་ཆེན་ཡུའེ་གྲོང་སྡེའི་ནང་སྐབས་དེར་ཀྲེ་ཅན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་འགན་བཞེས་བཞིན་པའི་བློ་མཐུན་ཞི་ཅིན་ཕིང་གིས་སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་ཞེས་བཏོན་གནང་བ་རེད། ལོ15ཡི་རིང་ལ“རི་གཉིས”འདུ་ཤེས་ཀྱིས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འབྱུང་འཕྲོད་འཕེལ་འགྱུར་གཏོང་བར་ཁྲིད་སྟོན་བྱས་ནས་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ངོས་འཛིན་དང་བྱ་སྤྱོད་ལ་གྱུར་པ་རེད། རྒྱུན་ཆད་མེད་པར་འབྱུང་འཕྲོད་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་བྱེད་སྟངས་མདུན་ཕྱོགས་སུ་སྐུལ་འདེད་བཏང་ནས་མཛེས་པའི་ཀྲུང་གོ་དང་བདེ་སྐྱིད་ཁྱིམ་གཞིས་ཀྱི་རྣམ་པ་འཛུགས་སྐྱོང་བྱས་དང་བྱེད་བཞིན་ཡོད་པ་རེད།



འབྱུང་འཕྲོད་འཕེལ་རྒྱས་ནི་གསེར་རི་དངུལ་རི་ཡིན།

    ཉེ་བའི་ལོ་ཤས་རིང་སི་ཁྲོན་ཞིང་ཆེན་གྱི་ས་གནས་སོ་སོས་སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཀྱི་ཁྲིད་སྟོན་འོག ནུས་ཤུགས་ཡོད་རྒུས་ཁྱད་ཆོས་ཐོན་ཁུངས་སྔོག་འདོན་བྱས་པ་དང་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་ལེགས་བཅོས། གྲོང་སྡེའི་རྣམ་པ་མཛེས་བཟོ་བྱས་པ། འཚོ་གནས་ཁོར་ཡུག་ལེགས་བཅོས་བྱས་ནས་རྒྱུན་ཆད་མེད་པར་ཡུལ་གྲོང་གི་སློབ་གསོ་དང་སྨན་བཅོས། རིག་གནས་དང་སྲིད་དོན་ཞབས་ཕྱིའི་ཆུ་ཚད་མཐོར་འདེགས་བཏང་བ་རེད།པར་འདི་ནི2020ལོའི་སྤྱི་ཟླ6པའི་ཚེས24ཉིན་བླངས་པའི་སི་ཁྲོན་ཞིང་ཆེན་ལིའང་ཧྲན་ཁུལ་པུའུ་ཐའོ་རྫོང་ལ་ཀོ་ཡུལ་ཤོག་ཝེ་མོ་གྲོང་སྡེའི་རྣམ་པ་རེད།

འབྱུང་འཕྲོད་འཕེལ་རྒྱས་ནི་གསེར་རི་དངུལ་རི་ཡིན།

    ཧྥུ་ཅན་ཞིང་ཆེན་ཝུའུ་དབྱི་ཧྲན་གྲོང་ཁྱེར་གྱིས་སྲུང་སྐྱོང་ནན་པོ་དང་བསྟུད་མར་བེད་སྤྱོད་ཐུབ་པའི་རྩ་དོན་ལྟར། སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་སྐྱེ་ཁམས་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་ཚན་རིག་དང་མཐུན་པའི་འཆར་འགོད་དང་གསར་སྤེལ་འོས་འཚམ། གཅིག་གྱུར་གྱིས་དོ་དམ་བྱས་ཏེ་འབྱུང་འཕྲོད་འཕེལ་རྒྱས་ཀྱི་ཐབས་ལམ་དུ་བསྐྱོད་པ་རེད། པར་འདི་ནི་2019ལོའི་སྤྱི་ཟླ11པའི་ཚེས17ཉིན་བླངས་པའི་ཝུའུ་དབྱི་ཧྲན་ཆིས་ཡུན་རི་བོའི་ཞོགས་པའི་ཡུལ་ལྗོངས་རེད།






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1