མཚོ་སྔོན་གྱི་འཐུས་མིས་སྲོག་ཆགས་སྙིང་རྗེ་བོ་འདི་གཉིས་བསྟན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-15



 
《ཨ་མའི་བརྩེ་བ》མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་མཁོ་འདོན་བྱས།


   ཟླ་3ཚེས་7ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེང་བཞི་པའི་མཚོ་སྔོན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་རེད། རྒྱལ་ཡོངས་མི་དམངས་འཐུས་མི། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མོན་ཡོན་ཧུའུ་རིགས་རང་སྐྱོང་རྫོང་སློབ་གསོ་ཅུས་སློབ་གསོ་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ཁུང་ཆིན་ཅུའུ་ཡིས་གཏམ་བཤད་སྤེལ་དུས། འདྲ་པར་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ལ་སྙིང་རྗེ་བའི་སྲོག་ཆགས་གསའ་དང་བྱི་རྒོད་གཉིས་སྟོན་པ་དང་། དེ་མ་ཉིད་དུ་དྲ་བའི་སྐད་གྲགས་ལྡན་པར་གྱུར།
   ཉེ་བའི་ལོ་འགའི་རིང་། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁུལ་སྣོད་བཅུད་སྲུང་སྐྱོང་བྱེད་ཚད་ཇེ་ཆེར་བཏང་བས། རྩ་ཆེའི་སྲོག་ཆགས་སྔར་བས་མང་པོ་མི་རྣམས་ཀྱི་མཐོང་ལམ་དུ་བྱུང་ཡོད། གསའ་དང་བྱི་རྒོད་ཕུད། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་དུ་ད་དུང་གཙོད་དང་ཤྭ་བ། འབྲོང་། རྐྱང་། ཁྲུང་ཁྲུང་སྐེ་ནག་སོགས་རྩ་ཆེའི་སྲུང་སྐྱོང་སྲོག་ཆགས་གནས་འདིར་འཚོ་གནས་བྱས་ཤིང་གསོན་ཉམས་ལྡན་པའི་ཡུལ་ལྗོངས་ཤིག་ཏུ་གྱུར་ཡོད།
   མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ནི་ཀྲུང་གོའི་ཁག་དང་པོའི་རྒྱལ་ཁབ་སྤྱི་གླིང་ཚོད་ལྟ་ཁུལ་10བཙུགས་པའི་ནང་གི་གཅིག་རེད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་ཁྲི་5.02ཡོད་ཅིང་། ཀན་སུའུ་ཕྱོགས་སུ་སྤྱི་ལེ་གྲུ་བཞི་ཁྲི་3.44ཡོད་པ་དང་མཚོ་སྔོན་ཕྱོགས་སུ་སྤྱི་ལེ་གྲུ་བཞི་ཁྲི་1.58ཡོད། ནགས་ཚལ་དང་རྩྭ་ཐང་། ཐང་རྒོད། འདམ་ས་བཅས་སྙོམས་པོ་ཡོད་ཅིང་། རང་རྒྱལ་ནུབ་རྒྱུད་ཀྱི་སྣོད་བཅུད་བདེ་འཇགས་ཀྱི་ཡོལ་བ་གལ་ཆེན་དེ་རེད།
   2019ལོར་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཕྱོགས་ཀྱི་ལྟ་ཞིབ་མི་སྣས་གོ་ལ་ཡོངས་སུ་ཧ་ཅང་དཀོན་པའི་རྩ་ཆེའི་སྲོག་ཆགས་གསའ་5འཚོ་གནས་བྱེད་ཀྱིན་ཡོད་པ་མཐོང་། 2020ལོར་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ཀྱིས་པེ་ཅིང་སློབ་ཆེན་དང་མཉམ་འབྲེལ་བྱས་ནས་བྱི་རྒོད་ཀྱི་ཆེད་དོན་རྟོག་ཞིབ་བྱེད་དུས། ཕྱི་ཡུལ་ནས་བླངས་པའི་པར་ཆས་ནང་བྱི་རྒོད་ཀྱིས་བྱི་ཕྲུག་གསོ་སྐྱོང་བྱེད་བཞིན་ཡོད་ཅིང་བྱི་རྒོད་མོ་ཞིག་གིས་འཇམ་ཐིང་ངེར་ཉེ་འགྲམ་ནས་སྲུང་སྐྱོང་བྱེད་པ་དང་། ཕྲུ་གུ་4ཡིས་རྩེད་མོ་རྩེ་བཞིན་འདུག ཡུན་རིང་མ་འགོར་བའི་སྔོན་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གིས་བརྡ་ཁྱབ་བཏང་ནས། (མཚོ་སྔོན་)ཕྱོགས་ཀྱི་ཐེམ་ཆེན་སུ་རུ་ཞང་ཕྱོགས་སུ་པར་ཆས་སྒྲིག་འཛུགས་བྱས་པ་ལས་གསའ་ཁ་གྲངས་10ཡོད་པའི་ཁྱུ་ཚོགས་ཤིག་བརྙན་པར་བླངས་ཡོད།

《ཝ་མ་བུ་གཉིས》མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་མཁོ་འདོན་བྱས།

གསའ་ཡི་པར་རིས། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་མཁོ་འདོན་བྱས།



《བྱི་རྒོད》མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་མཁོ་འདོན་བྱས།


འཕར་སྤྱང་ཁྱུ་ཚོགས། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་མཁོ་འདོན་བྱས།

《འགྲན་རྩོད》མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་མཁོ་འདོན་བྱས།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1