དམངས་འཚོར་དམིགས་ནས་དབུལ་ཐར་ལས་ལ་འབད།། འགག་སྒྲོལ་ཐབས་མཆོག་སྤྱད་དེ་འབྲས་བཟང་སྨིན།།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-19



རྒྱལ་ཡོངས་དབུལ་ཐར་འགག་སྒྲོལ་གྱི་སྔོན་ཐོན་མི་སྣའི་མཚན་སྙན་ཐོབ་མཁན་དཔལ་ཡུལ་རྫོང་གི་འཆི་མེད་རིག་འཛིན་གྱི་སྐོར་བཀོད་པ། 

དམངས་འཚོར་དམིགས་ནས་དབུལ་ཐར་ལས་ལ་འབད།། འགག་སྒྲོལ་ཐབས་མཆོག་སྤྱད་དེ་འབྲས་བཟང་སྨིན།།

     སྤྱི་ཟླ2པའི་ཚེས25ཉིན་རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་ཕྱོགས་བསྡོམས་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཚོགས་ཆེན་ཐོག་རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་སྔོན་ཐོན་མི་སྒེར1981དང་དེ་བཞིན་རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་སྔོན་ཐོན་ཐུན་མོང་ལས་ཁུངས1501ལ་གཟེངས་བསྟོད་ཐོབ་པ་རེད། དཀར་མཛེས་ཁུལ་དཔལ་ཡུལ་རྫོང་འཛིང་ཁོག་ཡུལ་ཤོག་བ་ཡག་གྲོང་ཚོའི་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱི་འགན་འཁུར་བ་འཆི་མེད་རིག་འཛིན་ནི་ཐེངས་འདིའི་སྔོན་མི་སྒེར་གྱི་གཟེངས་བསྟོད་ཐོབ་ཡུལ་གྲས་ཀྱི་མི་སྣ་གཅིག་ཡིན་པ་རེད།

ཏང་གི་རྩ་འཛུགས་ལ་གཞོལ་ནས་ཏང་ལ་དགའ་མཁན་གསོ་སྐྱོང་བྱས།

     འཆི་མེད་རིག་འཛིན་གྱིས་ཐོག་མཐའ་བར་གསུམ་དུ་རྩ་འཛུགས་འཛུགས་སྐྱོང་ལ་གཞོལ་ཞིང་། ན་གཞོན་ཏང་ཡོན་གསོ་སྐྱོང་ཧུར་ཐག་བྱས་ནས་གྲོང་ཚོ་ཡོངས་ཀྱི་ཏང་རྩ་འཛུགས་ལ་གསོན་ཤུགས་གསར་པ་བསྣན་ནས་ཏང་གི་རྩ་འཛུགས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད་པ་དང་། ཏང་གི་སློབ་ཚན་དང་ཏང་ཡོན་ཚོགས་ཆེན་སོགས་ལ་བརྟེན་ནས་ཏང་ཡོན་ལ་སློབ་གསོ་དང་གསོ་སྦྱོང་ཐེངས15ལྷག་ཙམ་བྱས་ཏེ་ཏང་ཡོན་གྱི་ཏང་གཤིས་སློབ་སྦྱོང་དང་དྲིན་ཚོར་འདུ་ཤེས་ཟབ་ཏུ་ཟམ་མི་ཆད་པར་བཏང་བས་ཁྱིམ་ཚང་ཚང་མས་མ་བསྐུལ་དང་ལེན་ངང་རླབས་ཆེན་མི་སྣའི་འདྲ་པར་བཀལ་ཞིང་རྒྱལ་དར་བསྒྲེངས་ཡོད་པ་དང་ཆབས་ཅིག་ན་གཞོན་དེ་བས་མང་པོ་ཞིག་གིས་ཏང་རྩ་འཛུགས་དང་ཉེ་བཅར་ཐུབ་པ་སོགས་ཀྱི་གྲུབ་འབྲས་བཟང་པོ་ཐོབ་པ་རེད།

དམངས་འཚོར་དམིགས་ནས་དབུལ་ཐར་ལས་ལ་འབད།། འགག་སྒྲོལ་ཐབས་མཆོག་སྤྱད་དེ་འབྲས་བཟང་སྨིན།།

ཁྱད་ལྡན་ཐོན་ལས་ལ་བརྩོན་ནས་དམངས་ཀྱི་ཡོངས་འབབ་འཕར་སྣོན་བཏང་།

     འཆི་མེད་རིག་འཛིན་གྱིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏང་རྒྱུ་དང་ལས་ཞུགས་རྒྱ་ཆེར་གཏང་རྒྱུ་ལ་སྐུལ་འདེད་གཏོང་བ་དང་ཡུལ་མི་སྒྲིག་འཛུགས་བྱས་ནས་ཞིང་ལས་ལག་རྩལ་གསོ་སྦྱོང་སོགས་ཐེངས6ལ་སྤེལ་བ་དང་། ཡུལ་མིས་སྲོལ་རྒྱུན་གྱི་འདེབས་འཛུགས་འདུ་ཤེས་བསྒྱུར་བར་ཁྲིད་སྟོན་བྱས་པས། ཡུལ་མིའི་ཚན་རིག་དང་མཐུན་པའི་རྨོ་འདེབས་འདུ་ཤེས་ཆེ་རུ་དང་འདེབས་འཛུགས་ལག་རྩལ་གོང་མཐོར་ཕྱིན་ཡོད། ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏང་རྒྱུ་ལ་སྐུལ་འདེད་བཏང་ནས2017ལོར་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ཤིང་། འབྲི་གཡག་གསོ་ཚགས་དང་། སྒོག་པ། ཞོག་ཁོག། པད་ཁ་སོགས་དྲོད་ཁང་ཆེན་མོ་ནས་འདེབས་འཛུགས་བྱས་ཤིང་། མིག་སྔའི་བར་ཐུན་མོང་དཔལ་འབྱོར་ཡོང་འབབ་ལོ་རེར་སྒོར་ཁྲི10ལྷག་ཙམ་ལ་ཟིན་ཞིང་། དེ་དང་ཆབས་ཅིག་ཡུལ་མིས་སྲོལ་རྒྱུན་གྱི་འདེབས་འཛུགས་དང་གསོ་ཚགས་ཀྱི་འདུ་ཤེས་ལ་བསྒྱུར་ཐུབ་པར་ཁྲིད་སྟོན་བྱས་ཡོད་པ་རེད།

དམངས་འཚོར་དམིགས་ནས་དབུལ་ཐར་ལས་ལ་འབད།། འགག་སྒྲོལ་ཐབས་མཆོག་སྤྱད་དེ་འབྲས་བཟང་སྨིན།།

རྨང་གཞིའི་སྒྲིག་བཀོད་ལ་འབད་ནས་གྲོང་པར་ཕན་འབྲས་རྒྱ་ཆེར་བསྩལ།

     རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་གཏང་རྒྱུ་དེ་ནི་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་བརྩོན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་གཞི་མཐུན་སྦྱོར་དང་ལྟ་སྐུལ་དོ་དམ་ལ་ཤུགས་བརྒྱབ་སྟེ་དབུལ་ཐར་འགག་སྒྲོལ་གྱི་རྨང་གཞི་བརྟན་དུ་བཏང་ཞིང་མ་བསྐུལ་དང་ལེན་གྱིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་སྣེ་ཁྲིད་འོག་རྫོང་རིམ་པའི་འབྲེལ་ཡོད་ཤུགས་ཆེའི་སྡེ་ཚན་གྱི་ལས་དོན་མི་སྣ་དང་སྦྲེལ་མཐུད་བྱས་པར་མ་ཟད། དུས་ཐོག་ཏུ་གྲོང་ཚོ་ཨུ་ལྷན་གཉིས་དང་དེ་བཞིན་ཏང་ཡོན་སྒྲིག་འཛུགས་བྱས་ནས་ལས་གཞི་འཛུགས་སྐྲུན་བརྒྱུད་རིམ་ཁྲོད་ཐོན་པའི་རྩོད་གཞིའི་གནད་དོན་ལ་འདུམ་འགྲིག་བྱས་ཏེ་སྡོད་ཁང་དང་། འཐུང་ཆུ། ཉི་ནུས་ལམ་སྒྲོན། འཁྱེར་འཕྲིན་དྲ་བ་རིམ་སྤོར་དང་། གཞུང་ལམ། ལུས་ཁྲུས་ཁང་། དུད་སྦྲེལ་ལམ་སོགས་ལས་གཞི་འཛུགས་སྐྲུན་བདེ་བླག་ངང་སྐུལ་འདེད་བཏང་བ་རེད། ཁོང་དང་གྲོང་ཚོ་ཨུ་ལྷན་གཉིས་ཀྱི་ཚན་ཁག་གི་ཁོངས་མིས་གཅིག་གྱུར་མགོ་ཁྲིད་དང་། ལས་གཞི་ལས་འཛིན་ལྷན་ཚོགས་ཀྱིས་ཞིབ་ཕྲའི་འགན་འཁུར། མང་ཚོགས་ཀྱིས་ངལ་ལས་ལ་ཞུགས་པའི་བྱེད་ཐབས་སྤྱད་དེ་ལས་གཞི་འཛུགས་སྐྲུན་གྱི་འཆར་འགོད་དོ་དམ་ལ་ཤུགས་སྣོན་བྱས་ནས་གྲོང་ཚོ་རིམ་པའི་རྨང་གཞིའི་སྒྲིག་བཀོད་དོ་དམ་སྲུང་སྐྱོང་ལམ་སྲོལ་བཟོས་པ་དང་འཐུས་ཚང་དུ་བཏང་སྟེ་གྲོང་སྲོལ་དམངས་ཆིངས་ནང་བཅུག་ནས་ལས་གཞིའི་ཕན་འབྲས་ཆེ་ཤོས་ཐོན་པ་དང་རྒྱ་ཆེ་བའི་མང་ཚོགས་ལ་ཕན་པ་ཐོབ་པའི་འགན་ལེན་བྱས་པ་རེད།

དམངས་འཚོར་དམིགས་ནས་དབུལ་ཐར་ལས་ལ་འབད།། འགག་སྒྲོལ་ཐབས་མཆོག་སྤྱད་དེ་འབྲས་བཟང་སྨིན།།

དམངས་འཚོར་དམིགས་ནས་དབུལ་ཐར་ལས་ལ་འབད།། འགག་སྒྲོལ་ཐབས་མཆོག་སྤྱད་དེ་འབྲས་བཟང་སྨིན།།

གཞན་ཕན་ལས་སྒྲུབ་ཀྱི་ངང་ནས་གྲོང་གསེབ་འཕེལ་རྒྱས་གཙིགས་སུ་འཛིན།

     འཆི་མེད་རིག་འཛིན་གྱིས་ཤིང་ཆས་ཁང་བ་བསྐྲུན་དཀའ་བའི་དུད་ཚང7ལ་རོགས་སྐྱོར་བྱས། གྲོང་ཚོ་ཨུ་ལྷན་གཉིས་སྒྲིག་འཛུགས་བྱས་ནས་ཉེན་མེད་འཐུང་ཆུའི་མདོང་ལམ་ཉམས་གསོ་བྱས་ཏེ་གྲོང་ཚོ་ཡོངས་ཀྱི་དུད་ཚང60ཡི་མི328ཀྱི་དགུན་དུས་འཐུང་ཆུའི་དཀའ་ངལ་བསལ་ཡོད་པ་རེད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་སྣེ་ཁྲིད་འོག་ཁོང་གིས་ཡུལ་མི་སྒྲིག་འཛུགས་བྱས་ཏེ་གྲོང་ཚོ་ཡོངས་ཀྱི་ཚོགས་ཆུང4སྒྲིག་འཛུགས་བྱས་ནས་ཁྱོན་སྤྱི་ལེ2.4ཡི་དུད་སྦྲེལ་ལམ་བསྐྲུན་ནས་གྲོང་ཚོ་ཡོངས་ཀྱི་མི328ཀྱི་འགྲོ་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་བྱས་པར་མ་ཟད། ད་དུང་ཆུ་འཕུད་སའི་ཆུ་རྐ་སྤྱི་ལེ1.5གསར་བསྐྲུན་བྱས་པ་དང་། ཡུལ་མི་སྒྲིག་འཛུགས་བྱས་ནས་ཡུལ་ཤོག་ཡོངས་ལ་རིག་གནས་ཐང་ཆེན་ཞིག་འཛུགས་སྐྲུན་བྱས་ཡོད་པ་རེད།

འཆི་མེད་རིག་འཛིན་གྱིས་ཕྱིན་ཆད་ད་དུང་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་རྒྱུ་དང་། གཞི་རིམ་གྱི་སྤྱི་ཚོགས་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་ནས་མགོ་བརྩམས་ཏེ། ཏང་ཀྲི་པུའུ་སྲོག་ཤིང་དུ་གྱུར་པའི་གྲོང་ཚོ་རིམ་པའི་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་འབད་བརྩོན་བྱས་ནས། དམངས་གཙོས་འདེམས་བསྐོ་དང་། དམངས་གཙོས་ཐག་གཅོད་པ། དམངས་གཙོས་དོ་དམ་བྱེད་པ། དམངས་གཙོས་ལྟ་སྐུལ་བྱེད་པ་བཅས་ཁོང་དུ་ཆུད་པར་བྱས་ནས་བསྲུང་བྱའི་སྒྲིག་ལམ་ཡོད་པ་དང་། བརྩི་སྲུང་བྱེད་སའི་ཁྲིམས་ཡོད་པར་བྱས་ཏེ་ཏང་ཡོན་ལ་སློབ་གསོ་དང་དོ་དམ་བྱ་རྒྱུ་དངོས་སུ་དམ་འཛིན་ལེགས་པར་བྱས་ཐོག་གྲོང་སྡེ་རིམ་པའི་ལམ་ལུགས་ཚད་ལྡན་ཅན་དུ་འགྱུར་བར་བྱེད་པ་དང་། གྲོང་གསེབ་ཀྱི་དམངས་གཙོའི་ཆབ་སྲིད་དང་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུར་སྐུལ་སྤེལ་བཏང་སྟེ་གྲོང་གསེབ་ཀྱི་ལས་བྱེད་པས་མང་ཚོགས་སྣེ་ཁྲིད་དེ་འཕེལ་རྒྱས་དང་ཕྱུག་པོར་འགྱུར་རྒྱུའི་འཇོན་ནུས་དང་ཆུ་ཚད་མཐོ་རུ་གཏང་དགོས་ཞེས་བཤད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1